དབུ་ཤོག>ཆེད་སྒྲིག
  • “དུས་ནམ་ཡང་སྔོན་སྐྱོད་ལེན་ཤོག་གི་རྒྱུན་འཛིན་པ་བྱེད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-22

    1096107_yis_1632240000000_s.jpg

     སྤུ་ཧྲེང་རྫོང་མཐའ་སྲུང་ལེན་ཤོག་གི་ཟུར་ཞིག

    མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ནི་ཀྲུང་གོ་དང་། རྒྱ་གར། ནེ་པ་ལ་བཅས་རྒྱལ་ཁབ་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། 1951ལོའི་ཟླ་5ཚེས་28ཉིན། ཤིན་ཅང་དམག་ཁུལ་རང་ཚུགས་རྟ་དམག་ཧྲི་ཤོག་གི་ཐོན་ཤོག་2པའི་ཐོན་ཀྲང་གཞོན་པ་ཨན་ཀྲི་མིང་གིས་སྣེ་ཁྲིད་པའི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་ཡན་ལག་རུ་ཁག་གིས་གྲ་མ་མང་པོར་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་དང་མཉམ་འཛོམས་བྱས། ཟླ་7ཚེས་15ཉིན། སྤུ་ཧྲེང་རྫོང་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་དང་། སྔོན་སྐྱོད་ལེན་ཤོག་ཡན་ལག་རུ་ཁག་དང་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་འགའ་ཞིག་གིས་བཀའ་ལྟར་སྒྲིག་ཁུངས་ལེགས་སྒྲིག་བྱས་རྗེས་སྤུ་ཧྲེང་རྫོང་དུ་བཅའ་སྡོད་བྱས། ལེན་ཤོག་གིས་སྤུ་ཧྲེང་རྫོང་བྱང་ཤར་གྱི་སྤྱི་ལེ་1.5ཡི་སར་ཡོད་པའི་མཐོ་སར་དམག་སྒར་བཙུགས། དུས་དེ་ནས་བཟུང་སྤུ་ཧྲེང་རྫོང་མཐའ་སྲུང་ལེན་ཤོག་གིས་ཐོག་མཐའ་བར་གསུམ་དུ་མཐའ་མཚམས་བརྟན་སྲུང་གིས་སྤུ་ཧྲེང་རྫོང་དུ་རྩ་བ་བཙུགས།

    “ལེན་ཤོག་གིས‘ཏང་ལ་འགན་འཁུར་བ་དང་། མི་དམངས་ལ་འགན་འཁུར་བ། མཉམ་སྡེབ་ལ་འགན་འཁུར་བ། མི་སྒེར་ལ་འགན་འཁུར་བ’བཅས་ཀྱི་སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་སྔོན་སྐྱོད་ལེན་ཤོག་གི་རྒྱུན་འཛིན་པ་བརྩོན་ལེན་བྱེད་པའི་འབོད་ཚིག་བསྒྲགས” སྤུ་ཧྲེང་རྫོང་མཐའ་སྲུང་ལེན་ཤོག་གི་སློབ་སྟོན་པ་ལིའུ་ཀྲེ་ལུང་གིས། དམག་མི་གསར་པ་ལེན་ཤོག་ནང་ཞུགས་པ་ནས་བཟུང་ལེན་ཤོག་གིས་སྔོན་སྐྱོད་ལེན་ཤོག་གི་གནའ་ཤུལ་ལ་ལྟ་སྐོར་དང་། ལེན་ཤོག་གི་དངོས་མཚོན་པར་གཞི་དང་གློག་བརྙན《སྔོན་སྐྱོད་ལེན་ཤོག》ལ་ལྟ་བ། “སྔོན་སྐྱོད་ལེན་ཤོག་གི་གཏམ་རྒྱུད་བཤད་དེ། སྔོན་སྐྱོད་ལེན་ཤོག་གི་རྒྱུན་འཛིན་པ་བརྩོན་ལེན་བྱེད་པ”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བཅས་བྱས་ཏེ། དཔོན་དམག་ཚོར་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་མི་སེམས་འགུལ་བའི་གཏམ་རྒྱུད་དང་སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས་ཚོར་བར་བྱས་ཡོད་ཅེས་བཤད་བྱུང་། བྱེད་སྒོ་སྤེལ་བ་བརྒྱུད། དཔོན་དམག་ཚོས་གཏམ་རྒྱུད་ཉན་པ་ནས་གཏམ་རྒྱུད་ཤོད་པའི་བར་དང་། གཞན་སྐུལ་གྱི་དང་ལེན་བྱེད་མཁན་ནས་རིམ་བཞིན་རང་འགུལ་ངང་རྒྱུན་འཛིན་བྱེད་མཁན་དུ་གྱུར། དེ་ལྟར་དཔོན་དམག་མི་རབས་མང་པོས་ལེན་ཤོག་གི་སྙིང་སྟོབས་འདི་རིགས་རྒྱུན་ཆད་མེད་པར་རྒྱུན་འཛིན་བྱས་དང་བྱེད་མུས་རེད།

    ལོ་ངོ་70ཡི་གོང་། བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་བསྐྱོད་མྱོང་བའི་སྐོར་གཡེང་ས་ཚིགས་སུ་ད་ཆ་སྤུ་ཧྲེང་རྫོང་མཐའ་སྲུང་ལེན་ཤོག་གི་དཔོན་དམག་ཚོས་སྔར་བཞིན་ཁ་བ་བུ་ཡུག་ལ་མ་འཛེམ་པར་སྐོར་གཡེང་མཐའ་འཁྱོངས་བྱེད་བཞིན་ཡོད།

    ལོ་ངོ་70ཡི་གོང་། བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གིས་བཅིངས་འགྲོལ་བཏང་བའི་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་དེར་ད་ཆ་སྤུ་ཧྲེང་རྫོང་མཐའ་སྲུང་ལེན་ཤོག་གི་དཔོན་དམག་ཚོས་སྔར་བཞིན་ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་མཐའ་སྲུང་ལས་ལ་གཞོལ་བཞིན་ཡོད།

    ལོ་29ལ་སླེབས་པའི་ལིའུ་ཀྲེ་ལུང་ནི་སྤུ་ཧྲེང་རྫོང་མཐའ་སྲུང་ལེན་ཤོག་གི་སློབ་སྟོན་པ་ཨང་26པ་རེད། 2016ལོར་དམག་མིའི་སློབ་གྲྭ་ཐོན་རྗེས། ཁོང་གིས་རང་འགུལ་ངང་མངའ་རིས་སུ་མཐའ་མཚམས་བརྟན་སྲུང་བྱེད་པར་བསྐྱོད་རྒྱུའི་རེ་འདུན་ཞུས་པ་ནས་བཟུང་། ཁོང་གི་ཡོད་ཚད་སྤུ་ཧྲེང་རྫོང་མཐའ་སྲུང་ལེན་ཤོག་དང་དམ་པོར་སྦྲེལ།

    སྤུ་ཧྲེང་རྫོང་མཐའ་སྲུང་ལེན་ཤོག་གི་སྒར་ཁུལ་ནས་དཔོན་དམག་ཚོས་སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་གང་སར་མཐོང་རྒྱུ་ཡོད། “སྒར་ཁུལ་དུ་སླེབས་མ་ཐག་ཐོག་མར་མིག་ལམ་དུ་འཆར་བ་ནི་རི་སྟེང་གི‘ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག’ཅེས་པའི་སྦྱར་ཡིག་དེ་རེད། དེ་ཐོག་ནས་སྔོན་སྐྱོད་ལེན་ཤོག་གིས་ཏང་ལ་འགན་འཁུར་ཞིང་ཏང་ལ་རྦད་དེ་ལྷག་བསམ་རྣམ་དག་ཡིན་པ་མཚོན་གྱི་ཡོད། སྒར་ཁུལ་སྒོ་འགྲམ་གྱི་གཞོགས་གཉིས་སུ་བཞག་པའི“སྔོན་སྐྱོད་ལེན་ཤོག་གི་རྒྱུན་འཛིན་པ་བརྩོན་ལེན་བྱེད”སོགས་རིག་གནས་རྡོ་བརྐོས་ལས་བློ་གཅིག་སེམས་གཅིག་གིས་མཐའ་སྲུང་དང་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་མཁན་ལེན་ཤོག་ཡོངས་ཀྱི་དཔོན་དམག་གི་བསམ་པའི་ཉམས་འགྱུར་མངོན་གྱི་ཡོད་ཅེས་ལིའུ་ཀྲེ་ལུང་གིས་བཤད་བྱུང་།

    2010ལོའི་ལོ་མཇུག་ཏུ། དམག་མིར་ཞུགས་པ་ནས་བཟུང་། སློབ་ཆེན་སློབ་མའི་དམག་མི་དང་རིམ་པ་བཞི་པའི་ཅུན་ཧྲེ་དཔོན་ཡིན་པའི་རེན་ཤིང་ཧྭ་ཡིས་དྲུང་ཡིག་དང་། དམག་རྟ་གསོ་ཚགས་པ། དམག་ཁྱི་སྦྱོང་བརྡར་པ། མ་བྱན། འདེབས་འཛུགས་པ་སོགས་ཀྱི་ལས་ཀ་བྱེད་མྱོང་ཡོད། ལས་ཀ་གང་ཞིག་བྱས་རུང་རེན་ཤིང་ཧྭ་ཡིས་སེམས་རྣལ་དུ་ཕབ་ནས་འབད་བརྩོན་བྱས་པར་ཚང་མའི་ཁས་ལེན་ཐོབ། “སློབ་ཆེན་སློབ་མ་ཞིག་དམག་མིར་ཞུགས་ནས་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ལས་ཀ་བྱེད་པ་ལས་འཐབ་འཛིང་པན་ཕའེ་རུ་ཕྱིན་ན་ལེགས་ཞེས་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ལས་ཀ་བྱས་པའི་ཐོག་མར་བློ་མཐུན་ཁ་ཤས་ཀྱིས་དེ་ལྟར་ཤོད་མྱོང་ལ་ངས་ཀྱང་དེ་ལྟར་བསམ་མྱོང་། སྔོན་སྐྱོད་ལེན་ཤོག་གི་གཟི་བརྗིད་བྱས་རྗེས་སློབ་སྦྱོང་བྱས་པ་བརྒྱུད། ངས‘ལས་གནས་ལ་ཆེ་ཆུང་མེད། ལས་ཀ་ཧུར་ཐག་བྱས་ན་བྱས་རྗེས་འདྲ་འདྲ་འཇོག་ཐུབ་པའི’བསམ་ཚུལ་འཁྱེར་བ་ཡིན། བསམ་བློའི་འཁྱེར་སོ་དེ་ལྟ་བུ་ཡོད་པས། རྩ་འཛུགས་ཀྱིས་ང་རང་ལས་གནས་གང་དུ་བཞག་ཀྱང་ངས་བློ་རྩེ་གཅིག་སྒྲིམ་ངང་འབད་བརྩོན་བྱས་ཏེ་བྱ་བ་ཚང་མ་ཡག་པོ་སྒྲུབ་གང་ཐུབ་བྱེད་ཀྱི་ཡོད”ཅེས་རེན་ཤིང་ཧྭ་ཡིས་བཤད།

    སྤུ་ཧྲེང་རྫོང་མཐའ་སྲུང་ལེན་ཤོག་གི་དཔོན་དམག་ཚོས་རང་དཔེ་གཞན་སྟོན་གྱིས་སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས་རྒྱུན་འཛིན་བྱས་པ་མ་ཟད། ད་དུང་རྣམ་པ་སྣ་ཚོགས་ཐོག་ནས་སྤྱི་ཚོགས་ལས་རིགས་ཁག་ལ་དྲིལ་བསྒྲགས་ཀྱང་བྱས། “སྔོན་སྐྱོད་ལེན་ཤོག་གི་གནའ་ཤུལ་ཡང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གྱུར་ཡོད། འདི་ལོ་ཚུན་དུ་ལེན་ཤོག་གིས་ཁག་50ལྷག་ཙམ་ཟིན་པའི་ལྟ་སྐོར་དང་སློབ་སྦྱོང་བྱེད་མཁན་མི་ཐེངས་སྟོང་ལ་སྣེ་ལེན་ཞུས་ཡོད” ལིའུ་ཀྲེ་ལུང་གིས་ལྟ་སྐོར་དུ་ཡོང་མཁན་བློ་མཐུན་ཚང་མར་སློབ་གསོ་གཏིང་ཟབ་ཐེབས་པ་དང་ཕན་འབྲས་ཆེན་པོ་ཐོན་ཡོད་ཅེས་བཤད་བྱུང་།

    རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པར་མཉམ་སྡེབ་བྱས་རྗེས་རིམ་པ་གཉིས་པ་དང་རིམ་པ་གསུམ་པའི་མཚན་སྙན་ཐོབ་པ་མ་ཟད། གཞི་རིམ་འཛུགས་སྐྱོང་གི་སྔོན་ཐོན་ལེན་ཤོག་ལ་བདམས་པ་སོགས་གཟི་བརྗིད་མཚན་སྙན་རེ་རེ་དང་གོས་དར་རེ་རེ་ཐོབ་པ་དེ་ཐོག་ནས། སྤུ་ཧྲེང་རྫོང་མཐའ་སྲུང་ལེན་ཤོག་གིས་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་རྒྱུན་འཛིན་པའི་མཚན་སྙན་དེར་ངོ་གནོང་མི་དགོས་པ་ཞིག་བྱས་པ་ར་སྤྲོད་ཐུབ་ཡོད། “དུས་རབས་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡང་སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས་ནམ་ཡང་ཉམས་མེད། དཔོན་དམག་སུ་འདྲ་ཞིག་ཡིན་རུང་ང་ཚོས་ནམ་ཡང་སྔོན་སྐྱོད་ལེན་ཤོག་གི་རྒྱུན་འཛིན་པ་བྱེད་དགོས་ལ། ལས་གནས་གང་ཞིག་ཏུ་ཡོད་ཀྱང་ང་ཚོས་ཏང་གིས་ང་ཚོར་སྤྲད་པའི་ལས་དོན་ཡག་པོ་སྒྲུབ་དགོས”ཞེས་ལིའུ་ཀྲེ་ལུང་གིས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།