དབུ་ཤོག>ཆེད་སྒྲིག
  • རྒྱ་ཚ་རྫོང་གིས“ཇ་ཁང་དུ་ཏང་གི་བཀའ་དྲིན་གླེང་བའི”དང་བླངས་ཞབས་འདེགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-16

     ཉེ་ཆར་རྒྱ་ཚ་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་དང་བླངས་ཞབས་འདེགས་རུ་ཁག་གིས། “འཆལ་རྡུང་ལོག་སེལ”གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་ཇ་ཁང་ཁག་གཅིག་ཏུ་བསྐྱོད་ནས“ཇ་ཁང་དུ་ཏང་གི་བཀའ་དྲིན་གླེང་བའི”དང་བླངས་ཞབས་འདེགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་ལས་དོན་མི་སྣས་ངོ་འཕྲད་སྒྲོག་འགྲེལ་དང་། དྲིལ་བསྒྲགས་ཡིག་ཆ་སྤྲོད་པ། དོགས་གནད་སེལ་བ་སོགས་ཀྱི་རྣམ་པར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་བྱས་པ་མ་ཟད། མང་ཚོགས་ལ“དྲ་འཕྲིན་རྒྱ་ཚ”དང“རྒྱ་ཚ་ལྟ་ཉན”སོགས་ཀྱི་ས་གནས་དེ་གའི་སྐད་འཕྲིན་སྤྱི་རྟགས་འོས་སྦྱོར་བྱས་པ་རེད། སྐད་འཕྲིན་སྤྱི་རྟགས་དེ་གཉིས་ནས་སྒྲོག་འགྲེལ་གྱི་འབྲེལ་ཡོད་ལེ་ཚན་ལྟ་ཉན་ཐུབ་ཀྱི་ཡོད།

    དེ་དང་དུས་མཚུངས་ལས་དོན་མི་སྣས་ཇ་ཁང་ནང་གི་སློབ་མ་དང་ཁྱིམ་བདག་ལ་ཁྲིམས་སྐྱོང་དང་འབྲེལ་བ་ཡོད་པའི་སློབ་གསོ་བརྒྱབ་ཅིང་། ཁོང་ཚོར《རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་དྲ་རྒྱའི་ཤེས་དཔལ་སྤྱི་ཆིངས》ལ་བརྩི་སྲུང་ནན་པོ་ཞུས་ནས་དྲ་རྒྱའི་བསླུ་བྲིད་གཏན་འགོག་དང་དྲ་ཁང་དུ་སྐྱོད་རྒྱུ་མེད་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། དེས་མ་ཚད་ཁྱིམ་བདག་ལ་ན་སོ་དར་ལ་མ་བབས་པའི་མི་དྲ་རྒྱར་ཞུགས་པར་ཚོད་འཛིན་ནན་པོ་བྱས་ནས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་ཡག་པོ་བྱེད་པ་དང་། ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།