དབུ་ཤོག>ཆེད་སྒྲིག
  • ཉིང་ཁྲིའི་སློབ་ཆུང་དང་པོར་གསར་བརྗེའི་དམིགས་བསལ་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-09

    ཉེ་ཆར། ཀོང་ཀྲོའུ་རྟེན་རྫས་བཤམས་མཛོད་ཁང་གི“ཧོང་ཕུའུ་རླབས་རྒྱུན་ནས་ཀྲུའུ་ཅང་རླབས་རྒྱུན་བར”ཞེས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་དམིགས་བསལ་འགྲེམས་སྟོན་ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་དང་པོར་བྱས་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། བྱེད་སྒོ་སྤེལ་རིང་། ཧྭ་ནན་དགེ་འོས་སློབ་ཆེན་གྱི་དང་བླངས་པས་སློབ་མ་ཚོ་ཀོང་ཀྲོའུ་རྟེན་རྫས་བཤམས་མཛོད་ཁང་གི་དྲ་ཐོག་ཚད་བཞིའི་འགྲེམས་སྟོན་ཁང་དུ“ཧོང་ཕུའུ་རླབས་རྒྱུན་ནས་ཀྲུའུ་ཅང་རླབས་རྒྱུན་བར”ཞེས་པའི་གསར་བརྗེའི་དམིགས་བསལ་འགྲེམས་སྟོན་ལྟ་རྒྱུར་མཛུབ་ཁྲིད་བྱས་པ་དང་འབྲེལ་ཁོང་ཚོར་མར་ཁེ་སི་རིང་ལུགས་ཧྲང་ཧའེ་རུ་ཁྱབ་སྤེལ་བཏང་ཚུལ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དང་འཕེལ་རྒྱས་ཕྱིན་ཚུལ། ཀོང་ཀྲོའུ་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་པ་སོགས་ཀྱི་ལོ་རྒྱུས་ངོ་སྤྲོད་བྱས་ཤིང་། སློབ་མ་ཚོས་ཧོང་ཕུའུ་གཙང་འགྲམ་གྱི་གསར་བརྗེའི་རླབས་རྒྱུན་དང་ཀྲུའུ་ཅང་གཙང་འགྲམ་གྱི་སྒྱུར་བཅོས་རླབས་རྒྱུན་ལ་སློབ་སྦྱོང་བྱས་ཏེ་ཏང་གི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་དང་རླབས་ཆེའི་གྲུབ་འབྲས་ཚོར་བར་ཁྲིད་སྟོན་བྱས་པ་རེད།

    སློབ་མ་ཚོས་བྱང་ཆུབ་པོས་ཙི་རྟགས་ཀྱིས་དྲ་ངོས་བརྗེ་རེས་དང་ཆེ་ཆུང་བཟོས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་པར་རིས་དང་ཡིག་རིགས་ངོ་སྤྲོད་ལ་བལྟས་པ་མ་ཟད། མཚམས་རེར་ཉེ་འགྲམ་དུ་ཡོད་པའི་སློབ་གྲོགས་དང་བསམ་ཚུལ་སྤེལ་རེས་བྱས་ཏེ། ཟིལ་རླབས་དགུང་འཕྱུར་གྱི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་ཉམས་ལེན་དང་འབྲེལ་H5རོལ་རྩེད་ཆུང་གྲས“ཀོང་ཀྲོའུ་རྟེན་རྫས་བཤམས་མཛོད་ཁང་གི་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན”ཞེས་པའི་ཚོད་རྒྱུགས་བཏང་ནས་སྤྲོ་སྣང་ལྡན་པའི་རོལ་རྩེད་ཁྲོད་ཏང་གི་ལོ་རྒྱུས་ཕྱིར་དྲན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།