དབུ་ཤོག>ཆེད་སྒྲིག
  • ཏེང་པ་བའི“དྲ་ཐོག་མིང་ཅན”ཡུལ་ཟོག་འཚོང་རྒྱུར་བྲེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-08

    “ང་ཚོ་ཏེང་པ་བའི་སྲོལ་རྒྱུན་གྱི་སྨྱུག་ཁང་ནི་རང་ཁྱིམ་དུ་བཏབ་པའི་སྨྱུག་མས་རྩིག་རྨང་དང་ཁང་སྒྲོམ་བྱེད་པ་དང་། ཐོག་སྟེང་དུ་འཇག་མ་བཤོས་པས་དགུན་ཁ་དྲོ་ལ་དབྱར་ཀ་བསིལ་པོ་ཡོད”ཅེས་ཏེང་པ་བའི་ཕོ་གཞོན་ཀྲང་ཞའོ་ལུང་གིས་བརྗོད་པ་དང་། རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་ཏེང་པ་བའི་གྲོང་གསར་གྱི་ཏེང་ཁྱིམ་སྤྲོ་ཁང་ནང་ཀྲང་ཞའོ་ལུང་གིས་ལག་ཐོགས་ཁ་པར་གྱི་བརྙན་ཐུང་བརྒྱུད། ཏེང་པ་བའི་རིག་གནས་ལ་རྒྱུས་མངའ་བྱེད་འདོད་ཡོད་པའི་ལྗོངས་ཕྱིའི་གྲོགས་པོ་ཚོར་རང་ཉིད་ཀྱི་ཕ་ཡུལ་ངོ་སྤྲོད་དང་། ཕ་ཡུལ་གྱི་ཁྱད་ལྡན་ཡུལ་ཟོག་འོས་སྦྱོར་བྱེད་བཞིན་འདུག

    ཀྲང་ཞའོ་ལུང་ནི་ཡུལ་དེ་གར་ཅུང་སྐད་གྲགས་ཆེ་བའི“དྲ་ཐོག་མིང་ཅན”ཞིག་ཡིན་ཞིང་། 2020ལོར། གྲོགས་ཚོགས་ནང་ཡུལ་ཟོག་བཙོངས་ནས་ལོ་འགའ་སོང་བའི་ཀྲང་ཞའོ་ལུང་གིས་བརྙན་ཐུང་གི་ལས་སྟེགས་དར་ཁྱབ་ཆེན་པོ་བྱུང་བ་མཐོང་བས་འཕྲལ་དུ་ཐོ་བཀོད་ནས་དྲ་ཐོག་ཏུ་བརྙན་ཐུང་བསྐུར་བ་དང་སྦྲགས་ཁོམ་པ་སྤྱད་དེ་ཐད་གཏོང་བྱེད་འགོ་བཙུགས། ད་ལྟ་ཀྲང་ཞའོ་ལུང་ལ་བརྙན་ཐུང་ལྟ་མཁན་མང་པོ་ཡོད་པས་ཁོང་གི་བརྙན་ཐུང་གི་ཐོ་ཁུངས་ལ“ཧྥེན་སི”ཁྲི་གཅིག་ལྷག་ཙམ་ཡོད་པ་རེད།

    ཀྲང་ཞའོ་ལུང་གི་བརྙན་ཐུང་བརྩམས་ཆོས་ལ་ལྟ་སྐབས། རྒྱན་གོས་ཀྱི་ཁྱད་ཆོས་དང་། བཟའ་བཏུང་རིག་གནས། ལག་ཤེས་བཟོ་རྩལ་སོགས་ཏེང་པ་བའི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ནི་འགྱུར་མེད་ཀྱི་བརྗོད་དོན་གཙོ་བོ་ཡིན་པ་དང་། ཏེང་པ་བའི་རིག་གནས་མངོན་པ་དང་ཁྱབ་སྤེལ་གཏོང་རྒྱུ་ནི་ཁོང་གི་ཐོག་མའི་བསམ་འདུན་ཡིན་ཞིང་། ཀྲང་ཞའོ་ལུང་གིས“ཕྱི་རོལ་གྱི་མིས་ང་ཚོ་ཏེང་པ་བའི་གོམས་གཤིས་དང་རིག་གནས་ཤེས་རྟོགས་བྱེད་པ་དང་། ཕྱི་ཡུལ་ལ་ཏེང་པ་བའི་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་མངོན་པར་བྱེད་རྒྱུ་ནི་ངའི་བསམ་འདུན་ཡིན”ཞེས་བརྗོད་པ་རེད།

    ཉེ་དུས། ཀྲང་ཞའོ་ལུང་གིས་སོག་མའི་གྱོན་ཆས་ཀྱི་བརྙན་ཐུང་བཟོ་བཞིན་ཡོད་པ་དང་། རྒྱུ་ཆ་འཐུ་བ་ནས་ཚི་སྣ་ལེན་པའི་བར་དང་། རྒྱུ་ཆར་ཚོས་རྒྱག་པ་ནས་སླ་མཁན་འཚོལ་བའི་བར་གྱི་ལྷུ་ཚིགས་ཚང་མར་ཁོང་རང་ཉིད་ངོ་མས་ཉམས་ལེན་འབད་སྒྲུབ་བྱས་ཡོད། བསླས་འཐག་གི་འགན་འཁུར་མཁན་ཡུལ་མི་ཧུང་ཝུའེ་ཡིས་ཀྲང་ཞའོ་ལུང་གི་འབད་བརྩོན་ལས་ཕྱི་ཡུལ་གྱི་གྲོགས་པོ་ཚོས་ཏེང་པ་བ་རྒྱུས་མངའ་ཐུབ་པ་མ་ཟད། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་པའི་ཏེང་པ་བའི་མང་ཚོགས་ཀྱི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད། ང་རང་ཀྲང་ཞའོ་ལུང་གི་བརྙན་ཐུང་ལ་ཧ་ཅང་དགའ་པོ་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    ལྗོངས་ཕྱི་ནང་གི་གྲོགས་པོ་ཚོས་ཏེང་པ་བའི་མི་ཆོས་ཡུལ་སྲོལ་སྔར་བས་རྒྱུས་ལོན་བྱེད་ཐུབ་པ་ཕུད། ད་དུང་ཀྲང་ཞའོ་ལུང་ལ“བསམ་འདུན”ཞིག་ཡོད་པ་ནི་དྲ་རྒྱ་བརྒྱུད་རང་ཉིད་ཕ་ཡུལ་གྱི་ཁྱད་ལྡན་ཡུལ་ཟོག་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་འཚོང་རྒྱུ་དེ་རེད།

    ད་ཆ། ཀྲང་ཞའོ་ལུང་གིས་རིན་ཐང་སྒོར་ཁྲི་20ལྷག་ཙམ་རི་བའི་ཕ་ཡུལ་གྱི་ཁྱད་ལྡན་ཡུལ་ཟོག་བཙོངས་ཤིང་། དེའི་ནང་ཡུལ་མི་ཚོར་འཚོང་རོགས་བྱས་པའི་ཡུལ་ཟོག་གིས་སུམ་ཆ་གཉིས་བཟུང་ཡོད་པས། “དྲ་ཐོག་མིང་ཅན”གྱིས་ཡུལ་ཟོག་འཚོང་བའི་གྲུབ་འབྲས་ལ་ཡུལ་མི་ཚོ་ཧང་སངས་པ་རེད།

    ཀྲང་ཞའོ་ལུང་གིས་རང་ཉིད་དྲ་ཐོག་ཏུ་སྐད་གྲགས་ཆོད་མོད། འོན་ཀྱང་རྟག་ཏུ་ཐོག་མའི་བསམ་འདུན་བསྲུངས་ནས་ཏེང་པ་བའི་རིག་གནས་དར་སྤེལ་བཏང་བའི་རྨང་གཞིའི་ཐོག་ཡུལ་མི་ཚོར་ཡུལ་ཟོག་འཚོང་རོགས་བྱས་ཏེ་ཚང་མར་དྲ་རྒྱའི་དུས་རབས་ཀྱི་ཕན་འབྲས་ཚོར་ཐུབ་པ་བྱས་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།