དབུ་ཤོག>ཆེད་སྒྲིག
  • ལྷོ་ཁ་གྲོང་ཁྱེར་གྱིས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-16

     ཉིན་ཤས་གོང་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། གྲོང་ཁྱེར་དེས་རང་ངོས་ཀྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ཏེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁ་གསལ་བཟོས་པ་དང་གནས་གཏན་འཁེལ་གྱི་རོགས་སྐྱོར་པུའུ་ཨུད་ཀྱི་རྒྱབ་སྐྱོར་ཐོབ་ཐབས་ཧུར་ཐག་བྱས་ནས། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས་མཐའ་སྟོབས་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་གི་བླང་བྱ་དང་ཞིབ་བསྡུར་ནན་ཏན་བྱས་ཏེ། རང་ངོས་ཀྱི་ཞན་ཆ་བཙལ་བ་དང་ཁ་གཏད་པུའུ་ཨུད་དང་གནད་སྨིན་འབྲེལ་མཐུད་ཐུབ་པའི་བརྩོན་ལེན་བྱས་ཐོག ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་པས་རོགས་སྐྱོར་གྱི་ཕན་འབྲས་ཆེ་ཤོས་མངོན་འགྱུར་ཐུབ་ཡོད། མིག་སྔར་གཞི་ཚུགས་པ་དང་། ཕུགས་ལ་དམིགས་པ། ཚན་རིག་དང་མཐུན་པའི་ངང་རིགས་པས་ཁུངས་སྐྱེལ། ཇུས་གཞི་དང་འཆར་འགོད་ཏན་ཏིག་དང་ཞིབ་ཚགས་བཅས་ བཟོས་ཏེ་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་ཚད་གཙོ་བོ། ལས་འགན་གཙོ་བོ། མཐུན་སྦྱོར་ཐག་གཅོད་བྱེད་དགོས་པའི་ལས་དོན། འགན་ལེན་བྱེད་ཐབས་སོགས་ཀྱི་ནང་དོན་ཁ་གསལ་བཟོས་ནས། གྲོང་གསེབ་དར་རྒྱས་དང་། འགྲོ་ལམ་གཙོ་བོ། མཐའ་སྲུང་ལེན་ཤོག་གི་གློག་ཤུགས་དང་། འཕྲིན་གཏོང་། འཐུང་ཆུ་སོགས་འཛུཌ་སྐྲུན་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་པ་དང་། ལས་ཕྱོད་མགྱོཌ་སུ་བཏང་ནས་རྣམ་གྲངས་ཁག་གཅིག་གི་དུས་འགོའི་ལས་དོན་གང་མགྱོགས་སྤེལ་ཏེ་ད་ལོ་ལས་འགོ་འཛུགས་ཐུབ་པའི་བརྩོན་ལེན་བྱས་པ། གཙོ་གནད་དམ་འཛིན་དང་། གོ་རིམ་ཏན་ཏིག གནད་སྨིན་ལག་བསྟར་བཅས་བྱས་ཏེ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས། གནས་སྤོས་དང་། ལས་ཞུགས། ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་ཐོན་པའི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་པ། གནས་གཏན་འཁེལ་གྱི་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རོགས་སྐྱོར་སྲིད་ཇུས་དང་། མ་དངུལ། སྟོབས་ཤུགས། བྱེད་ཐབས་བཅས་དུས་ཐོག་ཏུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་པ། སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གནས་གཏན་འཁེལ་གྱི་རོགས་སྐྱོར་ལས་དོན་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ། དུས་བཀག་ལྟར་འགྲོ་འོང་སྤེལ་རེས་ཀྱི་ལམ་སྲོལ་ཆགས་པ་དང་། ཕྱོགས་གཉིས་པོའི་དབར་འགྲོ་འོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། རང་འགུལ་ངང་ཁ་གཏད་པུའུ་ཨུད་ལ་སྙན་ཞུ་འབྲེལ་མཐུད་བཅས་བྱས་ནས། འགྲོ་འོང་སྤེལ་རེས་ཀྱི་རྣམ་པ་ཡག་པོ་ཞིག་ཆགས་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།