དབུ་ཤོག>ཆེད་སྒྲིག
  • དུས་རབས་གསར་པར་འབྱོར་འབྲིང་མངོན་འགྱུར་བྱེད། བདེ་སྐྱིད་འཚོ་བར་སླར་ཡང་སྐྱོད་འགོ་ཚུགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-26

    ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་རྔམ་བརྗིད་ལྡན་པའི་ཁྱབ་བསྒྲགས་གནང་བ་དེ་ད་ལྟའང་ཡིད་ལ་འཁོར་གྱི་འདུག

    ཀྲུང་གོའི་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱད་ཆ་གཅིག་བཟུང་བའི་བོད་དུ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་བསལ་བས་མི་རྣམས་ཀྱི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར། “འབྱོར་འབྲིང”ཞེས་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ཕུགས་འདུན་བཟང་པོ་འདི་ས་གཞི་འདིའི་སྟེང་གི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་དངོས་ལ་ཐེངས་དང་པོར་གྱུར་ཡོད།

    2019ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དང་ཆུས་དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་པ། དབུལ་པོ་གཅིག་ཀྱང་ཐོན་མེད་པ། སློབ་གསོ་དང་། སྨན་བཅོས། སྡོད་ཁང་། འཐུང་ཆུ་སོགས་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་ཡོད། ཕྱོགས་གསུམ་པས་ཚོད་སྐོར་བྱས་པར་གཞིགས་ན། བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་མང་ཚོགས་བློ་ཡིད་ཚིམ་ཚད་99%ཡན་ཟིན་ཡོད་པ་རེད།

    དབུལ་པོའི་གནས་ལས་སྒྲོལ་བར་ཏང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ནི་འགག་རྩ་ཡིན།

    དབུལ་ཕོངས་སེལ་བ་དང་དམངས་འཚོ་ལེགས་སུ་བཏང་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་ཐབས་བྱེད་པ་དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན།

    ཧ་ལོ་སྒང་གྲོང་ཚོ་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་གི་ཁོངས་སུ་གཏོགས་་ཤིང་། སྤྱི་ཚོགས་རྙིང་པར་གྲོང་མི་མང་ཆེ་བས་ལྟོ་བསླངས་ནས་འཚོ་ཐབས་བྱེད་ཀྱི་ཡོད་པས“སློང་མོ་བའི་གྲོང་ཚོ”ཞེས་བརྗོད་ཀྱི་ཡོད།

    བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་འོག་ཧ་ལོ་སྒང་གྲོང་ཚོའི་དེ་སྔའི་འདམ་རྫབ་ལམ་དང་ས་རྡོའི་ཁང་པ་དེ་དག་ཨར་འདམ་ལམ་དང་བོད་བཟོའི་སྡོད་ཁང་གསར་པར་གྱུར་བ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མེད་པ་ནས་ཡོད་པ་དང་འཕེལ་རྒྱས་སྟོབས་ཆེར་ཕྱིན་པ། གྲོང་ཚོའི་མི་འབོར་དབུལ་པོའི་གྲངས་འབོར་རྒྱུན་མཐུད་ངང་ཉུང་དུ་ཕྱིན་པ་དང་ཡོང་འབབ་རྒྱུན་ཆད་མེད་པར་འཕར་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱུང་ཡོད།

    “འདུ་ཤེས་ལེགས་སུ་གཏོང་བ་དང་ལས་བརྩོན་ཕྱུག་འགྱུར་བྱེད་པ་ནི་གྲོང་ཚོ་ཡོངས་འཕེལ་རྒྱས་བྱུང་བའི་འགག་རྩའི་རྒྱུ་རྐྱེན་ཞིག་རེད། དེ་དག་ནི་ཏང་གི་དམངས་བདེ་དམངས་ཕན་གྱི་སྲིད་ཇུས་དང་ཁ་འབྲལ་ཐབས་མེད” གྲོང་ཚོའི་འཕོ་འགྱུར་གྱི་དཔང་པོ་བྱེད་ཐུབ་པའི་བློ་བཟང་རྒྱལ་མཚན་གྱིས་2012ལོ་ཚུན་ནི་གྲོང་ཚོ་འཕེལ་རྒྱས་འགྲོ་མགྱོགས་ཤོས་ཀྱི་དུས་སྐབས་ཤིག་རེད། ཆུ་འཁོར་གྱི་རྩམ་པ་འཐག་པ་དང་། ས་ཞིང་བརྒྱུད་བཤུག འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ནང་ཞུགས་པ་སོགས་ལས་གྲོང་མི་ཚོར་ཡོང་འབབ་མང་པོ་བྱུང་ཡོད་ཅེས་གསར་འགོད་པར་བཤད་བྱུང་།  བོད་ལ་རྒྱང་ལྟ་བྱེད་སྐབས་ཧ་ལོ་སྒང་གྲོང་ཚོ་དང་འདྲ་བར་འཕོ་འགྱུར་བྱུང་བའི་དཔེ་མཚོན་ད་དུང་མང་པོ་ཡོད།

    མི་རིགས་ས་ཁུལ་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དེང་རབས་ཅན་བྱུང་མེད་ཚེ། རྒྱལ་ཡོངས་ཀྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་དེང་རབས་ཅན་ཡོང་མི་སྲིད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་ཆེན་པོ་དང་དམིགས་བསལ་ཐུགས་ཁུར་གནང་སྟེ་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    རྒྱལ་ཁབ་ཀྱིས་ལོ་5བསྟུད་མར་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་རྒྱུའི་ཚོགས་འདུ་འཚོགས་ནས“ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རམ་འདེགས་བྱེད་པ”སོགས་ཀྱི་བྱེད་སྒོ་གསར་གཏོད་ངང་སྤེལ་ཏེ་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་སོགས་ཐད་ནས་བོད་ལ་གཙོ་གནད་ཐོག་ལྟ་རྟོག་དང་དམིགས་བསལ་གཟིགས་སྐྱོང་བྱས་ཡོད།

    2020ལོའི་ཟླ་བཅུ་པའི་ཟླ་མཇུག་བར། ཀྲུང་དབྱང་སྲིད་གཞུང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རིམ་རྩིས་བྱས་ན་བོད་ལ་མ་དངུལ་སྒོར་དུང་ཕྱུར་3136བཏང་བ་དེ་འཆར་འགོད་མ་དངུལ་གྱི་17.3%ལས་བརྒལ་བ་དང་གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གལ་ཆེན་ཚུད་པའི་གཙོ་གནད་རྣམ་གྲངས་འབོར་ཆེན་བསྐྲུན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    འབྱོར་འབྲིང་གི་ཕུགས་འདུན་རིམ་བཞིན་མངོན་འགྱུར་བྱུང་ནས་གངས་ལྗོངས་ས་མཐོར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ།

    བོད་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་དར་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐབས་གྱང་ངོས་སུ་བཀལ་བའི་མི་རིགས་ཁག་གི་མང་ཚོགས་ཚོའི་འཛུམ་མདངས་འཕྱུར་བའི་པར་རིས་ལས་མི་རྣམས་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད།

    དེ་ནི་མི་རིགས་ཁག་གི་དབུལ་སྒྲོལ་མང་ཚོགས་ཚོ་ཐོབ་སྣང་དང་སྐྱིད་སྣང་གིས་ཁེངས་པའི་རྣམ་པ་ཞིག་རེད།

    དུ་བ་མེད་པའི་དམག་འཐབ་དེའི་ཁྲོད་གངས་ལྗོངས་ས་མཐོར་རྒྱལ་ཁའི་གཏམ་བཟང་ཡང་ཡང་གྲགས་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་མང་པོ་ཐོབ་ཡོད།

    2016ལོ་ནས་བཟུང་། རིམ་རྩིས་བྱས་ན་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་753.8བསྡུ་སྒྲིལ་བྱས་པ་དེ་དག་དབུལ་སྒྲོལ་འགག་སྒྲོལ་ཐད་སྤྱད་པ་དང་། རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་ལ་མ་དངུལ་སྒོར་དུང་ཕྱུར་466བཏང་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་3037ལག་བསྟར་བྱས་པས་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཁྲི་23.8ཐད་ཀར་དབུལ་སྒྲོལ་ཡོང་བར་སྐུལ་ཁྲིད་ཐུབ་པ་དང་མང་ཚོགས་ཁྲི་84ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ(ས་ཚིགས)965ཚང་མ་ལས་མཇུག་འགྲིལ་བ་དང་། མི་ཁྲི་26.6ཚང་མ་རང་མོས་ངང་ས་བབ་ཅུང་དམའ་བ་དང་ཐོན་སྐྱེད་དང་འཚོ་བར་འཚམ་པའི་ས་ཁུལ་དུ་གནས་སྤོས་བྱས་པས་གཞིས་ཆགས་ཐུབ་པ་དང་ལས་ཞུགས་མངོན་འགྱུར་བྱུང་ནས་རིམ་བཞིན་ཕྱུག་པོ་ཆགས་བཞིན་ཡོད།

    ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་11.4སྤྱི་ཚོགས་རོགས་སྐྱོབ་ཀྱི་ཐ་སྐྱོང་འགན་ལེན་ནང་བཅུག་ནས་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་ཐུབ་པར་བྱས་ཡོད།

    མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་ཞུགས་ཚད་90%ཡན་རྒྱུན་འཁྱོངས་ཐུབ་པ་དང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་17.63ལ་གསོ་སྦྱོང་བྱས་པ། མི་ཐེངས་ཁྲི་34.05ལས་ཞུགས་གཞན་སྒྱུར་བྱས་ཡོད།

    2012ལོ་ནས་བཟུང་། བསྟུད་མར་ཁག་9ཡི་ལས་བྱེད་པ་མི་ཐེངས་ཁྲི་19.33གྲོང་སྡོད་རོགས་སྐྱོར་ལ་མངགས་ཏེ་ས་ཁུལ་དབུལ་པོའི་ཐོན་ལས་འཕེལ་རྒྱས་དང་དུད་ཚང་དབུལ་པོའི་ལས་ཞུགས་གཞན་སྒྱུར་སོགས་ལ་གཅིག་གཏད་གཅིག་གི་རོགས་རམ་བྱས་ཡོད།

    མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས“ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་རྒྱ། སློབ་གསོ། རིག་གནས། ཚན་རིག འཕྲོད་བསྟེན། འགན་ལེན་བཅས་ཀྱི”རིམ་སྤོར་འདུ་འགོད་ཁག་བཅུ་ལག་བསྟར་བྱས་ཏེ་སྟོབས་ཤུགས་གཅིག་སྡུད་ཀྱིས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་བསལ་ནས་ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་ཀྱི“མཐའ་མའི་འགག་གནད”ཐག་གཅོད་བྱས་ཡོད།

    བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེན་ལག་ལེན་ཁྲོད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་བཅས་མྱོང་ཚོར་ཐུབ་ནས་དེ་བས་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་བཞིན་ཡོད།

    གྲོང་གསེབ་དར་རྒྱས་བཏང་ནས་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་འགོ་ཚུགས་པ།

    དབུལ་ཞྭ་ཕུད་པ་ནི་མཇུག་སྒྲིལ་བ་ཞིག་མིན་པར། དེ་ནི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་དང་འབད་འཐབ་གསར་པ་བྱེད་འགོ་ཚུགས་པ་ཞིག་ཡིན།

    ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྨང་གཞིའི་ཐོག་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པའི་དུང་བརྡ་བཏང་ཡོད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འཆར་གཞི་འགོད་བཞིན་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཟླ་སྒྲོན་གྱིས“ང་ཚོས་བསམ་ཕྱོགས་བསྡུ་སྒྲིལ་བྱས་ཏེ་སྤུས་དག་ཁྱིམ་ཚང་མགྲོན་ཁང་དང་རིག་གནས་བསམ་བཀོད་ཐོན་རྫས་སོགས་འཚོལ་ཞིབ་བྱས་ནས་བཏོན་པ་དང་། ‘བཟའ་སྡོད་སྐྱོད་གསུམ་དང་། ཡུལ་སྐོར་དང་། ཉོ་སྒྲུབ། རོལ་རྩེད’བཅས་ཡུལ་སྐོར་ཐོན་ལས་གཙོ་བོ་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ཆེ་བ། དེ་བས་རྒྱུན་མཐུད་ཐུབ་པ་བཅས་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད”ཅེས་བཤད་བྱུང་།

    གཞིས་རྩེའི་ཞིང་འབྲོག་ཁུལ་གྱི་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་ལས་དོན་ལ་ཞབས་འདེགས་ཡག་པོ་ཞུ་ཆེད། བསམ་གྲུབ་རྩེ་ཆུས་ཀྱིས་བོད་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་སློབ་གླིང་དང་པོ་བཙུགས་ཤིང་། འདི་ལོའི་ཟླ་4པར་སློབ་གླིང་གི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་སློབ་མ་ཚེ་རིང་ནོར་བུས་ཆིང་ཏའོ་རུ་བསྐྱོད་ནས“གཉིས་གཏོད་+དྲ་ཐོག་ཚོང་དོན”གྱི་གསོ་སྦྱོང་ནང་ཞུགས་པའི་མྱོང་ཚོར་མཉམ་སྤྱོད་བྱས་ཡོད། “ངས་སློབ་སྦྱོང་བྱས་པའི་ཤེས་བྱར་བརྟེན་ནས་ཕ་ཡུལ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་གི་ཡིན”ཞེས་བཤད།

    ངོ་སྤྲོད་བྱས་པར་གཞིགས་ན། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། བོད་ཀྱིས“ཞིང་གསུམ”ལས་དོན་གྱི་གཙོ་གནད་དེ་ལོ་རྒྱུས་རང་བཞིན་གྱི་གཞན་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བརྩོན་ལེན་བྱེད་དགོས་པ”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ་རྫོང་དང་ཆུས་74ཡི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་གི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པ་དང་དབུལ་སྒྲོལ་ས་ཁུལ་གྱི་སྤྱི་ཡོངས་འཕེལ་རྒྱས་ཆུ་ཚད་མཐོ་རུ་བཏང་སྟེ་དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

    “འབྱོར་འབྲིང་ཡིན་མིན་གྱི་འགག་རྩ་ཡུལ་མི་སྤུན་ཟླར་ལྟ་དགོས”ཞེས་པ་ནས“མི་རིགས་བསྐྱར་དར་ཡོང་བར་གྲོང་གསེབ་ངེས་པར་དུ་དར་རྒྱས་གཏོང་དགོས”ཞེས་པའི་བར་འགོ་འཛུགས་ས་གསར་པའི་ཐོག་བོད་ཀྱིས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བརྩམས་ནས་རྒྱལ་ཡོངས་དང་མཉམ་དུ་བློ་སྟོབས་ཆེར་སྐྱེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པར་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།