དབུ་ཤོག>ཆེད་སྒྲིག
  • བལ་གྱི་མལ་ཆས་ཐོན་སྐྱེད་དང་ཕྱིར་ཚོང་གཉིས་ཀར་ཕན་འབྲས་བཟང་པོ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-24

    ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྐྱེམས་སྟོང་ཤང་དུ་གནས་པའི་སྤང་དམར་གྲོང་ཚོའི་རྩྭ་ར་རྒྱ་ཆེ་ལ་འབྲོག་ལས་དར་བས་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་གྲོང་ཚོའི་མཉམ་སྡེབ་ལུག་གསོ་ཚགས་དང་འབྲི་གཡག་གསོ་ཚགས་རྣམ་གྲངས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་ཐབས་ལམ་གཙོ་བོར་གྱུར་ཡོད།

    2020ལོའི་ཟླ་9པར། ཀྲུང་དབྱང་རྩ་འཛུགས་པུའི་ཐོན་ལས་དབུལ་སྐྱོར་མ་དངུལ་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག སྤང་དམར་གྲོང་ཚོར་ཁྱོན་མ་དངུལ་སྒོར་ཁྲི་50བཏང་ནས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྤང་དམར་ཁྱི་མགོ་ཁེ་ལས་ཚད་ཡོད་ཀུང་སི་བཙུགས་པ་རེད། གྲོང་སྡོད་ལས་དོན་རུ་ཁག་གི་རོགས་སྐྱོར་འོག་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་མང་ཚོགས་ཀྱི་སྣེ་འཁྲིད་དེ་བཟོ་ཁང་མཛེས་བཟོ་དང་། འཕྲུལ་ཆས་ཉོ་བ། ལག་རྩལ་སློབ་སྦྱོང་། ཏུང་ཧྲི་ལྷན་ཚོགས་འཛུགས་པ་སོགས་བྱས་ནས་མེད་པ་ནས་ཡོད་པའི་བར་དང་ཚད་ལྡན་མིན་པ་ནས་ཚད་ལྡན་བར་མུ་མཐུད་འཕེལ་རྒྱས་དང་སྟོབས་ཆེར་བཏང་ཡོད།

    འདི་ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྤང་དམར་ཁྱི་མགོ་ཁེ་ལས་ཚད་ཡོད་ཀུང་སིས་གྲོང་སྡོད་ལས་དོན་རུ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་དང་རོགས་རམ་འོག་ལས་སྣོན་བཟོ་རྩལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། སྤུས་ལེགས་རྒྱུ་ཆ་ལེགས་འདེམས་བྱེད་པ། བརྡ་ཁྱབ་ཇུས་འགོད་བྱེད་པ། ཐུམ་སྒྲིལ་གྱི་སྤུས་ཚད་ལེགས་སུ་གཏོང་བ། ཁྲོམ་རར་བརྟག་ཞིབ་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཡོད། སྤང་དམར་གྲོང་ཚོའི་ས་བབ་མཐོ་བའི་འབྲོག་ར་ནས་ཐོན་པའི་བལ་ནི་“འཇམ་པ་དང་། གཙང་བ། དྲོད་ཆེ་བ”བཅས་ལ་བརྟེན་ནས“གངས་ལྗོངས་ས་མཐོའི་ས་བབ་མཐོ་ཚད་སྨི་3900ཡི་སྤང་དམར་གྲོང་ཚོའི་དྲོད་འཇམ”བལ་གྱི་མལ་ཆས་ཐོན་སྐྱེད་བྱས་པ་དང་ཐོན་རྫས་ཕྱིར་ཚོང་བྱས་རྗེས་རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱི་ཤུགས་ཆེན་རྒྱབ་སྐྱོར་ཡང་ཐོབ་ནས་ཐོན་སྐྱེད་དང་ཕྱིར་ཚོང་གཉིས་ཀ་ཡག་པོ་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤང་དམར་གྲོང་ཚོས་འདི་ལོའི་དུས་ཚིགས་དང་པོ་དང་གཉིས་པར་བལ་གྱི་མལ་ཆས་485བྲིན་ཚོང་བྱས་པར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་19དང་ཁེ་གཙང་སྒོར་ཁྲི་3.4བྱུང་བ་དང་། སྔོན་དཔག་བྱས་ན། ལོ་ཧྲིལ་པོར་ཕྱིར་ཚོང་བྱེད་ཚད་2000ལྷག་ཙམ་ཟིན་ནས་སྤང་དམར་གྲོང་ཚོའི་ངལ་ནུས་ལྷག་མ་མི་20ལྷག་ཙམ་ལས་ཞུགས་གཞན་སྒྱུར་ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།