དབུ་ཤོག>ཆེད་སྒྲིག
  • ཀུ་ཤུའི་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-24

    ཁྱད་ལྡན་ཐོན་ལས་ནི་འཕེལ་རྒྱས་ལ་རོགས་སྐུལ་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་རེད། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་རིམ་གཉིས་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག གོང་དཀར་རྫོང་གིས་ཡུལ་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཞིང་ལས་དང་ནགས་ལས་ཐོན་ལས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། ནགས་ཤིང་དང་ཤིང་འབྲས་ཀྱི་ཚོང་ཟོག་དཔལ་འབྱོར་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཀུ་ཤུ་འདེབས་འཛུཌ་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་བཀྲག་མདངས་འཚེར་ས་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་པས་ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་ཤིང་འབྲས་གླིང་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་ཁྱད་ལྡན་ཐོན་ལས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ནས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་ཐུབ་པ་རེད།

    2017ལོ་ནས་བཟུང་གོང་དཀར་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ཧྲའན་ཤིས་ཡན་ཨན་དང་ཧྲན་ཏུང་ཡན་ཐའེ་སོགས་སྤུས་ལེགས་ཀུ་ཤུ་ཐོན་ཡུལ་དུ་བསྐྱོད་དེ། དེང་རབས་ཀྱི་ཤིང་འབྲས་འདེབས་འཛུགས་ལག་རྩལ་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་དང་འབྲེལ། 2018ལོར་ལྗོངས་ནང་ཁུལ་དུ་སྔོན་ཐོན་གྱི་ཁྱད་ལྡན་ཀུ་ཤུ་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་པ་རེད། 2021ལོར་གོང་དཀར་རྫོང་གིས་ཁྱད་ལྡན་ཀུ་ཤུའི་ཐོན་ལས་ཀྱི་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཞིང་། རྫོང་ཡོངས་སུ་ཁྱད་ལྡན་ཀུ་ཤུའི་འདེབས་འཛུགས་རྣམ་གྲངས་ཁག་2དང་འདེབས་ཡུལ་ཁག་7ཁྱབ་གདལ་ལག་བསྟར་བྱས་པར་འདེབས་ཁྱོན་མུའུ་13000ཟིན་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་7.25བཏང་བ་རེད། དེའི་ནང་2021ལོར་ཆེད་དོན་འདེབས་འཛུགས་རྣམ་གྲངས་མུའུ་11700དང་མ་དངུལ་སྒོར་དུང་ཕྱུར་6.5བཏང་བ་དང་། རྒྱལ་ཁབ་རྡོ་ཐ་ཅུས་ཀྱིས་འདེབས་འཛུགས་རྣམ་གྲངས་མུའུ་1300རོགས་སྐྲུན་བྱས་པར་མ་དངུལ་སྒོར་ཁྲི་7500བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།