དབུ་ཤོག>ཆེད་སྒྲིག
  • ནོར་ཁང་གྲོང་ཚོའི་འཕོ་འགྱུར་ཆེན་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-26

    ཉེ་བའི་ལོ་གསུམ་རིང“ནུས་མེད་ཟབ་ཟོབ”ཀྱི་ཞྭ་མོ་ཕུད་ནས་བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཡག་ཤོས་བརྒྱའི་མཚན་སྙན་ཐོབ་པ་དང་། ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་8400ནས་སྒོར་31221བར་འཕར་བ། ཁོར་ཡུག་འཕྲོད་བསྟེན་དེ་བཙོག་ཟིང་ཞན་གསུམ་ནས་ཞི་མཐུན་དང་མཛེས་སྡུག་ལྡན་པར་འགྱུར་ཞིང་། རྒྱལ་རྩེ་རྫོང་ར་སོག་ཤང་ནོར་ཁང་གྲོང་ཚོར་སྐྱོད་སྐབས་དེང་རབས་ཀྱི་རྣམ་པ་ཟབ་མོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་ཞིག་མིག་ལམ་དུ་འཆར།

    ཏང་འཛུགས་སྐྱོང་ལ་དམ་འཛིན་ཤུགས་ཆེན་བྱས་པ།

    ནོར་ཁང་གྲོང་ཚོ་ནི་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཚོ་ཧྲིལ་པོ་ཡུལ་གཞན་དུ་གནས་སྤོས་པའི་གྲོང་ཚོ་ཁག་དང་པོའི་གྲས་ཤིག་ཡིན་ཞིང་། རྒྱལ་རྩེ་རྫོང་གྲོང་དང་བར་ཐག་སྤྱི་ལེ་21ཡོད་པ་དང་དེར་ཁྱོན་དུད་ཚང་115ཡི་མི་600ཡོད།

    “རྒྱལ་ཡོངས་ཀྱི་འབྱོར་འབྲིང་འཛུགས་སྐྲུན་གྱི་གྲགས་ཅན་གྲོང་ཚོ”དང་། “རྒྱལ་ཡོངས་ཀྱི་ཞིང་ཁྱིམ་དུ་སྤྱོད་བཟང་སྤེལ་བའི་བྱེད་སྒོའི་དཔེ་སྟོན་ས་ཚིགས”“ལྗོངས་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”སོགས་ནོར་ཁང་གྲོང་ཚོ་ཨུ་ལྷན་གྱི་རྒྱལ་སྒོའི་འགྲམ་དུ་གཟི་བརྗིད་གཟེངས་རྟགས་སྣ་ཚོགས་བཀལ་ཡོད། 

    ནོར་ཁང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྷག་རྡོར་གྱིས“ནོར་ཁང་གྲོང་ཚོར་དེ་སྔ་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལྡན་མོད། འོན་ཀྱང་རྒྱུ་རྐྱེན་ཁག་གཅིག་དབང་གིས་2018ལོར་གྲོང་ཚོའི་ཏང་ཀྲི་པུའུ་དེ་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་སུ་གཏན་འཁེལ་བྱས་པ་རེད”ཅེས་ངོ་སྤྲོད་བྱས།

    2019ལོའི་ལོ་འགོར། ལོ་ན་ཆུང་བ་དང་། བསམ་བློ་གཏོང་མཁས་པ། ངར་ཤུགས་ལྡན་པ་བཅས་ཀྱི་ལྷག་རྡོར་ནོར་ཁང་གྲོང་ཚོའི“སྣེ་ཁྲིད་པ”གསར་པར་གྱུར།

    སྔར་གྱི་གཟི་བརྗིད་ཇི་ལྟར་བསྐྱར་དུ་དར་དགོས་སམ། ལྷག་རྡོར་གྱིས། ངེས་པར་དུ་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་མི་སེམས་ཏང་ཀྲི་པུའུ་ཡི་མཐའ་འཁོར་དུ་གཅིག་སྒྲིལ་བྱས་ཚེ་གཞི་ནས་ལས་དོན་སྒྲུབ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

    དེར་བརྟེན་ལྷག་རྡོར་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནས་འགོ་བཙུགས་ཏེ་གྲོང་མིའི་འདེམས་བསྐོ་བརྒྱུད་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ཕྱུག་འགྱུར་འཇོན་ཐང་ཆེ་བ། ལོ་ན་གཞོན་པའི་ཞིང་འབྲོག་པའི་ཏང་ཡོན་རྣམས་གྲོང་ཚོའི་ལས་བྱེད་པའི་ལས་གནས་ཐོག་བདམས་པས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཆ་སྙོམས་ལོ་ཚད་ལོ་35མན་དང་ཕྱུག་འགྱུར་འཇོན་ཐང་ཅན་གྱིས་90%བཟུང་བ་མངོན་འགྱུར་བྱུང་ཡོད། དེ་དང་ཆབས་ཅིག་གྲོང་ཚོ་འདིས་ཏང་ཀྲི་པུའུ་ཡི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། མཚན་མོའི་སློབ་གྲྭ དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་བཅས་གཞི་རྟེན་དུ་བྱས་ནས“རང་སྦྱོང་དང་གཅིག་སྡུད་སློབ་སྦྱོང་ཟུང་འབྲེལ”དང“འཆད་སྟེགས་ཐོག་བརྗོད་པ་དང་ཉམས་མྱོང་བརྗོད་པ་གཉིས་ཟུང་འབྲེལ”སོགས་ཀྱི་བྱེད་ཐབས་བརྒྱུད་ཏང་ཡོན་ལས་བྱེད་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་བཏང་ཡོད། ཏང་ཡོན་གྱི“འགན་ལེན་གསུམ”གྱི་བླང་བྱ་དང“གཙོ་གནད་ལས་འགན་བདུན”དོན་འཁྱོལ་བྱས་ནས་ཞིང་འབྲོག་པའི་ཏང་ཡོན་རེས་མང་ཚོགས་དུད་ཚང་3འགན་གཙང་ལེན་པ་དང་། དུས་ཚིགས་རེར་གྲོང་ཚོའི་ཏང་ཀྲི་པུའུ་ལ་ལས་ཀའི་འཕེལ་རིམ་གྱི་གནས་ཚུལ་སྙན་སེང་ཞུ་བ། གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ལོ་ཕྱེད་ནང་ཕྱོགས་སྡོམ་ཆུང་བ་རེ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གྲོང་ཚོ་རིམ་པའི་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་གཏོད་པའི་ཚད་གཞི་གཞིར་བཟུང་ལས་འགན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་རེའུ་མིག་བཟོས་པ་དང་། དམིགས་ཚད་ལྟར་ལས་དོན་སྒྲུབ་པ་དང་ཐོ་བསུབ་དོ་དམ་བྱས་པ། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིས་ལས་འགན་རེ་རེ་བཞིན་རྩིས་ལེན་བཅས་བྱས་ནས་འགན་འཁྲི་ནན་དུ་བཏང་བ་དང་དོན་འཁྱོལ་ལ་སྐུལ་འདེད་བཏང་ཡོད།

    བརྩོན་འགྲུས་ཅན་ལ་བསླུ་བ་མེད་པའི་དཔེ་ལྟར་འབད་བརྩོན་བྱས་པ་བརྒྱུད། 2020ལོར་ནོར་ཁང་གྲོང་ཚོ“ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཡག་ཤོས་བརྒྱའི”ནང་བདམས་པ་རེད།

    ཕྱུག་འགྱུར་གྱི་ལམ་བུ་བཏོད།

    2020ལོའི་ཟླ་12ཚེས་25ཉིན་ནོར་ཁང་གྲོང་ཚོར་ཐོན་ལས་ཀྱི་ཁེ་འབབ་བགོ་འགྲེམ་མཛད་སྒོ་ཐེངས་གསུམ་པ་འཚོགས་ནས་བསྡོམས་ཡོང་འབབ་སྒོར་ཁྲི་597བགོས་པ་རེད། དེ་སྔོན་ནོར་ཁང་གྲོང་ཚོར་འགྲིམ་འགྲུལ་སྟབས་བདེ་བ་དང་ས་ཆའི་ཐོན་ཁུངས་ཕུན་སུམ་ཚོགས་ནའང་མང་ཚོགས་ཕྱུག་པོ་ཆགས་ཐུབ་མེད།

    ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོང་ཆེད། ལྷག་རྡོར་གྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་སྣེ་འཁྲིད་དེ་ལྷ་ས་དང་ཉིང་ཁྲི་སོགས་སུ་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། ཕྱིས་སུ་གྲོས་བསྡུར་ཡང་སེ་བྱས་པ་དང་ནོར་ཁང་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་བྱས་པ་བརྒྱུད་ཁོང་ཚོས་གཞི་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་ཐུབ་སྟེ་མཉམ་ལས་ཁང་འཕེལ་རྒྱས་བཏང་ནས་མཉམ་དུ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་རྒྱུ་བྱས།

    འོན་ཀྱང་མཉམ་ལས་ཁང་འཕེལ་རྒྱས་འགྲོ་བའི་ཐོག་མའི་དུས་སུ་མང་ཚོགས་མང་ཆེ་བས་ཡིད་ཆེས་དེ་ཙམ་མི་བྱེད་པར་བརྟེན་ཞུགས་མཁན་ཡང་མང་པོ་བྱུང་མེད། མང་ཚོགས་ཀྱི་སེམས་ཁྲལ་སེལ་ཆེད། ལྷག་རྡོར་གྱིས་སྣེ་འཁྲིད་དེ་དངུལ་སྨར་སྒོར་8000དང་བཞོན་མ་གཅིག་མ་རྐང་ནང་ཞུགས། ཁོང་གི་སྣེ་ཁྲིད་འོག་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གིས་སྔོན་ལ་མ་རྐང་ནང་སྒོར་ཁྲི་6དང་། ཏང་ཡོན་གྱིས་མ་རྐང་ནང་སྒོར་ཁྲི་21.6 མང་ཚོགས་ཀྱིས་མ་རྐང་ནང་སྒོར་ཁྲི་66.4དང་བཞོན་མ་115བཅས་ཞུགས་ནས་མཉམ་ལས་ཁང་གི་མ་རྐང་ནང་གྲོང་མི་ཚང་མ་ཞུགས་པ་རེད། དེ་ནས་བཟུང་ཐོན་ལས་སྣ་ཚོགས་ཆར་རྗེས་ཀྱི་མྱུ་གུ་ལྟར་ནོར་ཁང་གྲོང་ཚོར་དར།

    — སྔོ་ཚལ་དྲོད་ཁང་ཆེན་པོ་ཐོན་ལས་འཕེལ་རྒྱས་བཏང་བ། ནོར་ཁང་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་མཐུན་ཚོགས་བཙུགས་ནས་དྲོད་ཁང་ཆེན་པོ་དག་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་འགན་གཙང་སྤྲད་དེ་འདེབས་འཛུགས་བྱས་ཤིང་། འདེབས་འཛུགས་ཡོང་འབབ་ཀྱི་85%ཁེར་རྐྱང་འདེབས་འཛུགས་དུད་ཚང་གི་ཡོང་འབབ་ལ་བརྩིས་པ་དང་། 10%གྲོང་ཚོའི་མཉམ་སྡེབ་ལ་དབང་བ། 5%དབང་པོ་སྐྱོན་ཅན་དང་དུད་ཚང་དབུལ་པོའི་ལོ་མཇུག་གི་ཡོང་འབབ་བགོ་འགྲེམ་དང་། དྲོད་ཁང་ཉམས་བཟོ། དེ་བཞིན་འདེབས་འཛུགས་དུད་ཚང་ཕུལ་བྱུང་གི་ལོ་མཇུག་གི་བྱ་དགའི་དངུལ་བཅས་ལ་སྤྱོད་ཀྱི་ཡོད།

    — མེ་ཏོག་གི་སྐྱེ་ཁམས་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་བ། གྲོང་ཚོའི་ཏང་ཀྲི་པུས་སྒོར་ཁྲི་40རང་གྲབས་བྱས་པ་དང་གོང་རིམ་སྡེ་ཚན་ནས་མ་དངུལ་སྒོར་ཁྲི་160བརྩོན་ལེན་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་ཀྱི་མེ་ཏོག་སྐྱེ་ཁམས་འདེབས་འཛུགས་མཉམ་ལས་ཁང་བཙུགས་ནས་གྲོང་ཚོ་ཧྲིལ་པོར་ལས་ཞུགས་ལས་གནས་68མཁོ་འདོན་བྱས་ཏེ་མང་ཚོགས་དབུལ་པོ་6ལས་ཞུགས་བརྟན་པོ་ཐུབ་ནས་2020ལོར་སླེབས་སྐབས་མང་ཚོགས་ལ་ཡོང་འབབ་སྒོར་104000ལྷག་ཙམ་བྱུང་ཡོད།

    — ཨར་སྐྲུན་ལས་རིགས་འཕེལ་རྒྱས་བཏང་བ། མ་དངུལ་སྒོར་ཁྲི་2660བརྩོན་ལེན་བྱས་ནས་ནོར་ཁང་གྲོང་ཚོའི་མཉམ་སྡེབ་འཛུགས་སྐྲུན་ཚད་ཡོད་ཀུང་སི་དང་གྲོང་ཚོའི་མཉམ་སྡེབ་ཨར་ལས་རུ་ཁག་བཙུགས་ནས་ཨར་ལས་མི་སྣ་30བསྡུས་པ་དང་ཆབས་ཅིག་སློབ་ཆེན་སློབ་མ་11གི་ལས་ཞུགས་ཐག་གཅོད་བྱས་ཡོད།

    — སྲོལ་རྒྱུན་གྱི་འཁེལ་འཐག་ལག་ཤེས་འཕེལ་རྒྱས་བཏང་བ། བོད་རིགས་མང་ཚོགས་ཀྱི་སྲོལ་རྒྱུན་འཁེལ་འཐག་གི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཀམ་པ་ལི་དང་ཁ་གདན་སོགས་ཐོན་སྐྱེད་བྱ་རྒྱུ་གཙོ་བོར་བྱེད་པའི་ནམ་མཁའ་མཉམ་ལས་ཁང་བཙུགས་ནས“མཉམ་ལས་ཁང་+གཉིས་ལྡན་དུད་སྦྲེལ་+དུད་ཚང་དབུལ་པོ་+ཏང་ཀྲི་པུའུ”ཡི་གཉེར་སྐྱོང་རྣམ་པ་ཞིག་ཆགས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་7ལ་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་16500ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    — ངལ་ནུས་ཐོན་ལས་འཕེལ་རྒྱས་བཏང་བ། རིགས་ཁག་གི་འགྲོ་གྲོན་སྒོར་ཁྲི་32བརྩོན་ལེན་བྱས་ནས་གྲོང་ཚོའི་ལས་ཞུགས་གཞན་བསྒྱུར་གྱི་ཚ་ལ་རུ་ཁག་དང་ཤིང་བཟོ་རུ་ཁག་བཙུགས་པ་དང་2020ལོར་ངལ་ནུས་མི་སྣ་214ལ་གླ་ཆ་སྒོར་ཁྲི་173.56སྤྲད་པ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་8110བྱུང་ཡོད།

    ཐོན་ལས་དར་ནས་གྲོང་མི་ཕྱུག་པོ་ཆགས་པ། 2020ལོར་ནོར་ཁང་གྲོང་ཚོའི་མཉམ་སྡེབ་ཐོན་ལས་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི་8829.56ཟིན་པ་དང་ཡོང་འབབ་ཁེ་གཙང་སྒོར་ཁྲི་1062ཟིན་ནས་མི་རེར་ཆ་སྙོམས་བགོ་འགྲེམ་སྒོར་ཁྲི་1བྱུང་ཡོད།

    ཡ་རབས་སྲོལ་གསར་དར་བ།

    གྲོང་གསེབ་མཛེས་སྡུག་ལྡན་དགོས་ན་ཤེས་དཔལ་བཟང་པོ་དགོས་པ་དང་། དམངས་སྲོལ་གཞུང་དྲང་དགོས་ན་ཡུལ་སྲོལ་ཡག་པོ་ཡོད་དགོས།

    “ཞིང་ཁ་བཏབ་རྗེས་ཞིང་ནང་དུ་འཁོར་རིགས་གཏོང་མི་ཆོག”“རང་རེའི་གྲོང་ཚོ་དང་ཉེ་འཁོར་གྲོང་ཚོའི་གྲོང་མིས་ཞིང་ནང་ནས་རང་དགར་ལོ་ཏོག་ལྐོག་འཐུ་བྱེད་མི་ཆོག”“དུད་ཚང་ཚང་མས་ངེས་པར་དུ་རང་ཁྱིམ་སྒོ་རའི་མདུན་གྱི་གཙང་སྦྲ་ཡག་པོ་བྱེད་དགོས”སོགས་ནོར་ཁང་གྲོང་ཚོས་གྲོང་མིའི་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད། ཡུལ་སྲོལ་དམངས་ཆིངས་48ལ་བསྐྱར་དུ་བཟོ་བཅོས་བརྒྱབ་པ་དེའི་ནང་སྤྱི་ཚོགས་ཀྱི་སྒྲིག་ལམ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད། ཡུལ་སྲོལ་དམངས་སྲོལ། བསམ་པའི་དཔལ་ཡོན་སྲོལ་གཏོད་སོགས་ཚུད་ཡོད།

    ཡུལ་སྲོལ་དམངས་ཆིངས་གསར་པ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་ཆེད། ལྷག་རྡོར་གྱིས་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་སྣེ་འཁྲིད་དེ་ཡུག་ཁུལ་དང་། དུད་ཚང་། མི་བཅས་འགན་གཙང་ལེན་པའི་རྣམ་པའི་ཐོག་ནས་ཞིང་ཁྱིམ་དང་། ཞིང་ནང། མུ་ཁར་བསྐྱོད་དེ་མང་ཚོགས་ཀྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཀྲུང་དབྱང་གི་དགོངས་དོན་དང་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་པ་མ་ཟད། ཡུལ་སྲོལ་དམངས་ཆིངས་ལ་འགྲེལ་བཤད་ཡག་པོ་བརྒྱབ་ནས་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་རིམ་བཞིན་འགྱུར་ལྡོག་འགྲོ་བར་ཁྲིད་སྟོན་བྱས་ཡོད།

    ད་ཆ་ནོར་ཁང་གྲོང་ཚོར་མཆོད་འབུལ་བྱེད་མཁན་མང་ཚོགས་ཉུང་དུ་ཕྱིན་པ་དང་རྒྱལ་ཁབ་ཀྱི་སྤྱི་སྐད་སྦྱོང་མཁན་མང་དུ་ཕྱིན་པ། ཆང་རག་བཏུངས་ནས་རྒྱན་འགྱེད་བྱེད་མཁན་ཉུང་དུ་སོང་བ་དང་གྲོང་ཚོས་གཉེར་བའི་ཐོན་ལས་ནང་ཞུགས་ནས་ཡོང་འབབ་གསོག་མཁན་མང་དུ་ཕྱིན་ནས་ཚན་རིག་ལ་བརྩི་མཐོང་དང་། ཡ་རབས་དར་སྤེལ། ལས་བརྩོན་ཕྱུག་འགྱུར་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།