དབུ་ཤོག>ཆེད་སྒྲིག
  • བདེ་སྐྱིད་ལམ་དུ་སྐྱོད་སྐབས་གཅིག་ཀྱང་ལུས་མི་རུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-29

    གསར་འགོད་པའི་ཟིན་བྲིས། 

    རྫ་ཡུལ་རོང་སྟོད་གྲོང་རྡལ་དང་རྫ་ཡུལ་རོང་སྨད་གྲོང་རྡལ་དུ་གཙོ་བོར་སྡོད་པའི་ཏེང་པ་བར་རང་ཉིད་ཀྱི་སྐད་ཡོད། བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་། ཏེང་པ་བ་མང་ཆེ་བ་ཤིང་ནགས་ཁྲོད་དུ་སྡོད་པ་དང་ཞིང་ལས་ལ་བསྲེགས་རྨོད་གྲིས་འདེབས་བྱས་སྟབས་འབྲུ་རིགས་ཐོན་འབབ་དམའ་བས་ལོ་གཅིག་ནས་ལོ་ཕྱེད་ཡན་སྔོ་ཚོད་དང་ཤིང་འབྲས་འཐུ་བ་དང་རྔོན་རྒྱག་པ་སོགས་བྱས་ནས་འཚོ་གི་ཡོད།

    བོད་ཞི་བས་བཅིངས་འགྲོལ་གཏོང་སྐབས་དམག་སྡེ་བཅུ་བཞི་པའི་ཧྲི་ཤོག་42ཀྱི་ཐོན་ཤོག་126རྫ་ཡུལ་དུ་བཅའ་སྡོད་བྱས་ནས། ཡུལ་དེའི་མི་རིགས་ཁག་གི་མང་ཚོགས་བཅིངས་འགྲོལ་བཏང་བ་དང་། བཅིངས་འགྲོལ་དམག་གི་རོགས་རམ་འོག་ཏེང་པ་བ་ནགས་ཁྲོད་ནས་དོན་ཏེ་ལུང་གཞུང་དུ་སྤོས་ནས་རང་ཉིད་ཀྱི་ཁྱིམ་གཞིས་བསྐྲུན་པ་མ་ཟད། འཚོ་བ་གསར་པའང་སྐྱེལ་འགོ་ཚུགས་པ་རེད།

    ད་ཕན་ལོ་ཤས་རིང་། ཏེང་པ་བས་འདེབས་འཛུགས་དང་གསོ་ཚགས་ལས་རིགས་འཇུག་གཞིར་བྱས་ཏེ། ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་དང་རོགས་སྐྱོར་བྱས་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་བཏང་ཡོད། སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཧུར་ཐག་བྱས་ནས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། རིག་གནས་དང་ལུས་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་སྟེ་གྲོང་མི་ཚོས་སྐྱིད་སྣང་དང་ཐོབ་སྣང་དངོས་འབྲེལ་ཚོར་ཐུབ་པ་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།