དབུ་ཤོག>ཆེད་སྒྲིག
  • བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-10-07

     ཉེ་ཆར། ལྷ་ས་གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་། གྲོང་ཁྱེར་ཞིབ་དཔྱོད་ཁང་། གྲོང་ཁྱེར་ཁྲིམས་འཛིན་ཅུས། གྲོང་ཁྱེར་སྤྱི་བདེ་ཅུས་བཅས་ཀྱི་སྲིད་ཁྲིམས་ལས་བྱེད་པ་ཁྱོན་60སྒྲིག་འཛུགས་བྱས་ནས་བོད་ལྗོ་རྟེན་རྫས་བཤམས་མཛོད་ཁང་དུ“ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོས། མཛེས་སྡུག་ལྡན་པའི་ས་མཐོས་བརྗིད་ཆེའི་ལེའུ་བརྩམས”ཞེས་པའི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད། སྲིད་ཁྲིམས་ལས་བྱེད་པ་ཚོས་ལོ་ངོ་70ཡི་རིང་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། དམངས་འཚོ་སོགས་ཀྱི་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ལུགས་མྱོང་ཚོར་གཏིང་ཟབ་ཐུབ་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་ཉེན་རྟོག་པས“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་བ། སྲོལ་རྒྱུན་སྙིང་སྟོབས་རྒྱུན་འཛིན་བྱེད་པ། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་པ་བཅས་ལ་བརྟེན་ནས་དུས་རབས་གསར་པར་ཞུམ་མེད་མདུན་སྐྱོད་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་རིང་རང་གཤིས་དང་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཡོད་པ་རེད།

    ལྟ་སྐོར་བྱས་རྗེས། ལྷ་ས་གྲོང་ཁྱེར་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་བྱེད་པས། བོད་ཞི་བས་བཅིངས་འགྲོལ་བཏང་བར་དཀའ་ཚེགས་ཆེན་པོ་འཕྲད་པ་དང་ལས་སླ་པོར་ཐོབ་པ་མིན་པའི་གྲུབ་འབྲས་གལ་ཆེན་དེ་བས་གསལ་པོ་ཤེས་བྱུང་། སླད་ཕྱིན་གྱི་ལས་ཀའི་ཁྲོད་ང་ཚོས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་ཚང་མའི་ནང་ནས་དྲང་གཞག་དྲང་བདེན་མྱོང་ཚོར་ཏན་ཏིག་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།