ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་སྡེ་ཚན་ཁག་གིས་ཆེད་དོན་ཟུར་ཁྲིད་དང་གཅིག་སྡུད་བགྲོ་གླེང་སོགས་ཀྱི་བྱེད་ཐབས་བརྒྱུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སེམས་ལ་ཟུག་པ་དང་དོན་འཁྱོལ་ཞིབ་ཚགས་ཐུབ་པ་བྱས་ཡོད། རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་ད་ཐེངས་ཀྱི་སློབ་སྦྱོང་གོ་སྐབས་སུ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་བླངས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལུའོ་ཅུན་གྱིས། ལྗོངས་སྲིད་གྲོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་སྙན་ཞུ་བྱས་པ་རེད། ཚང་མས་སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་པ་དང་། གཙོ་གནད་མངོན་གསལ་དོད་པ། ནང་དོན་གཏིང་ཟབ་པ། གོ་སླ་ཤེས་བདེ་བཅས་ཡོད་པས་བློ་སྒོ་ཕྱེ་བ་དང་སློབ་གསོ་ཆེན་པོ་ཐེབས་བྱུང་། སླད་ཕྱིན་གྱི་ལས་ཀའི་ནང་། ལས་གནས་ཀྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ་རང་ཉིད་དེའི་ནང་ཞུགས་པ་དང་། འགན་འཁྲི་དང་ཟུང་འབྲེལ། ལས་ཀ་དང་ཟུང་འབྲེལ་བཅས་བྱེད་པ་དང་། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་པ་བཅས་བྱས་ཏེ། བསམ་བློའི་ཐད་སློབ་སྦྱོང་བྱེད་དོན་གང་ཡིན་པ་ཁོང་དུ་ཡག་པོ་ཆུད་པ་དང་བྱ་སྤྱོད་ཐད་ཇི་འདྲ་བྱེད་པའི་ལན་ཡག་པོ་འདེབས་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། རང་སྐྱོང་ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་གཉིས་པའི་དུས་རབས་གསར་པའི་བོད་ལྗོངས་སྤྱི་ཚོགས་ཚན་རིག་གི་འཆད་ཁྲིད་གཉེར་ནས་བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་འབུམ་རམས་པའི་སློབ་དཔོན་དགེ་རྒན་ཆེ་མོ་བ་བཀྲ་ཤིས་གདན་དྲངས་ཏེ《གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁོང་དུ་ཆུད་པ་དང་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་རིག་གཞུང་སྙན་ཞུ་བྱས་པ་རེད། རང་ལྗོངས་ཀྱི་སློབ་ཆེན་ཁག་དང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་། ལྗོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་ཚན་པ་ཁག སློབ་ཚོགས། མཐུན་ཚོགས། ཞིབ་འཇུག་ལྷན་ཚོགས་བཅས་ཀྱི་འཐུས་མི་ཁག་གཅིག་ཚོགས་འདུར་ཞུགས་ཡོད། སྙན་ཞུ་གནང་སྐབས་དགེ་རྒན་ཆེ་མོ་བ་བཀྲ་ཤིས་ཀྱིས་གསོན་ཉམས་དོད་པའི་སྐད་ཆ་དང་དཔེ་མཚོན་དྲངས་ནས་སྤྱི་ཁྱབ་ཧྲུའུ་ཅིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་གོ་བ་ཡང་དག་ལེན་པའི་དོན་སྙིང་གལ་ཆེན་དང་། གཞི་རྩའི་ནང་དོན། བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་རིགས་པའི་གཞུང་ལུགས་ཀྱི་རང་བཞིན་ལྡན་ལ་ལག་ལེན་གྱི་རང་བཞིན་ཡང་ལྡན་པའི་བརྒྱུད་རིམ་ནས་འགྲེལ་བཤད་བྱས་པས་ཚང་མའི་བློ་སྒོ་ཕྱེ་ཡོད་པ་རེད།
བོད་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་དུས་ཐེངས་ལྔ་པའི“ཧི་མ་ལ་ཡའི་སྲུང་དམག་གི་སློབ་ཁང་ཆེ་མོའི”ཐོག་རང་སྐྱོང་ལྗོངས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལེང་ཉིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཆེད་དོན་སྒྲོག་འགྲེལ་བྱས་པ་དང་ཚང་མས་ནན་ཏན་ངང་ཉན་པ་དང་དུས་མཚུངས་ཟིན་བྲིས་ཞིབ་ཕྲ་བརྒྱབ་པ་རེད། “སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལས་ང་ཚོས་དུས་རབས་གསར་པའི་བོད་ཀྱི་གནས་སྤོས་ཡུལ་མི་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སླད་ཕྱིན་ང་ཚོས་མུ་མཐུད་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་ཀྱི་མཐའ་མཚམས་འགག་སྒོའི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་གི་ཡིན”ཞེས་བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་གཞུང་དོན་ཁང་གི་རིམ་པ་དང་པོའི་ཉེན་རྟོག་དཔོན་ཞུས་ཕུང་གིས་བཤད།
ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་གསོ་ཞིབ་འཇུག་པུའི་འཆད་ཁྲིད་དགེ་རྒན་ལིའུ་དབྱང་གིས། ལྗོངས་མི་དམངས་མཁའ་ཟོན་གཞུང་དོན་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྐོར་ལ་ཆེད་དོན་སྒྲོག་འགྲེལ་སྙན་ཞུ་བྱས་པ་རེད། སྒྲོག་འགྲེལ་མཇུག་འགྲིལ་མཚམས་སུ་ལིའུ་དབྱང་གིས་ཚང་མས་བཏོན་པའི་དྲི་བ་རེ་རེ་བཞིན་ལ་ལན་བཏབ་པ་རེད། རང་སྐྱོང་ལྗོངས་མི་དམངས་མཁའ་ཟོན་གཞུང་དོན་ཁང་ཕྱོགས་བསྡུས་ཁྲུའི་ལས་བྱེད་པ་ཀྲང་དབྱི་ཁའེ་ཡིས། གཞུང་དོན་ཁང་གི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་ལས་བཟོ་ཚོས་བོད་ཀྱི་ལས་དོན་ཐད་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གསར་པར་མུ་མཐུད་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལ་བཅངས་པའི་བརྩེ་སེམས་དང་ཐུགས་ཁུར་དེ་མི་དམངས་མཁའ་ཟོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱས་ཏེ་དམག་འཁྲུག་སྐབས་ཀྱི་མཁའ་ཟོན་དང་། རྒྱུན་གཏན་གྱི་ཞབས་ཞུ། འཕྲལ་སྡོམ་རོགས་སྐྱོར་བཅས་ཀྱི་འགན་ནུས་དང་ལས་འགན་ནུས་ལྡན་ངང་བསྒྲུབས་ནས་དུས་རབས་གསར་པའི་སྟོབས་ཆེ་ལ་སྲ་ཞིང་བརྟན་པའི་དེང་རབས་མི་དམངས་མཁའ་ཟོན་མ་ལག་བསྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན་ཞེས་བཤད་པ་རེད།