དབུ་ཤོག>ཆེད་སྒྲིག
  • “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལས་དོན་ལ་སྐུལ་འདེད་བཏང་བར་ཕན་འབྲས་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-24

     ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱས་པའི་ཁར། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་གནད་དོན་དངོས་ཐག་གཅོད་བྱ་རྒྱུ་དང་ཟུང་འབྲེལ་གྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། མང་ཚོགས་ལ་བྱ་བ་བཟང་པོ་སྒྲུབ་རོགས་དང་། བྱ་བ་དངོས་སྒྲུབ་རོགས། དཀའ་གནད་སེལ་རོགས་བཅས་ཧུར་ཐག་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ཐོན་པར་བྱས་ཡོད།

    ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཤེས་དཔལ་ལག་ལེན་དང་བླངས་ཞབས་ཞུ་རུ་ཁག་15བཙུགས་ནས་དང་བླངས་ཞབས་ཞུ་ཐེངས་200ལྷག་ཙམ་བསྒྲུབས་པ་དང་། བཀོད་འཐབ་པ་སྒྲིག་འཛུགས་བྱས་ཏེ་སྡེ་ཁུལ་དང་། སློབ་གྲྭ ཁྲོམ་ར་བཅས་སུ་བསྐྱོད་དེ་ཏང་གི་རིགས་པའི་གཞུང་ལུགས་དང་། སྲིད་ཇུས། མེ་ཟོན་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་སྒྲོག་འགྲེལ་བྱས་ཏེ་གནད་དོན་དངོས་ཐག་གཅོད་བྱེད་རོགས་བྱས་པ་དང་། ཕན་བདེ་ཁང་དང་རྒན་གསོ་ཁང་དུ་བསྐྱོད་དེ་དབུལ་སྐྱོར་དཀའ་སེལ་དང་འཕྲོད་བསྟེན་གཙང་སྦྲ་སོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཧུར་ཐག་སྤེལ་བ། ཡུལ་སྨད་ཤང་གི་ཆེད་བསྐོས་མེ་གསོད་རུ་ཁག་བཙུགས་ནས་ཞིང་འབྲོག་ཁུལ་གྱི་མེ་ཟོན་བདེ་འཇགས་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།

    ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཞིབ་བཤེར་ཆོག་མཆན་གྱི་གོ་རིམ་སྔར་བས་སྟབས་བདེ་རུ་དང་། ལྟ་སྐུལ་དང་ཁྲིམས་འཛིན་བྱེད་སྟངས་ལེགས་སུ། ལས་དོན་སྒྲུབ་པའི་དུས་བཀག་ཐུང་དུ་བཅས་བཏང་སྟེ། མེ་ཟོན་དང་ཁྲིམས་སྐྱོང་གི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་གི་ཐབས་ཤེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། སྤྱི་ཚོགས་ཚན་པར་ལས་སྒོ་སྒྲུབ་པའི་ལས་དུས་ནར་འགྱངས་བྱས་ནས་སྒྲུབ་པ་དང་ལས་དུས་མིན་པར་སྔོན་མངགས་ཀྱིས་སྒྲུབ་པའི་ཞབས་ཞུ་མཁོ་འདོན་བྱས་པ། ཛ་དྲག་གི་བྱ་བ་འཕྲལ་མར་སྒྲུབ་པ་དང་དམིགས་བསལ་གྱི་བྱ་བ་དམིགས་བསལ་གྱིས་བསྒྲུབས་ནས་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ། “ལས་ཞོར”གྱི་དུས་ཚོད་སྤྱད་དེ་སྤྱི་ཚོགས་ཚན་པ་30ལ“མི་མང་འདུ་འཛོམས་བྱ་ཡུལ་གཉེར་སྐྱོང་མ་བྱས་གོང་མེ་ཟོན་བདེ་འཇགས་ཞིབ་བཤེར་ལས་དོན”ནར་འགྱངས་བྱས་ནས་སྒྲུབ་པ་དང་སྔོན་མངགས་ཀྱིས་སྒྲུབ་པའི་རྣམ་པའི་ཐོག་ནས་སྤེལ་ཡོད། དེ་དང་དུས་མཚུངས། “སྐབས་བསྟུན་གཉིས”ཀྱི་མེ་ཟོན་ལྟ་སྐུལ་ཞིབ་བཤེར་ལས་དོན་དང་ཟུང་འབྲེལ་བྱས་ཏེ། རང་འགུལ་ངང་སྤྱི་ཚོགས་ཚན་པའི་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་པ་དང་། སྤྱི་ཚོགས་ཚན་པའི་མེ་ཟོན་ལག་རྩལ་ཞབས་ཞུར་ཤུགས་སྣོན་བརྒྱབ་པ། “གཅིག་གཏད་གཅིག”སོགས་རྗེས་འདེད་ཞབས་འདེགས་ཞུས་ཤིང་། རིམ་རྩིས་བྱས་ན་སྤྱི་ཚོགས་ཚན་པ་50ལྷག་ཙམ་ལ་མེ་ཟོན་བདེ་འཇགས་དོ་དམ་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རོགས་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།