དབུ་ཤོག>ཆེད་སྒྲིག
  • འཕྱོངས་རྒྱས་རྫོང་དང་ཤང་དབྱང་གྲོང་ཁྱེར་གྱི་ཏང་འཛུཌ་སྐྱོང་གི་ཆ་སྒྲིག་མཉམ་སྐྲུན་ཁྱོན་ཡོངས་ལ་ཁྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-10-09

    ཉེ་ཆར། ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་འཕྱོངས་རྒྱས་རྫོང་ཨུད་རྩ་འཛུགས་པུའུ་དང་མཉམ་དུ་འཕྱོངས་རྒྱས་རྫོང་གི་གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་འགན་འཁུར་བ་སྒྲིག་འཛུགས་བྱས་ཏེ། ཤང་དབྱང་གྲོང་ཁྱེར་དུ་དུས་ཡུན་ཉིན་གསུམ་གྱི“ཆ་སྒྲིག་ཏང་སྐྱོང་དང་མང་ཚོགས་གཉེན་འཚོལ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་བསྐྲུན་པའི”སྤེལ་རེས་བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་2020ལོའི་ཁག་དང་པོའི་འཕྱོངས་རྒྱས་རྫོང་གི་གྲོང་ཚོ(སྡེ་ཁུལ)4དང་ཤང་དབྱང་གྲོང་ཁྱེར་གྱི་སྔོན་ཐོན་གྲོང་ཚོ(སྡེ་ཁུལ)4ཡི་ཆ་སྒྲིག་ཏང་སྐྱོང་དང་མཉམ་སྐྲུན་སྐུལ་འདེད་ཀྱི་རྨང་གཞིའི་ཐོག འཕྱོངས་རྒྱས་རྫོང་གི་སྲིད་འཛིན་གྲོང་ཚོ་20ཚང་མ་དང་ཤང་དབྱང་གྲོང་ཁྱེར་གྱི་སྔོན་ཐོན་གྲོང་ཚོ(སྡེ་ཁུལ)20ཚང་མར་ཆ་སྒྲིག་ཏང་སྐྱོང་བྱས་པ་རེད།

    ད་ཐེངས་ཀྱི་ཆ་སྒྲིག་མཉམ་སྐྲུན་བྱེད་སྒོའི་ཁྲོད། ཤང་དབྱང་གྲོང་ཁྱེར་གྱིས་འཕྱོངས་རྒྱས་རྫོང་གི་དོན་དངོས་གནས་ཚུལ་ལ་མཐུན་པ་དང་། སློབ་སྦྱོང་དང་དཔྱད་གཞིར་འཛིན་བདེ་བ། ཁྱད་ཆོས་མངོན་གསལ་དོད་པ། ལེགས་ཆ་ལྡན་པ་བཅས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)5ཡི་སྔོན་ཐོན་གྲོང་ཚོ(སྡེ་ཁུལ)16ལྟ་སྐོར་དང་རྟོག་ཞིབ་བྱ་ཡུལ་དུ་བདམས་པ་མ་ཟད། རྟོག་ཞིབ་བྱེད་རིང་། ས་གནས་ས་ཐོག་ཏུ《ཤང་དབྱང་དང་འཕྱོངས་རྒྱས་ཀྱི་སྔོན་ཐོན་གྲོང་ཚོའི(སྡེ་ཁུལ)མཛའ་གྲོགས་ཆ་སྒྲིག་དྲན་ཐོར》མིང་རྟགས་བཀོད་པ་དེས་ཤང་དབྱང་གྲོང་ཁྱེར་དང་འཕྱོངས་རྒྱས་རྫོང་དབར་འབྲེལ་གཏུག་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཤང་ཆུང་ས་གནས་གཉིས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ་ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་མ་དཔེ་ཞིག་གཏོད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།