དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་རྨང་གཞིའི་ཤེས་བྱ། (16)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-09-30

    【ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་རྩ་དོན】 

    ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་ལས་དོན་ལ་གཤམ་གསལ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་སྟེ།

    (གཅིག) ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས། ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱི་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་ཁྲིམས་སྔོན་དུ་བཞག་སྟེ་སྔ་ཙམ་དམ་འཛིན་དང་ཆུང་ས་ནས་དམ་འཛིན་བྱེད་རྒྱུར་སྣང་ཆེན་གྱིས་སྐྱོན་ཆུང་ས་ནས་སེལ་དགོས།

    (གཉིས) ཏང་གི་སྒྲིག་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་དགོས། ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་ཏང་རྩ་འཛུགས་དང་ཏང་ཡོན་ལ་ངེས་པར་དུ་གཟབ་ནན་དང་དྲང་གཞག་གིས་སྒྲིག་ཁྲིམས་ལག་བསྟར་བྱེད་དགོས་པ་ལས་ཏང་ནང་ཁུལ་དུ་སྒྲིག་ཁྲིམས་མི་སྲུང་བའི་ཏང་རྩ་འཛུགས་དང་ཏང་ཡོན་གང་ཡང་ཡོད་མི་ཆོག

    (གསུམ)དངོས་ཐོག་བདེན་འཚོལ་བྱེད་དགོས། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཏང་རྩ་འཛུགས་དང་ཏང་ཡོན་གྱི་བྱེད་སྤྱོད་ལ་དོན་དངོས་གཞིར་བཟུང་། ཏང་གི་སྒྲིག་ཡིག་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཞན་དག རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ཀྱི་ཚད་གཞིར་གཞིགས་ཏེ་སྒྲིག་འགལ་གྱི་ངོ་བོར་ངོས་འཛིན་ཡང་དག་དང་གནས་ཚུལ་མི་འདྲ་བ་དབྱེ་འབྱེད་བྱས་ནས་ཐག་གཅོད་འོས་འཚམ་བྱེད་དགོས།

    (བཞི) དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་བསྟར་དགོས། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་སྐབས་གཏན་འབེབས་ཀྱི་གོ་རིམ་གཞིར་བཟུང་ཏང་རྩ་འཛུགས་ཀྱིས་མཉམ་སྡེབ་ཐོག་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་དགོས་པ་ལས་མི་སྒེར་གང་རུང་ངམ་ཡང་ན་མི་ཉུང་ཤས་ཀྱིས་རང་དགར་ཐག་གཅོད་དང་ཆོག་མཆན་སྤྲོད་མི་ཆོག ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་ཏང་རྩ་འཛུགས་དང་ཏང་ཡོན་ལ་གོང་རིམ་ཏང་རྩ་འཛུགས་ཀྱིས་ཐག་གཅོད་བྱས་རིགས་འོག་རིམ་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ལག་ལེན་བསྟར་དགོས།

    (ལྔ)སྔ་བསླབ་ཕྱི་འདོམས་དང་སྐྱོན་བཅོས་ཡོ་བསྲང་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ལས་འགལ་བའི་ཏང་རྩ་འཛུགས་དང་ཏང་ཡོན་ལ་ཆད་གཅོད་བསླབ་འདོམས་དང་སློབ་གསོ་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ་དམ་ལྷོད་ཟུང་འབྲེལ་བྱེད་དགོས།

    【ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་རིཌ】

    ཏང་ཡོན་ལ་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་སྟངས་ལྔ་ཡོད་པ་སྟེ། ཐ་ཚིག་སྒྲོག་པ་དང་། ཐ་ཚིག་ནན་པོ་སྒྲོག་པ། ཏང་ནང་ཁུལ་གྱི་གོ་གནས་མེད་པར་བཟོ་བ། ཏང་ནང་ཁུལ་དུ་ལྟ་ཞིབ་བྱེད་པ། ཏང་གི་སྐྱིད་སྡུག་ནས་འབུད་པ་བཅས་སོ།

    【ལྟ་སྐུལ་སྒྲིག་སྐྱོང་གི“ཐབས་རྣམ་བཞི”】

    ལྟ་སྐུལ་སྒྲིག་སྐྱོང་གི“ཐབས་རྣམ་བཞི” སྤྱད་དེ་རྒྱུན་དུ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དང་སྐོང་འདྲི་དང་ཡིག་བསྐུར་འདྲི་རྩད་བྱས་ནས“གདོང་དམར་པོ་ཆགས་པ་དང་རྔུལ་ནག་འདོན་པ”རྒྱུན་རྣམ་དུ་འགྱུར་བ་དང་། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཡང་བ་གཅོད་པ་དང་རྩ་འཛུགས་ལེགས་སྒྲིག་བྱེད་པ་དེ་སྒྲིག་ཁྲིམས་ལས་འགལ་རིགས་ཐག་གཅོད་བྱེད་མང་བར་གྱུར་བ། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ནན་པོ་གཅོད་པ་དང་གོ་གནས་གལ་ཆེན་ལེགས་སྒྲིག་བྱེད་ཉུང་སར་འགྱུར་བ། སྒྲིག་ཁྲིམས་དང་ཚབས་ཆེན་འགལ་ནས་ཁྲིམས་འགལ་གྱི་དོགས་པ་ཡོད་པ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བྱེད་རྒྱུ་ཧ་ཅང་ཉུང་ཤས་སུ་འགྱུར་བ་བཅས་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།