དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-09-30

    125 འགྲོ་ལམ་གྱི་གདེང་ཚོད་ཅེས་པའི་ཞིབ་ཕྲའི་ནང་དོན་གང་ཡིན་ནམ། 

    འགྲོ་ལམ་གྱི་གདེང་ཚོད་ཅེས་པ་ནི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འབྱུང་འགྱུར་གྱི་ལས་དབང་ལ་འཛིན་པའི་གདེང་ཚོད་རེད། འགྲོ་ལམ་གྱི་གདེང་ཚོད་མཐའ་འཁྱོངས་བྱེད་པར་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཚོས“ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་བར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་དང་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པའི”དད་སེམས་བརྟན་དུ་གཏོང་དགོས།

    126 རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད་ཅེས་པའི་ཞིབ་ཕྲའི་ནང་དོན་གང་ཡིན་ནམ།

    རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད་ཅེས་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་ཚན་རིག་རང་བཞིན་དང་། བདེན་དོན་རང་བཞིན། ཡང་དག་རང་བཞིན་བཅས་ལ་འཛིན་པའི་གདེང་ཚོད་རེད། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད་མཐའ་འཁྱོངས་བྱེད་པར་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཚོས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་ཡང་དག་རང་བཞིན་དང་བདེན་དོན་རང་བཞིན་ལ་བཅངས་པའི་དད་སེམས་བརྟན་དུ་གཏོང་དགོས།

    (མུ་མཐུད་འགོད་རྒྱུ) 

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།