དབུ་ཤོག>ཆེད་སྒྲིག
  • ཡར་ཀླུང་མི་དམངས་སྤྱི་གླིང་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-22

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཀྱི་གྲོང་ཁྱེར་སྤྱི་གླིང་ཆེ་གྲས་དང་པོ་སྟེ་ཡར་ཀླུང་མི་དམངས་སྤྱི་གླིང་བསྐྲུན་ནས་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཡར་ཀླུང་མི་དམངས་སྤྱི་གླིང་གི་སྤྱིའི་འཆར་འགོད་རྒྱ་ཁྱོན་སྨི་ངོས་གྲུ་405710.6ཟིན་པ་དང་། འཛུགས་སྐྲུན་བྱ་གཞི་ནི་ལྗང་མདོག་གཙོ་བར་བྱས་པའི་རྨང་གཞིའི་ལས་གྲྭ་དང་། སྐྱེ་ཁམས་ལས་གྲྭ བྱེད་ནུས་ལས་གྲྭ་བཅས་གསུམ་ཡིན་ཞིང་། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.2ཙམ་བཏང་བ་རེད།

    འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཡར་ཀླུང་མི་དམངས་སྤྱི་གླིང་ནི་སྤྲོ་གསེང་རོལ་རྩེད་དང་། ལུས་རྩལ་ལུས་སྦྱོང་། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོ་བཅས་གཞི་གཅིག་ཏུ་འདུས་པའི་ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཕྱོགས་བསྡུས་རང་བཞིན་གྱི་སྤྱི་གླིང་ཐོག་མ་དེ་ཡིན་ཞིང་། དེ་ལས་ཆུ་དྭངས་སྤང་ལྗོངས་དང་ཁམ་སྡོང་རྒྱ་ལྕང་སོགས་རྩི་ཤིང་ཡོད་པའི་གྲོང་ཁྱེར་གྱི་རྣམ་པ་གསར་པ་གཅིག་སྡུད་དུ་མངོན་པ་དང་། རི་ཆུ་ཕན་ཚུན་གཅིག་འདྲེས་དང་གྲོང་ཁྱེར་དང་སྤྱི་གླིང་མཉམ་འདྲེས་ཀྱི་གྲོང་ཁྱེར་གྱི་བཀོད་པ་གསར་པ་དང་། གང་སར་གོས་ལྗང་བཀླུབས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གྲོང་ཁྱེར་གྱི་རྣམ་པ་གསར་པ་བཏོད་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།