ཉེ་ཆར། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་སུའོ་ཡི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་པས“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། བྱ་བ་དངོས་སྒྲུབ་པ། ཞིང་འབྲོག་ཚན་རྩལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། གཞི་རིམ་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀའི་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་གནད་དོན་བློ་གཅིག་སེམས་གཅིག་གིས་ཐག་གཅོད་བྱས་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱས་པས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད་པ་རེད།
མིག་སྔའི་བར་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་སུའོ་ཡི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་པས་ཁྱོན་མ་དངུལ་སྒོར་ཁྲི་39དོན་འཁྱོལ་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་10ལྷག་ཙམ་བསྒྲུབས་ཡོད་པ་རེད།