ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཡོན་ལས་བྱེད་པས་ཡུག་ཁུལ་དང་། དུད་ཚང་། མི་བཅས་འགན་གཙང་ལེན་པའི་གཞི་རིམ་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ནུས་པ་ཁྱབ་གདལ་བཏང་བ་དང་། རྒྱ་ཆེའི་ཏང་ཡོན་ལ་ཐོབ་ཐང་གསལ་སྟོན་དང་མིག་དཔེ་འདོན་རྒྱུར་ཁྲིད་སྟོན། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བཅས་བྱས་ནས་ཏང་ཡོན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་སྐབས་དེ་བས་དྲོ་སྐྱིད་ལྡན་པ་དང་། དེ་བས་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ། དེ་བས་དམངས་སེམས་དང་མཐུན་པ་བཅས་ཡོང་བར་བྱས་པ་རེད།
མི་སྣ་ཡོངས་ཞུགས་པའི་བཀོད་པ་ཆེན་པོ་བཏོད་པ།
ཉིང་ཁྲི་གྲོང་ཁྱེར་གྱིས“གཏོགས་ཁོངས་དོ་དམ་དང་། ཐག་ཉེ་ས་དང་སྟབས་བདེ་ས། འཁོས་དཔག་ལས་སྒྲུབ། ཕན་འབྲས་དངོས་ལ་སྣང་ཆེན”བཅས་ཀྱི་རྩ་དོན་གཞིར་བཟུང་། ཏང་ཡོན་ཁྱབ་ཚུལ་དང་ཞིང་འབྲོག་ཁུལ་དང་གྲོང་ཁྱེར་སྡེ་ཁུལ་གྱི་མང་ཚོགས་ཀྱི་སྡོད་གནས་གཞིར་བཟུང་། རོགས་རམ་དང་སྣེ་ཁྲིད་ཀྱི་འཇོན་ཐང་ལྡན་པའི་ཏང་ཡོན་ཚང་མ་འགན་ལེན་དང་འབྲེལ་གཏུག་བྱེད་ཁོངས་སུ་བཅུག་པ་རེད། མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་1536ལ་གནད་སྨིན་ཆ་སྒྲིག་དང་། གནད་སྨིན་འབྱོར་ཐོ་འགོད་པ། གནད་སྨིན་ཞབས་འདེགས་བཅས་མངོན་འགྱུར་བྱུང་བ་དང་། ཏང་ཡོན་ཁྲི་3ཙམ་གྱིས་མང་ཚོགས་ཁྲི་19ཙམ་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུས་ནས་སྤྱི་ཚོགས་བཅོས་སྐྱོང་དང་། གྲོང་གསེབ་དར་རྒྱས། སྲིད་ཇུས་སྒྲོག་འགྲེལ། དམངས་ཆེད་དཀའ་ངལ་སེལ་བ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་བཞིན་ཡོད།
བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོར་སྐྱོད་སྐབས་ཡངས་ཤིང་རྒྱ་ཆེ་བའི་ཨར་འདམ་ལམ་དང་།གཙང་ཞིང་གྲལ་སྟར་འགྲིག་པའི་གྲོང་ཚོའི་རྣམ་པ། ཁྱད་ཆོས་མངོན་གསལ་དོད་པའི་སྡོད་ཁང་གསར་པ་སྟར་པ་མཉམ་གཤིབ་ཏུ་གནས། འོན་ཀྱང་དེ་སྔོན་སད་སྒོ་རྭ་གྲོང་ཚོ་ཡོངས་སུ་དུད་ཚང་36ཡོད་པ་ལས་དུད་ཚང་དབུལ་པོ་ཁོ་ན་བཅུ་གྲངས་ཁ་ཤས་ཡོད་པ་དང་། གྲོང་ཚོའི་ནང“བཙོག་ཟིང་ཞན”གྱི་གནད་དོན་མངོན་གསལ་དོད་པ་མ་ཟད། ཁྱིམ་མཚེས་དབར་ས་ཞིང་དང་སྒོ་ཕྱུཌ་སོགས་ཀྱི་གནད་དོན་ཐད་རྩོད་གཞི་ཐོན་གྱི་ཡོད།
2013ལོའི་ལོ་འགོར་གྲོང་ཚོའི་ཏང་ཀྲི་པུས་ཆེད་དོན་ཚོགས་འདུ་འཚོགས་ནས་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་རྗེས་ཀྲི་པུའི་སྣེ་ཁྲིད་ཀྱི་འཇོན་ཐང་ཆེན་པོ་མེད་པ་དང་མང་ཚོགས་ཀྱི“སྒུག་བརྟེན་སློང”གསུམ་གྱི་བསམ་བློ་ཚབས་ཆེ་བ་སོགས་ཀྱི་གནད་དོན་ངེས་ཅན་ལྷག་ཡོད་པ་ཤེས་རྟོགས་བྱུང་། དེར་བརྟེན་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་ཚང་མར་ཏང་ཡོན་ཡོད་པའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ཀྲི་པུའུ་དང་། ཏང་ཡོན། ཁྱིམ་ཚང”བཅས་ཚང་མ་ཞུགས་པའི་བྱེད་སྟངས་གཏན་འཁེལ་བྱས་ནས་ཏང་ཡོན་ལ་ཏང་གི་ཤེས་བྱའི་སློབ་གསོ་དང་། དམངས་ཕྱུག་སྲིད་ཇུས་སྒྲོག་འགྲེལ། སྤེལ་རེས་ལྟ་སྐོར་གསོ་སྦྱོང་སོགས་ཧུར་ཐག་བྱས་ཏེ་ཏང་ཡོན་ཡོངས་ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བཟོ་བྱེད་རོགས་བྱས་པ་རེད།
སྤྱི་ཚོགས་བཅོས་སྐྱོང་གི“སྟོབས་ཤུགས་དངོས”ཆེ་རུ་བཏང་བ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་རྩ་འཛུགས་དང་ལས་དོན་ནུས་ལྡན་ངང་ཁྱབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་རྩ་འཛུགས་ཀྱི་དྲ་རྒྱ་རྒྱུན་ཆད་མེད་པར་ཚགས་དམ་དུ་གཏོང་བ་དང་རྩ་འཛུགས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་གཞི་རིམ་ཏང་རྩ་འཛུགས་ཀྱི་སྲོག་ཤིང་ནུས་པར་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་བ་རེད། ཏང་འཛུགས་སྐྱོང་དང་། ཕྱོགས་བསྡུས་བཅོས་སྐྱོང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་བསྡུ་སྒྲིལ་བྱས་པ་དང་། དྲ་མིག་ཅན་གྱི་ཏང་ཚོགས་ཆུང་3710ལེགས་སྒྲིག་དང་བཙུགས་པ། དུད་སྦྲེལ་སྤྱི་མི་དང་དྲ་མིག་ཅན་གྱི་དོ་དམ་པ་4924ཁ་གསབ་དང་ལེགས་འདེམས་བྱས་པས་དྲ་མིག་ཅན་གྱི་དོ་དམ་ཁྱོན་ཡོངས་ལ་ཁྱབ་ཡོད། གྲོང་ཁྱེར་དང་། ཆུས། ཁྲོམ་གཞུང་། སྡེ་ཁུལ་བཅས་ཀྱི་ཏང་རྩ་འཛུགས་ཀྱི་རིམ་བཞིའི་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དྲ་མིག་ཅན་གྱི་ཏང་ཡོན་མི་དམངས(ལས་རོགས)ཉེན་རྟོག་པ་160གྲོང་ཚོ(སྡེ་ཁུལ)རུ་བརྟན་ལྷིང་སྲུང་སྐྱོང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པའི་འགན་གཅིག་ལྕོགས་འཁུར་བ་དང་སྡེ་ཁུལ་གྱི“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི་543ཚང་མ་སྡེ་ཁུལ་བཅོས་སྐྱོང་གི་སྟོབས་ཤུགས་ནང་བཅུག་པ་རེད།
ཀོང་པོ་རྒྱ་མདའ་རྫོང་གིས་དུད་སྦྲེལ་ཏང་འཛུགས་སྐྱོང་ལས་དོན་གསར་གཏོད་བྱས་ཏེ་དུད་སྦྲེལ་ཚན་པ་1168ལ་ཏང་ཡོན་ཞབས་ཞུའི་ས་ཚིགས་880བཙུགས་ནས་ཐག་ཉེ་ས་དང་སྟབས་བདེ་སར་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུས་པ་རེད།
སྨན་གླིང་རྫོང་གིས“གོ་གནས་ཡོད་པའི་ཏང་ཡོན”གྱི་དཔེ་སྟོན་སྣེ་ཁྲིད་དང“གོ་གནས་མེད་པའི་ཏང་ཡོན”གྱི་ལས་གནས་ཁས་ལེན་དང་འགན་འཁྲི་ཁས་ལེན་ཟུང་འབྲེལ་བྱས་ཏེ་གྲོང་ཚོ་དང་གྲོང་ལྷན་གྱི་གསར་བརྗེའི་དྲ་མིག་69བཙུགས་པ་དང་། “འགན་ལེན་གསུམ”གྱི་ཞིབ་ཕྲའི་རེའུ་མིག་69བཟོས་པ། “ཟླ་རེར་ཐེངས་རེ་བསྐྱར་འདྲི་བྱེད་པའི”ཕུགས་ཕན་ལམ་སྲོལ་ལག་བསྟར་བཅས་བྱས་ནས་ཏང་ཡོན་གྱི“འགན་ལེན་གསུམ”གྱི་ལས་དོན་གྱིས་སྤྱི་ཚོགས་བཅོས་སྐྱོང་ལ་རྒྱུན་རྣམ་དང་ཕུགས་ཕན་གྱི་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་བཏང་བ་རེད།
དམངས་ལ་ཞབས་འདེགས་ཞུ་བའི“སྒུལ་ཤུགས་གསར་པ”འཕེལ་བར་བྱས་པ།
ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱ་ཆེའི་ཏང་ཡོན་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་རྩ་འཛུགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“སྦྲེལ་ཟམ”ཧུར་ཐག་བསྐྲུན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱིས་མངགས་ཐོ་བཟོ་བ་དང་། “འགན་ལེན་གསུམ”གྱི་ཏང་ཡོན་གྱིས་མངགས་ཐོ་རྩིས་ལེན་པ། ཏང་ཡོན་གྱིས་སྣེ་ཁྲིད་དེ་སྒྲུབ་འགན་འཁུར་བ། དྲ་ཐོག་ནས་ཞབས་འདེགས་ཞུ་བ་བཅས་ཀྱི་བྱེད་སྟངས་སྤྱད་དེ་མང་ཚོགས་ལ་ཞབས་འདེགས་ཞིབ་ཚགས་ཞུས་པ་རེད། གྲོང་ཁྱེར་དང་སྡེ་ཁུལ་གྱི་ཁེ་ལས་དང་བྱ་གཞག་ཚན་པའི་ཐོན་ཁུངས་གང་འགབ་ཅི་སྤྱོད་ཀྱིས་མཉམ་སྡོད་མཉམ་སྐྲུན་གྱི་ཚན་པ་12དང་མཉམ་དུ་མ་དངུལ་སྒོར་ཁྲི་56.3གྲབས་གསོག་བྱས་ཏེ་ཁུལ་ཆུང་20ལྷག་ཙམ་གྱི་ས་འོག་ཆུ་འགྲོའི་མདོང་ལམ་གཤོང་བ་དང་། ཁུག་ཀྱོག་ཏུ་ལྡིར་སོ་སྤྲོས་ཆས་བསྒར་བ། ལམ་སྒྲོན་གསར་པ་བསྒར་བ། འགྲོ་ལམ་གྱི་མྱུར་ཚད་འགོར་དུ་གཏོང་བའི་ཡོ་ཆས་སོགས་ཀྱི་གནད་དོན་160ལྷག་ཙམ་ཐག་གཅོད་བྱས་པ་རེད། “ཁེ་ལས་ཀྱི་ཏང་རྩ་འཛུགས་དང་། རྟེན་གཞིའི་ཏང་རྩ་འཛུགས། ཞིང་དུད་ཀྱི་ཏང་ཡོན”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་ཏང་ཚོགས་ཆུང་གིས་ཐོན་ལས་འགན་གཙང་ལེན་པ་དང་། གྲོང་ཚོའི་ཏང་ཡོན་ལས་བྱེད་པས་དབུལ་ལོག་གི་ཉེན་ཁ་ཡོད་པའི་དུད་ཚང་འགན་གཙང་ལེན་པ། ཏང་ཡོན་འཇོན་ཐང་ཅན་གྱིས་མཐར་ལུས་མི་གྲངས་འགན་གཙང་ལེན་པ་བཅས་ཀྱི་བྱེད་སྟངས་བརྒྱུད་ཀྲི་པུའུ་ཐོན་ལས་འཁོར་འབྲེལ་དུ་སྣུར་སྲིང་དང་ཏང་རྩ་འཛུགས་ཀྱི་བྱེད་སྒོ་ཞིང་ནང་དང་མུ་ཁར་སྣུར་སྲིང་ཧུར་ཐག་བྱས་ཏེ། སྔ་རྗེས་སུ་ཐོན་ལས་རྣམ་པའི་ཏང་ཀྲི་པུའུ་341བཏོད་པ་དང་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དབུལ་ལོག་གི་ཉེན་ཁ་ཡོད་པའི་མང་ཚོགས་ལ་རོགས་རམ་དང་སྣེ་ཁྲིད་ཀྱིས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་ཁྲིད་སྟོན་བྱས་པ་རེད།