དབུ་ཤོག>ཆེད་སྒྲིག
  • གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུས་ཏང་གི་ལོ་རྒྱུས་ཤེས་བྱའི་འགྲན་བསྡུར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-08

    ཉིན་ཤས་གོང་། གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུའི་ལས་ཁུངས་ཏང་སྤྱི་ཁྱབ་ཀྲི་པུས“ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་སྦྱངས་ནས། འབད་འབུངས་ཡར་བརྩོན་གྱིས་རྒྱང་སྐྱོང་ལམ་བུ་གསར་པར་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ལོ་རྒྱུས་ཤེས་བྱའི་འགྲན་བསྡུར་སྤེལ་བ་རེད།

    འགྲན་བསྡུར་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་དང་། ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་ཤེས་བྱ། 《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་ལས་དོན་སྲོལ་ཡིག》 ཏང་ནང་ཁུལ་གྱི་ཁྲིམས་སྲོལ་སོགས་ཀྱི་ནང་དོན་ལ་དམིགས་ནས། ངེས་པར་དུ་ལན་རྒྱག་དགོས་པའི་དྲི་གཞི་དང་། ལན་ཧབ་ཐོབ་རྒྱག་པའི་དྲི་གཞི། ཕན་ཚུན་ལན་རྒྱག་རེས་བྱེད་པའི་དྲི་གཞི་སོགས་དབྱེ་ནས་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་རེ་རེ་དང་ཕུལ་བྱུང་རྩ་འཛུགས་བྱ་དགའ་གཅིག་བཅས་བཟོས་ཡོད། དེའི་རིང་། སྐུ་མགྲོན་དུ་འབོད་པའི་གཞས་པས་གླུ་གཞས་བཏང་བས་འཁྲུག་ཆ་དོད་དུ་ཕྱིན་པ་དང་། ལྟད་མོ་བས་ཕན་ཚུན་ལན་རྒྱག་རེས་བྱེད་སྐབས་བྱེད་སྒོའི་ཚ་རླབས་འཕྱུར་ཡོད། སྡིངས་ཆའི་གཤམ་གྱི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་ཤེས་བྱ་སྣ་ཚོགས་ལ་ལན་བརྒྱབ་ནས་རྒྱལ་གཅེས་རིང་ལུགས་ཀྱི་སྤྲོ་སེམས་དང་ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་བརྟན་པོ་མངོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།