འདི་ལོ་ནས་བཟུང་། བསམ་གྲུབ་རྩེ་ཆུས་ཀྱིས་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་མཐའ་འཁྱོངས་ཀྱིས་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་རོཌ་བྱེད་པ། དམངས་ལ་བྱ་བ་དངོས་སྒྲུབ་རོགས་བྱེད་པ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས། དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་ལེན་བསྟར་བ་དང་། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་བྱ་ཐབས་ནུས་ལྡན་སྤྱོད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་ཤུགས་གང་ཡོད་འདོན་པ་བཅས་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།
2021ལོ་ནས་བཟུང་ཆུས་དེའི་ཞིང་འབྲོག་པ་ཁྲི་2.9ལས་ཞུཌ་གཞན་སྒྱུར་ཐུབ་ནས་ཡོང་འབབ་སྒོར་དུང་ཕྱུར་3.79བྱུང་ཞིང་། ལྗོངས་ཕྱིར་ལས་ཞུཌ་གཞན་སྒྱུར་ཐུབ་པའི་མི་གྲངས་305ཟིན་པ་དང་། སྒྲིག་འཛུཌ་ལྡན་པའི་སྒོ་ནས་ལས་ཞུཌ་གཞན་སྒྱུར་ཐུབ་པའི་མི་གྲངས་20629ཟིན་ཡོད་པ་རེད།