དབུ་ཤོག>ཆེད་སྒྲིག
  • སེམས་ནུས་གཅིག་སྒྲིལ་འཕེལ་རྒྱས་སྐུལ་འདེད་བཏང་། དྲང་སྐྱོང་གསར་གཏོད་རྣམ་པ་ལེགས་པར་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-08

    འདི་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གིས་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། དྲང་སྐྱོང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས། རང་རྟོགས་ངང་དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྡུད། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་གཏོད་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་བ་བཅས་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་བརྟན་བཅས་ཀྱི་དོན་ཆེན་བཞི་ཏན་ཏིག་ངང་ཡག་པོ་བསྒྲུབ་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བར་རམ་འདེགས་བྱས་ཡོད།

    རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།

    འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལྷོ་ཁར་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱིས་ལམ་ལུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ལམ་ལུགས་ཅན་དང་། རྒྱུན་རྣམ་ཅན། ཕུགས་ཕན་ཅན་བཅས་སུ་འགྱུར་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད། “སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་སློབ་སྦྱོང་ལས་སྟེགས་བསྐྱར་དུ་ཁྱབ་གདལ་དང་རྒྱ་ཁྱབ་ཏུ་གཏོང་བར་སྔར་བས་ཤུགས་སྣོན་བརྒྱབ་ནས་རྫོང(ཆུས)12དང་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པའི་འབྲེལ་གཏུག་པའི་དཔུང་ཁག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།

    དེ་དང་དུས་མཚུངས། དྲང་སྐྱོང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆ་སྙོམས་ཆེད་དོན་བགྲོ་གླེང་ཐེངས་6ཡན་བྱས་པ་དང་དཔེ་ཀློག་འཛིན་གྲྭ་ཐེངས་5142གཉེར་བ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭ་སོགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་འདྲེན་ཞུས་ནས་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཐེངས་5བྱས་པ་དང་། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་གི་སློབ་ཚན་ཐེངས་900ཁྲིད་པ། ས་གནས་ས་ཐོག་ཏུ་སློབ་ཁྲིད་ཐེངས་600བྱས་པར་མང་ཚོགས་མི་ཐེངས་ཁྲི་1.8ཟིན་པ་བཅས་རེད།

    མི་སྣ་ཧྲག་འདེམས་བྱས་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་སྒྲོག་འགྲེལ་ཚོགས་པ(ཚོགས་ཆུང)620བཙུགས་ནས་ཞིང་ནང་དང་མུ་ཁ་དང་། ལྕགས་ལམ་ལམ་རྒྱུད། དབྱར་རྩྭ་དགུན་འབུ་འཐུ་ས། ཕྱུགས་འཚོ་ས་སོགས་སུ་བསྐྱོད་དེ་སྒྲོག་འགྲེལ་ཐེངས་4420བྱས་པར་མང་ཚོགས་མི་ཐེངས་ཁྲི་33.4ཟིན་ཡོད་པ་རེད། “ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། དད་སེམས་བརྟན་དུ་གཏོང་བ། ཏང་གི་རྗེས་སུ་འབྲང་བ”བཅས་བརྗོད་དོན་གཙོ་བོར་བྱས་ནས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”དང་།“ཏང་ངའི་སེམས་ནང་ཡོད་པ”“ཏང་ཐུགས་བློ་བདེ་པོ་གནང་རོགས། སྟོབས་ཆེན་རྒྱལ་ཁབ་ལ་རང་ཉིད་ཡོད”སོགས་ཀྱི་བྱེད་སྒོ་ཐེངས་140སྤེལ་བར་མང་ཚོགས་མི་ཐེངས་ཁྲི་4.3ཟིན་ཡོད། ད་དུང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཐེངས་2600སྤེལ་བར་མང་ཚོགས་ཁྲི་23ལྷག་ཙམ་ལ་ཕན་པ་ཐོབ་ཡོད་ཅེས་ལྷོ་ཁ་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཡན་ཧུང་གིས་བཤད།

    ཡ་རབས་སྲོལ་གསར་སྐྱེད་སྲིང་བྱས་ནས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་12དང་། ལག་ལེན་སུའོ་82 ལག་ལེན་ས་ཚིགས་555བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དང་བླངས་ཞབས་ཞུ་རུ་ཁག་3784དང་དང་བླངས་པ་51870སྒྲིག་འཛུགས་བྱས་ཏེ། རིགས་ཁག་གི་དང་བླངས་ཞབས་ཞུའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཆུ་ཚད། ཤེས་དཔལ་གྱི་བྱང་ཚད་བཅས་མཐོ་རུ་ཧུར་ཐག་བཏང་བས“ཁན་སྦྱར་དམར་པོའི”དང་བླངས་ཞབས་ཞུ་རུ་ཁག་དང་། ཏང་ཡོན་གྱི་སྐོར་སྐྱོད“དུང་ཆུང”གི་རྒྱང་བསྒྲགས་རུ་ཁག སློབ་གྲྭ་ཆེ་མོ་བའི་སྐོར་སྐྱོད“འཆད་ཁྲིད་ཆུང་ཆུང”ཡི་སྒྲོག་འགྲེལ་རུ་ཁག་སོགས་ཕུལ་བྱུང་དང་བླངས་ཞབས་ཞུ་རུ་ཁག་ཐོན་ཡོད།

    གཞན་ཡང་། ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་ལུའེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུ་དང་། “གཤམ་སྤེལ་ལྔ” “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”“འཕྲོ་བརླག་ནི་ངོ་ཚ་དང་། གྲོན་ཆུང་ནི་གཟི་བརྗིད་ཡིན་པ”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་དང་ཟུང་འབྲེལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མང་ཚོཌ་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་ཁྱོན་བྱེད་སྒོ་སྣ་ཚོགས་ཐེངས་6941སྤེལ་བར་མི་ཐེངས་ཁྲི་27.3ཟིན་ཡོད་ཅེས་ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་འཕྲིན་ལས་སྤེན་པས་བཤད། 

    བསམ་བློའི་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་བཏང་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།

    འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་རིག་གནས་ལ་བརྟེན་ནས་མི་ལ་སློབ་གསོ་བཏང་སྟེ་རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་རིག་གནས་དགོས་མཁོ་བསྐངས་ཡོད།

    འདི་ལོའི་ལོ་སྟོད་དུ། ལྷོ་ཁ་གྲོང་ཁྱེར་གྱིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུར་དམིགས་ནས《ཏང་གི་འོད་སྟོང་མཐའ་མཚམས་སུ་འཕྲོས》དང་། 《ཁ་བཏགས་འཕུལ་ནས་ཁྱེད་ཀྱི་འཁྲུངས་སྐར་ལ་སྨོན་འདུན་ཞུ》སོགས་རིག་རྩལ་བརྩམས་ཆོས་21གསར་རྩོམ་བྱས་ཡོད། “ང་ཚོའི་ཀྲུང་གོའི་ཕུགས་འདུན——ཁྱིམ་ཚང་ཁྲི་སྟོང་མང་པོར་རིག་རྩལ་ཁྱབ་གདལ་གཏོང་བ”དང“ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི”རིག་རྩལ་གཤམ་སྤེལ་གྱི་འཁྲབ་སྟོན་བྱེད་སྒོ་མུ་མཐུད་སྤེལ་ནས་གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་གསར་པ་དང་རེ་སྒུག་གསར་པ་སྐོང་གང་ཐུབ་བྱས་ཡོད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་རིག་རྩལ་ཚོགས་པས་རིག་རྩལ་གཤམ་སྤེལ་འཁྲབ་སྟོན་ཐེངས་160བྱས་པར་མང་ཚོགས་མི་ཐེངས་ཁྲི་6.5ཟིན་པ་དང་། སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་རིག་རྩལ་འཁྲབ་སྟོན་ཐེངས་1074བྱས་པར་མི་ཐེངས་ཁྲི་22ཟིན་ཡོད།

    དེ་དང་ཆབས་ཅིག་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཉལ་སྨད་སྙིང་སྟོབས་དྲན་གསོ་ཁང་དང་སངས་རྒྱས་ཆོས་པའི་ཞུགས་གནས་དྲན་གསོ་ཁང་སོགས་གཞི་རྟེན་དུ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་ཀྱི་སློབ་གསོ་ཧུར་ཐག་བརྒྱབ་སྟེ“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་བཏང་ཡོད། སྒྲོག་འགྲེལ་པ་4600ལྷག་ཙམ་སྒྲིག་འཛུགས་བྱས་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དྲིལ་བསྒྲགས་དང་སྒྲོག་འགྲེལ་ཤུགས་ཆེན་བྱས་པ་རེད། མིག་སྔའི་བར། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ཐེངས་ཁྲི་4.1སྒྲོག་འགྲེལ་བྱས་པར་མང་ཚོགས་ཁྲི་275ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།