དབུ་ཤོག>ཆེད་སྒྲིག
  • ཤེས་དཔལ་མེ་ཏོག་ཡར་ཀླུང་གཞུང་ལ་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-17

    འདི་ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་མཐའ་འཁྱོངས་ཀྱིས་བསམ་གཞིག་ཧུར་ཐག་དང་ལས་དོན་གསར་གཏོད་བྱས་ཏེ་རྒྱལ་ཡོངས་ཀྱི་ཚོད་ལྟའི་རྫོང(ཆུས)སྣེ་གདོང་ཆུས་དང་འཕྱོངས་རྒྱས་རྫོང་གཉིས་གཙོ་གནད་དུ་བྱས་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་12དང་། ལག་ལེན་སུའོ་82 ལག་ལེན་ས་ཚིགས་555བཅས་བསྐྲུན་པ་དང་། དང་བླངས་ཞབས་འདེགས་རུ་ཁག་3784དང་དང་བླངས་པ་51870སྒྲིག་འཛུགས་བྱས་པས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པ་རེད།

    གནས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་བཏང་སྟེ་ལས་དོན་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ། 

    དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་རྐང་འཛིན་སྒྲོག་འགྲེལ་པ་1200ཚང་མ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་དང་བླངས་པའི་དཔུང་ཁག་ནང་བཅུག་པ་རེད། དེ་དང་ཆབས་ཅིག་ལས་བྱེད་པ་དང་ལས་བཟོ་དང་། གྲོང་སྡོད་ལས་དོན་རུ་ཁག ཕྱུག་འགྱུར་འཇོན་ཐང་ཅན། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ། ཞིང་འབྲོག་པའི་ཏང་ཡོན་བཅས་དང་བླངས་ཞབས་འདེགས་ཀྱི་དཔུང་ཁག་ཏུ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་དང་། ཤེས་དཔལ་འགྲིམ་འགྲུལ། ཆ་སྒྲིག་རོགས་སྐྱོར། བདེ་ཐང་དྲིལ་བསྒྲགས། བཅའ་ཁྲིམས་ཁྱབ་གདལ། རིག་གནས་རིག་རྩལ་སོགས་ཁྱབ་ཁོངས་ཁག་ལ་དང་བླངས་ཞབས་འདེགས་ཁྱབ་པར་སྐུལ་འདེད་བཏང་བས། “སྟོད་གོས་དམར་པོའི”དང་བླངས་ཞབས་འདེགས་རུ་ཁག་དང་། ཏང་ཡོན་གྱི་སྐོར་སྐྱོད“སྐད་དུང་ཆུང་ངུའི”རླུང་འཕྲིན་རུ་ཁག སློབ་ཆེན་སློབ་མའི་སྐོར་སྐྱོད“འཆད་ཁྲིད་ཆུང་ངུའི”སྒྲོག་འགྲེལ་རུ་ཁག་སོགས་ཁྱད་ལྡན་དང་བླངས་ཞབས་འདེགས་ཀྱི་དཔུང་ཁག་མང་པོ་ཐོན་པ་རེད།

    གཞན་ཡང་ལྷོ་ཁ་གྲོང་ཁྱེར་གྱིས“ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་པ”ནས“བསམ་བློའི་གནད་དོན་ཐག་གཅོད་བྱེད་པའི”སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བླང་བྱར་དམ་འཛིན་ནན་པོ་བྱས་ཏེ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་གཏིང་ཟབ་སྤེལ་རིང་གི་ཞིང་འབྲོག་མང་ཚོགས་ཀྱི་མཚན་མོའི་སློབ་གྲྭ་དང་། སྦག་སྦག་སྒྲོག་འགྲེལ་རུ་ཁག བུད་མེད་ཀྱི་སྒྲོག་འགྲེལ་ཚོགས་པ། “དམངས་ཀྱིས་འཆད་ཁྲིད་བྱེད་པ” “སྙན་སྒྲོན་པས་འདོན་ཀློག་བྱེད་པ” “དམངས་འཚོའི་ཁང་ཆུང”སོགས་ཀྱི་ཉམས་མྱོང་དང་བྱེད་ཐབས་ལེགས་སུ་བཏང་བ་དང་། “ཇ་ཁང་དུ་ཏང་གི་བཀའ་དྲིན་གླེང་བ”དང་། སྨྱན་སྦྱོར་ཚན་པས་དྲིལ་བསྒྲགས། ཚལ་ཐོ་རྣམ་པའི་སྒྲོག་འགྲེལ། རིག་རྩལ་སྐོར་སྐྱོད་སྒྲོག་འགྲེལ། སྤྲིན་ཚོམ་སྒྲོག་འགྲེལ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཁྱད་ལྡན་སྒྲོག་འགྲེལ་སྤུས་རྟགས་བཏོད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་བས་ལེགས་པའི་སྒོ་ནས“མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་པར”སྐུལ་འདེད་བཏང་བ་རེད། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་སྒྲོག་འགྲེལ་ཐེངས་ཁྲི་1བྱས་པར་མི་ཐེངས་ཁྲི་58.5ཟིན་ཡོད་པ་རེད།

    གཞི་རྟེན་གསར་གཏོད་ཀྱིས་གཡུལ་སའི་ཤུཌ་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་བ།

    ཤེས་དཔལ་ལག་ལེན་གྲོང་ཚོ་དང་དུད་ཚང་དུ་སྤེལ་བ་དང་། དོན་དངོས་དང་མཐུན་པ། མང་ཚོགས་ཀྱི་དགའ་བསུ་ཐོབ་པ་བཅས་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་བའི་བྱེད་ཐབས་ནུས་ལྡན་ཞིག་རེད།

    འདི་ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱི་གཡུལ་སའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ཏེ་མང་ཚོགས་ལ་དྲིལ་བསྒྲགས་དང་། མང་ཚོགས་ལ་སློབ་གསོ། མང་ཚོགས་ལ་ཁྲིད་སྟོན། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི“མཐའ་མའི་འགག་གནད”ནུས་ཤུགས་ཡོད་རྒུས་བསལ་བ་རེད། ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བར་དམིགས་ཏེ། རྫོང(ཆུས)12ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱི་དང་བླངས་པ་སྒྲིག་འཛུགས་བྱས་ནས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བ་རེད། འོས་འགན་ཤིང་འཛུགས་དང་། གཙང་སྦྲ་བྱེད་པ། དྲིལ་བསྒྲགས་དང་རིམས་འགོག་གི་རྒྱུན་ཤེས་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་སྤེལ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པར་སླར་ཡང་སྔོ་ལྗང་དང་། གཙང་མ། མཛེས་སྡུག་ལྡན་པ་བཅས་ཀྱི་འཚོ་བའི་ཁོར་ཡུག་ཅིག་བཏོད་པ་མ་ཟད། ད་དུང་ཞིང་འབྲོག་མང་ཚོགས་ལ་འཕྲོད་བསྟེན་ལ་དགའ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱས་པ་རེད། སྣེ་གདོང་ཆུས་ཀྱིས་རྒྱུན་རྣམ་གྱི“ཚོན་མདོག་སྣ་བདུན་གྱི་དང་བླངས་ཞབས་འདེགས”བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་པ་དང་སྡེ་ཁུལ་གྱི་ལས་དོན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་བས་སྤྱི་ཚོགས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་། འཕྱོངས་རྒྱས་རྫོང་གི་བོད་ལུགས་གསོ་རིག་གི་རྐང་འཛིན་སྨན་པའི་དང་བླངས་པས“འགྲོ་ཕན་གླིང་གཅེས་སེམས་ཚོགས་པ”བཙུགས་ནས་སྨན་རིན་མི་དགོས་པར་འོས་འགན་སྨན་བཅོས་བྱེད་པའི་དང་བླངས་ཞབས་འདེགས་བྱེད་སྒོ་སྤེལ་ཏེ་སྟབས་བདེ་དང་དྲོ་སྐྱིད་ཞིང་འབྲོག་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱལ་བ་རེད།

    ལག་ལེན་བསྟར་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་བ།

    ཡུལ་གོམས་གཤིས་ལུགས་བསྒྱུར་བ་དང་སྲོལ་གསར་ཆགས་པར་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་གོམས་གཤིས་སུ་འགྱུར་བར་སྐུལ་འདེད་བཏང་བ་རེད། འདི་ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་ཏང་ཡོན་ལས་བྱེད་པ་དང་། དང་བླངས་པ། ཞིང་འབྲོག་མང་ཚོགས་བཅས་ཀྱི་ཧུར་སེམས་དང་རང་འགུལ་གྱི་བསམ་པ་སྐོང་འཐེན་གང་ལེགས་བྱས་ཏེ“བྱེད་ལུགས་བྱེད་སྟངས་ཀྱིས་སྐར་མ་གསོག་པ་དང་སྐར་མས་དངོས་པོ་བརྗེ་བའི”ལྕག་སྐུལ་ལམ་སྲོལ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་རེད། “གཤམ་སྤེལ་ལྔ”དང“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས། “ཡར་ལངས་ལྔ”དང་། ལེ་ཧྥུང་ལ་སློབ་སྦྱོང་བྱེད་པ། “འཕྲོ་བརླག་ནི་ཞེ་ཁྲེལ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པ”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཧུར་ཐག་སྤེལ་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱིས་རིགས་ཁག་གི་དང་བླངས་ཞབས་འདེགས་བྱེད་སྒོ་ཁྱོན་6941སྤེལ་བར་མི་ཐེངས་ཁྲི་27.3ཟིན་ཡོད་པ་རེད།

    ད་ཆ་གསོན་ཉམས་དོད་པའི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། རྣམ་པ་སྣ་ཚོགས་ཀྱི་དང་བླངས་ཞབས་འདེགས། ངོ་མཚར་ཆེ་བའི་རིག་གནས་བྱེད་སྒོ་སོགས་ནི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི“ས་བོན”གྱི་རྩ་བ་ལྟར། ལྷོ་ཁ་གྲོང་ཁྱེར་གྱི་ཕྱོགས་གང་སར་རྩ་བ་ཚུགས་པ་དང་། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མི་སེར་གྱི་འཚོ་བ་དང་མཉམ་འདྲེས་ཐུབ་ནས། མང་ཚོགས་ཀྱི་སེམས་སུ་མྱུ་གུ་འབུས་པ་དང་། མེ་ཏོག་བཞད་པ། འབྲས་བུ་བཏགས་པ་བཅས་བྱུང་ནས་ཁོར་ཡུག་མཛེས་པ་དང་། མི་ཆོས་རིག་གནས་ལེགས་པ། དར་སྲོལ་བཟང་བ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།