དབུ་ཤོག>ཆེད་སྒྲིག
  • རང་ལྗོངས་ཀྱིས་མཐའ་མཚམས་གྲོང་ཚོ་34ཡི་བདེ་སྐྱིད་ཁང་འཛུགས་སྐྲུན་ལས་གྲྭ་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-08

    ཉེ་ཆར། རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་2021ལོའི་ཀྲུང་དབྱང་གི་རྒྱན་ཤོག་གི་ཆེད་དོན་སྤྱི་ཕན་མ་དངུལ་སྒོར་དུང་ཕྱུར་1.02གཤམ་སྤྲོད་བྱས་ནས་མཐའ་མཚམས་རྫོང་11གི་མཐའ་མཚམས་གྲོང་ཚོ་34ཡི་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་འཛུགས་སྐྲུན་ལས་གྲྭ་སྐྲུན་འགོ་ཚུགས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་གསལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཁང་པ་མཛེས་བཟོ། སྒྲིག་བཀོད་སྒྲིག་སྦྱོར་སོགས་ཚུད་པའི་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་ནང་ཐབ་ཚང་དང་། ཟ་ཁང་། ཉིན་མོའི་ལྟ་རྟོག་ཁང་། བདེ་ཐང་འཕྲོད་སྦྱོར་ཁང་། རིག་རྩལ་བྱེད་སྒོ་ཁང་སོགས་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་རེད། གཙོ་བོ་གྲོང་གསེབ་ཀྱི་རྒན་རྒོན་དང་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་སོགས་ལ་བདེ་ཐང་གི་མཛུབ་ཁྲིད་དང་། ཉིན་མོའི་ལྟ་རྟོག བདེ་ཐང་སླར་གསོ། དུས་བཀག་སྐོར་ཞིབ། འཕྲལ་སྡོམ་རོགས་སྐྱོབ། སེམས་གསོ་སོགས་ཀྱི་ཞབས་འདེགས་ཞུ་རྒྱུ་རེད།

    གྲོང་གསེབ་ཀྱི་བདེ་སྐྱིད་ཁང་འཛུགས་སྐྲུན་ལས་གྲྭ་ནི《རྒན་གསོའི་ཞབས་ཞུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར》ནང་ཁ་གསལ་བཏོན་པའི“རྒན་རྒོན་རོགས་རེས་སྒྲིག་བཀོད”གཞིར་བཟུང《“ལོ་ལྔ་ཚན་བཅུ་བཞི་པའི”བོད་ཀྱི་དམངས་སྲིད་བྱ་གཞག་འཕེལ་རྒྱས་འཆར་འགོད》ནང་བཅུག་པའི་དམངས་འཚོའི་རྣམ་གྲངས་ཤིག་ཡིན་པ་དང་། རྣམ་གྲངས་དེ་མཐའ་མཚམས་གྲོང་ཚོར་གཙོ་གནད་ཐོག་ཕྱོགས་པ་དང་མཐའ་མཚམས་གྲོང་ཚོའི་གྲོང་མིའི་རྒན་གསོ་དང་བུ་བཅོལ་གྱི་ཕུགས་ཀྱི་སེམས་ཁྲལ་ཏན་ཏིག་སེལ་རྒྱུ་རེད།

    ཉིན་ཤས་གོང་། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས《གྲོང་གསེབ་ཀྱི་བདེ་སྐྱིད་ཁང་འཛུགས་སྐྲུན་དོ་དམ་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ནས་ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྔོན་སླ་རྗེས་དཀའ་མཐའ་འཁྱོངས་ཀྱིས་ཉིན་མོའི་ལྟ་རྟོག་དང་། དུས་བཀག་སྐོར་ཞིབ། འཕྲལ་སྡོམ་རོགས་སྐྱོབ། བདེ་ཐང་གི་འཚོ་བའི་ཁྲིད་སྟོན། རིག་གནས་དང་ལུས་རྩལ་བྱེད་སྒོ་སོགས་ཀྱི་ཞབས་ཞུ་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།