ཉིན་ཤས་གོང་། གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་2021ལོའི“གསར་གཉིས”རྩ་འཛུགས་ཀྱི“ཡོངས་ཁྱབ་གཉིས”ཀྱི་ལས་དོན་སྐུལ་འདེད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་ཡོངས་ཀྱི“གསར་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། ལས་དོན་ཨུ་ལྷན་གྱིས་སྤྱི་འདོམས་དང་། ཏང་ཨུད་ཀྱིས་འགོ་འཁྲིད་པ། སྤྱི་ཁྱབ་ཀྲི་པུའུ་ཡིས་འགན་འཁུར་བ། ཀྲི་པུའུ་ཡིས་ཡོངས་ཁྱབ་བྱེད་པ་བཅས་ཀྱི་རྩ་འཛུགས་མ་ལག་རགས་ཙམ་ཆགས་ཏེ། “གསར་གཉིས”རྩ་འཛུགས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དེ“ཡོད་མེད”ནས“སྟོབས་ཆེན་ཡིན་མིན”དང“སྒྲུབ་ཡོད་མེད”ནས“ཕུལ་བྱུང་ཡིན་མིན”ལ་འགྱུར་ལྡོག་བྱུང་བའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད།
ལོ་མང་པོའི་རིང་གྲོང་ཁྱེར་ཡོངས་ཀྱི“གསར་གཉིས”རྩ་འཛུགས་ཀྱིས་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས“གསར་གཉིས”རྩ་འཛུགས་ཁྲོད་ཏང་གི་རྩ་འཛུགས་དང་ལས་དོན་གྱི་ཁྱབ་རྒྱ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ཏང་དོན་ལས་དོན་པ་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ལས་བཟོ་མང་ཚོགས་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་སྲོག་ཤིང་དང་ཁེ་ལས་འཕེལ་རྒྱས་ཁྲོད་ཀྱི་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། ཟླ་8པའི་ཟླ་མཇུག་བར་གྲོང་ཁྱེར་ཡོངས་ཀྱི“ཡོད་པ་གསུམ”གྱི་ཚད་གཞིའི་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་58.55%ཟིན་པ་དང་། བཟོ་ཚོགས་རྩ་འཛུགས་ཁྱབ་ཚད་50.03%ཟིན་པ། གུང་གཞོན་སྡེ་ཚོགས་རྩ་འཛུགས་ཁྱབ་ཚད་41.92%ཟིན་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཁྱབ་ཚད་43.65%ཟིན་པ་བཅས་2020ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་25.8དང་། 14.28 6.41 9.22བཅས་སོ་སོར་འཕར་ཡོད་པ་དང་། སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་100%ཟིན་པ་དང་། བཟོ་ཚོགས་རྩ་འཛུགས་ཁྱབ་ཚད་76%ཟིན་པ། གུང་གཞོན་སྡེ་ཚོགས་རྩ་འཛུགས་ཁྱབ་ཚད་68%ཟིན་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཁྱབ་ཚད་84%ཟིན་པ་བཅས་2020ལོ་དང་བསྡུར་ན་བརྒྱ་ཆའི་གྲངས་2.17དང་། 14 16 2བཅས་སོ་སོར་འཕར་བ། དམངས་གཉེར་སློབ་གྲྭ་དང་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཏང་རྩ་འཛུགས་ཁྱབ་ཚད་གཉིས་ཀ་100%ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི“གསར་གཉིས”རྩ་འཛུགས་ཀྱི་ཏང་ཡོན་གྱི་གྲངས་འབོར་4000ལྷག་ཙམ་བར་མང་དུ་ཕྱིན་ཡོད་པ་རེད།