དབུ་ཤོག>ཆེད་སྒྲིག
  • བརྗོད་ཀྱིས་མི་ལང་པའི་བདེ་སྐྱིད་ཀྱི་གཏམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-08

    2012ལོའི་ཟླ་4པར། གཙང་བྲན་སྡེ་ཁུལ་གྲོང་མི་ཨུ་ལྷན་བཙུགས་ཤིང་། ཏང་གི་སྲིད་ཇུས་བཟང་པོའི་འོག ཕ་ཚ་བུ་རྒྱུད་ཞིང་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཞིང་པ་ཚང་མ་གྲོང་ཁྱེར་གྱི་གྲོང་མིར་གྱུར་ཏེ། སྒོ་ར་ནས་ཐོག་བརྩེགས་ཁང་ཆེན་དང་། ཞིང་པ་ནས་གྲོང་མི། གྲོང་ཚོ་ནས་སྡེ་ཁུལ་བཅས་སུ་འཕེལ་རྒྱས་བྱུང་བ་རེད། ཉེ་བའི་ལོ་ཤས་རིང་། གཙང་བྲན་སྡེ་ཁུལ་གྱི་གཞི་རིམ་གྱི་རྨང་གཞི་བརྟན་ལ་སྟོབས་དང་ལྡན་པ་དང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་སྐྱིད་སྣང་དོད་ཚད་སྔར་བྱུང་མྱོང་མེད་པའི་སྒོ་ནས་ཆེ་རུ་ཕྱིན་པ་མ་ཟད། རྒྱ་ཆེའི་སྡེ་ཁུལ་གྱི་གྲོང་མི་ཚོས་དུས་བདེ་དང་། བདེ་སྐྱིད། ཞི་མཐུན་བཅས་དོན་གཉེར་བྱེད་བཞིན་ཡོད། ད་ཆ་གཙང་བྲན་སྡེ་ཁུལ་དུ་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་པ་དང་། གྲོང་མི་དུད་ཚང་170ལྷག་ཙམ་ཁང་པ་གསར་པར་སྤོས་པ། སྡེ་ཁུལ་དུ་མཛོད་ཉར་དང་། གླིང་ཁ། ཕྱོགས་བསྡུས་ཐོག་ཁང་བོགས་གཏོང་སོཌ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ་ལས། སྡེ་ཁུལ་གྱི་གྲོང་མི་མི་རེར་ལོ་རེར་མཉམ་སྡེབ་དཔལ་འབྱོར་གྱི་ཐོབ་ཆ་སྒོར་11000ཙམ་རག་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། ཚོར་སྣང་བཅས་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    “ད་ལྟའི་འཚོ་བ་ནི་སྔོན་མ་བསམ་བློར་ཡང་འཁོར་མ་མྱོང་། དེ་སྔ་སྡོད་ཁང་གི་ཆ་རྐྱེན་ཧ་ཅང་སྐྱོ་བ་དང་མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་10ཡང་ཟིན་གྱི་མེད། ཁང་པ་ཐོག་དཔངས་དམའ་བས་དཀར་ཆ་དོད་པོ་མེད་ལ། བཞའ་ཚན་ཡང་ཆེན་པོ་འདུག”ཅེས་གྲོང་མི་སྐལ་བཟང་ཕུན་ཚོགས་ཀྱིས་མྱོང་ཚོར་ཟབ་མོས་བཤད། གཙང་བྲན་སྡེ་ཁུལ་གྱི་གྲོང་མི་མང་ཚོགས་ཚོ་སྡོད་སའི་ཧོ་མེ་ཁྱིམ་གཞིས་ཁུལ་ཆུང་དུ་སྐྱོད་སྐབས། སྡེ་ཁུལ་དེ་ཉིད་གྲལ་སྟར་འགྲིག་ཅིང་། ཐོག་སོ་དང་པོའི་མེ་ཏོག་ལྡུམ་རར་མེ་ཏོག་སྣ་ཚོགས་བཞད་ནས་གང་སར་དྲི་ཞིམ་འཐུལ། “ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་འོག ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་མེད་པ་དང་། ཕྱིར་སྐྱོད་སྐབས་སྟབས་ཧ་ཅང་བདེ་བ། ང་དང་ལོ་ན་མཉམ་པའི་རྒན་རྒོན་ལ་ད་དུང་སྡེ་ཁུལ་གྱིས་མངགས་པའི་ཁྱིམ་ཚང་སྨན་པས་སྒོ་རྩར་ལྟ་རྟོག་བྱེད་པར་ཡོང་བས་ད་ལྟའི་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་འདི་ལོ་ལོ་82ལ་སླེབས་པའི་སྡེ་ཁུལ་གྱི་གྲོང་མི་སྨི་སྨིས་སྤྲོ་བ་འཕེལ་བཞིན་སྡེ་ཁུལ་གྱི་འགྱུར་ལྡོག་བརྗོད།

    ཉེ་བའི་ལོ་ཤས་རིང་། གཙང་བྲན་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱས་ཏེ། སྡེ་ཁུལ་གྱི་དོ་དམ་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་ཁག་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་སྲོལ་ལམ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་བ་དང་སྡེ་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད། སྡེ་ཁུལ་གྱི་བདེ་འཇགས་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། སྡེ་ཁུལ་གྱིས་ད་དུང་འོས་འགན་སྐོར་གཡེང་རུ་ཁག་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་དུད་སྦྲེལ་ཁྱིམ་ཚང་ཁྲོད་དུ་དུས་ངེས་མེད་ངང་བདེ་འཇགས་སྐོར་གཡེང་བྱེད་ཀྱི་ཡོད། ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད། འོས་འགན་སྐོར་གཡེང་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཉེ་འགྲམ་དུ་བརྟན་སྲུང་བྱེད་པའི་སྲོལ་རྒྱུན་ལོ་མང་རིང་ཆད་མྱོང་མེད། དེ་དང་ཆབས་ཅིག་སྡེ་ཁུལ་གྱིས་ད་དུང་དུས་བཀག་བཞིན་དང་དུས་ངེས་མེད་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་ཏེ། སྡེ་ཁུལ་གྱི་གྲོང་མིར་རྣམ་པ་སྣ་ཚོགས་དང་། ནང་དོན་ཕུན་སུམ་ཚོགས་པ། ལྟ་འདོད་ལ་ཉན་སྤྲོ་བ་བཅས་ཀྱི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། མང་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་དང་དུས་བདེ་གཏོད་འཛུགས་ཀྱི་ལས་དོན་ལ་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད། སྡེ་ཁུལ་མང་ཚོགས་ཀྱིས་ཀྱང་སྡེ་ཁུལ་མི་དམངས་ཉེན་རྟོག་པའི་སྐོར་གཡེང་སྔོན་འགོག་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། མཉམ་འགོག་མཉམ་བཅོས་ཀྱི་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་ནས་སྡེ་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱེད་ཀྱི་ཡོད།

    གཙང་བྲན་སྡེ་ཁུལ་གྱིས་ད་དུང་སྡེ་ཁུལ་དུ་དྲ་མིག་ཅན་གྱི་དོ་དམ་བྱེད་ཐབས་ལག་བསྟར་བྱས་ཤིང་། དྲ་མིག་ཅན་གྱི་སྤྱི་ཚོགས་ཞབས་ཞུའི་དོ་དམ་ལས་དོན་དང“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་སྤེལ་བ་བརྒྱུད། སྤྱི་ཚོཌ་ཞབས་ཞུའི་དོ་དམ་ལས་དོན་སྔར་བས་ཞིབ་ཚགས་སུ་ཕྱིན་པ་དང་། མི་དམངས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་ཐུབ་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་མ་ཐེབས་པ། སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་པ། བརྟན་ལྷིང་སྲུང་སྐྱོང་གི་རྨང་གཞི་བརྟན་དུ་ཕྱིན་པ། མང་ཚོཌ་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་ཕྱིན་པ་བཅས་དགའ་འོས་པའི་རྣམ་པས་ཁེངས་ཡོད།

    གཙང་བྲན་སྡེ་ཁུལ་གྱི་མང་ཚོགས་ཀྱི་འཚོ་བའི་འགྱུར་ལྡོག་ནི་ལོ་ངོ་70ཡི་རིང་གི་ས་མཐོའི་བུ་ཕྲུག་ཚོའི་འཚོ་བའི་འགྱུར་ལྡོག་གི་བསྡུས་རིས་ལྟ་བུ་ཡིན་ཞིང་། གཙང་བྲན་སྡེ་ཁུལ་གྱི་མང་ཚོགས་དང་འདྲ་བར་གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོས་ཀྱང་ཏང་གི་གཟི་འོད་ཁྲོད། ཡིད་ཆེས་ཀྱིས་ཁེངས་བཞིན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དུ་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།