དབུ་ཤོག>ཆེད་སྒྲིག
  • གསེར་ཞུན་བྱུགས་འདྲའི་ཞིང་ནང་ལས། ལོ་ལེགས་སྙེ་མའི་མགོ་ལྕོག་ལྡེམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-26

    1112689_yis_1632499200000_s.jpg

     འདི་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་ཁོངས་ཀྱི་སྨིན་ཟིན་པའི་ནས་ཞིང་ཡིན་པ།

    ཟླ་9ཚེས་23ཉིན་ནི་རང་རྒྱལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་རྗེས། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རིང་གི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དང་པོ་དེ་རེད། ཉིན་ཤས་བསྟུད་མར། བོད་ཀྱི་ཞིང་ཁུལ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་བྱེད་སྒོ་སྤེལ་ནས་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུས་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་ལུས་ལ་གཟབ་མཆོར་སྤྲས་ཏེ་གླུ་ལེན་གར་འཁྲབ་ཀྱིས་དགའ་སྤྲོའི་སེམས་པ་མཚོན་པར་བྱས་པ་རེད།

    ཚེས་23ཉིན“ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་། ཏང་གི་བཀའ་དྲིན་ཚོར་བ། དར་རྒྱས་ལ་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བྱས་པའི་བོད་ཀྱི་2021ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་སྤེལ་བ་རེད། ད་ཐེངས་ཀྱི་རྟེན་འབྲེལ་བྱེད་སྒོར་འགོ་ཚུགས་མཛད་སྒོ་དང་། རིག་རྩལ་འཁྲབ་སྟོན། ཞིང་འབྲོག་པའི་སྲོལ་རྒྱུན་དམངས་སྲོལ་ལུས་རྩལ་འགྲན་བསྡུར། གྲུབ་འབྲས་བཤམས་ནས་ལོ་ལེགས་ངོམས་པ། ཞིང་ལས་ཚན་རྩལ་ལས་ལོ་ལེགས་སྐོར་གླེང་བ། དམངས་ཡོངས་ཀྱིས་ལོ་ལེགས་མཉམ་སྤྱོད། ཐད་གཏོང་ཟོག་ཚོང་ལ་བརྟེན་ནས་ལོ་ལེགས་ལ་སྐུལ་འདེད་གཏོང་བ་སོགས་ཚུད་ཡོད་པ་དང་། རང་ལྗོངས་ཀྱི་ཞིང་འབྲོག་ལས་ཚན་རྩལ་གྱི་གསར་བཅོས་ཆེན་པོ་གང་ལེགས་མངོན་པ་དང་། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ངལ་རྩོལ་གྲུབ་འབྲས་མངོན་པར་བྱས་ནས། ཞིང་འབྲོག་མང་ཚོགས་ཞིང་འབྲོག་ཁུལ་དུ་གཞི་ཚུགས་པ་དང་ཞིང་འབྲོག་ལས་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས་སྔར་བས་འཕེལ་ཏེ། ཞིང་པ་མང་ཚོགས་ཀྱིས་ཞིང་ལས་གཉེར་བའི་སྤོབས་སེམས་སྔར་བས་ཆེ་རུ་ཕྱིན་པ་རེད།

    ཟླ་དགུ་པའི་ལྷོ་རོང་རྫོང་ནི་སྟོན་ཉམས་ཀྱིས་བརྒྱན་ཅིང་གང་སར་ཤིང་འབྲས་ཀྱི་དྲི་ཞིམ་འཐུལ། ལྷོ་རོང་རྫོང་ཨ་ཐོག་ཁ་ཐང་ཆེན་དུ་སྐྱོད་སྐབས་དེ་གར་དར་ཚོན་སྣ་ལྔ་ལྷབ་ལྷུབ་ཏུ་གཡོ་བ་དང་མི་ཚོགས་མང་དུ་འདུས་ནས་འཁྲུག་ཆ་ཧ་ཅང་དོད་པོ་འདུག “ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་ཏང་གི་བཀའ་དྲིན་ཚོར་བ”བརྗོད་དོན་གཙོ་བོར་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱིས་2021ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ལྷོ་རོང་རྫོང་གི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་ཚོང་འདུས་དེ་གར་གཉེར་བཞིན་འདུག

    བྱེད་སྒོ་སྤེལ་ཡུལ་དུ་ལྷོ་རོང་རྫོང་གི་ཤང་དང་གྲོང་རྡལ་ཁག་ནས་ཡོང་བའི་ཞིང་འབྲོག་མང་ཚོཌ་ཚོས་ལུས་ལ་གཟབ་མཆོར་སྤྲས་ཏེ་གླུ་ལེན་གར་འཁྲབ་དང་ཐོན་རྫས་འགྲེམས་ཚོང་བྱས་ནས་ལོ་ལེགས་ལ་རྟེན་འབྲེལ་ཞུས་པ་རེད།

    དགོད་སྒྲའི་ཁྲོད་ལྷོ་རོང་རྫོང་གི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་ཚོང་འདུས་ཀྱང་དུས་གཅིག་ཏུ་གཉེར་ཞིང་། ད་ཐེངས་ཀྱི་འགྲེམས་ཚོང་ཚོང་དུས་ཐོག་འགྲེམས་གནས་བསྡོམས་60བཀོད་སྒྲིག་བྱས་ནས་ལྷོ་རོང་རྫོང་གི་ཤང(གྲོང་རྡལ)ཁག་དང་དེ་བཞིན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས། མངོན་མིན་རིག་གནས་ཤུལ་བཞག འབྲུ་རིགས་ལས་སྣོན་སྤུས་གཙང་ཐོན་རྫས། ཤིང་ཏོག་རིགས་དང་སྔོ་ཚལ་སོས་པ། དེང་རབས་ཞིང་ལས་འཕྲུལ་ཆས་ཅན་གྱི་ཡོ་བྱད་བཅས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པར་སྣ་ཁ་160ལྷག་ཙམ་ཡོད་པ་དང་སྣ་མང་ཕུན་སུམ་ཚོགས་པའི་ཐོན་རྫས་ལས་ལོ་ལེགས་ཀྱི་རྣམ་པ་གང་ལེགས་མངོན་ཡོད།

    “འདི་ལོ་ང་ཚོའི་གྲོང་ཚོའི་ནས་ཀྱི་ཐོན་འབབ་ན་ནིང་ལས་ཧ་ཅང་གིས་མང་བ་འདུག དེ་ནི་སྲིད་གཞུང་གིས་རིན་མེད་ངང་མཁོ་འདོན་བྱས་པའི་སོན་བཟང་དང་ལག་རྩལ་གྱི་མཛུབ་ཁྲིད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་ཚང་མའི་ངར་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད”རྫི་ཐོ་གྲོང་རྡལ་བླ་མཚོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུལ་ཁྲིམས་ཡོན་ཏན་གྱིས་ཕ་ཡུལ་གྱི་ཐོན་རྫས་ཁྱེར་ནས་ཚོང་འདུས་ལ་སླེབས་ཡོད་པ་རེད།

    ལྟ་བས་མི་ངོམ་པའི་ཚོང་ཟོག་ལ་ལྟ་བཞིན་ལྷོ་རོང་རྫོང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་ཀྱིས་འཛུམ་དམུལ་དམུལ་ངང“འདི་ལོ་རྫོང་ཡོངས་ཀྱི་འབྲུ་རིགས་ཐོན་འབབ་སྔོན་དཔག་བྱས་ན་རྒྱ་མ་ཁྲི་5200ཡན་ཟིན་ཡོད་པ་དེ་དུས་མཚུངས་ལས་1.9%འཕར་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཚད་གཞི་མཐོ་བའི་ཞིང་ཁ་ཧུར་ཐག་བཟོ་བ་དང་འབྲུ་རིགས་ལོ་ཏོག་གི་འདེབས་ཁྱོན་ཆེ་རུ་བཏང་ནས་ཆབ་མདོ་གྲོང་ཁྱེར་གྱི‘འབྲུ་མཛོད་ནུབ་མ’སྐྲུན་ཆེད་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་ཆབ་མདོ་གྲོང་ཁྱེར་གྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་68ཟིན་པར་སྔོན་དཔག་བྱས་ན་འབྲུ་རིགས་ཐོན་ཚད་ཏུན་ཁྲི་19.1ཟིན་རྒྱུ་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་24ལ་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.3བྱུང་ནས་ཞིང་དུད་7100ལ་སྐུལ་ཁྲིད་བྱས་པ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་4150བྱུང་བ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་352ཀྱིས་ཞིང་དུད་6956གི་མི་14750ལ་སྐུལ་ཁྲིད་བྱས་པས་མི་རེར་ཆ་སྙོམས་འབབ་འཕར་སྒོར་5973བྱུང་བ། གྲོང་ཁྱེར་ཡོངས་ཀྱི་ལོ་སྟོད་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13041ཟིན་པ་དེ་དུས་མཚུངས་ལས་13%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།