དབུ་ཤོག>ཆེད་སྒྲིག
  • བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-10-08

     ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་ལས་བྱེད་པ་དང་ལས་བཟོ་2000ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོར་དད་སེམས་བརྟན་པོ་དང་འབད་འབུངས་ཡར་བརྩོན་ཡོང་བའི་སློབ་གསོ་བརྒྱབ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཡོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་རེད།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་དེ་གླེང་གཞི་དང་། རླབས་ཆེན་གྱི་ལོ་རྒྱུས། འོད་སྟོང་འཕྲོ་བའི་གྲུབ་འབྲས། མཇུག་བསྡུའི་གཏམ་བཅས་ཁག་བཞི་ལས་གྲུབ་ཅིང་། ཕུན་སུམ་ཚོགས་པའི་པར་རིས་དང་། ལོ་རྒྱུས་ཀྱི་དཔྱད་གཞི། དེང་རབས་ཅན་གྱི་བརྙན་ལམ་སོགས་མཚོན་ཚུལ་སྣ་ཚོགས་སྤྱད་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལོ་ངོ་70ཡི་རིང་བོད་ལ་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། ཁོར་ཡུག་སྲུང་སྐྱོང་སོགས་ཕྱོགས་གང་ས་ཅིར་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། འགྲེམས་ཁང་དུ་སྐྱོད་སྐབས་ལྷ་ས་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོས་འགྲེམས་པང་ལ་ལྟ་ཞོར་དུ་འགྲེལ་བཤད་ནན་ཏན་ངང་ཉན་པ་དང་གསོན་ཉམས་དོད་པའི་པར་རིས་དང་གྲངས་གཞི་མང་དག་ཅིག་མཐོང་སྐབས། ཚང་མས་ལོ་ངོ་70ཡི་རིང་གི་འགྱུར་ལྡོག་ཆེན་པོར་བསྔགས་བརྗོད་བྱེད་པ་དང་དུས་མཚུངས་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པས། གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཚེ་གཞི་ནས་བོད་ལྗོངས་འཕེལ་རྒྱས་གཏོང་ཐུབ་པའི་དད་སེམས་སྔར་བས་བརྟན་དུ་སོང་བ་རེད།

    “རླབས་ཆེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ་འོད་སྟོང་འཕྲོ་བར་བྱེད”ཅེས་པའི་འགྲེམས་པང་གི་གཤམ་དུ་སླེབས་སྐབས། ལྷ་ས་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས་ལ་བསྐྱར་དྲན་བྱས་པ་རེད། ཚང་མས་ད་རེས་ཀྱི་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་ལས་སྐུལ་ལྕག་དང་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་རྒྱ་ཆེའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོའི་ཚེ་སྲོག་དང་རྔུལ་ཆུར་བརྟེན་ནས་བྱུང་བའི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་རེད། དུས་རབས་གསར་པའི་བོད་ལྗོངས་འཛུགས་སྐྲུན་ཁྲོད་རླབས་ཆེན་གྱི་སྙིང་སྟོབས་དེ་དག་དེ་བས་རྩ་ཆེ་བ་ཞིག་ཡིན་པས། ངེས་པར་དུ་ལག་བསྟར་ཡག་པོ་དང་དར་སྤེལ་ཡག་པོ་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།