གསར་འགོད་པར་ཁྲེང་ཀོན་ཆུས་ནས་ཤེས་རྟོཌ་བྱུང་བར། འདས་ཟིན་པའི་ལོ་ལྔ་ཡི་རིང་། ཁྲེང་ཀོན་ཆུས་ཀྱིས་དམངས་འཚོ་འགན་ལེན་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་མི་དམངས་ཀྱི་འཚོ་བ་དེ་བས་ཕུན་སུམ་ཚོགས་པོ་ཡོང་བ་བྱས་པ་རེད།
དམངས་འཚོར་བཏང་བའི་མ་དངུལ་གྱིས་རིམ་པ་དེ་གའི་ནོར་སྲིད་ཀྱི་སྤྱིའི་གཏོང་སྒོའི་70%ཡན་བཟུང་ཡོད་པ་དང་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་གྱི“གཱ་གཅིག་ཀུན་འཐུས”ཁྱབ་གདལ་བཏང་ཞིང་། ཁྱོན་སྒོར་དུང་ཕྱུར་1.04གཤམ་སྤྲོད་བྱས་པ་རེད། རིམ་པ་དེ་གའི་ནོར་སྲིད་ཀྱིས་སློབ་གསོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་11.79བཏང་བ་དང་། སློབ་གསོར་བཏང་བའི་མ་དངུལ་གྱིས་རིམ་པ་དེ་གའི་ནོར་སྲིད་ཡོང་འབབ་ཁྲོད་བཟུང་བའི་བསྡུར་གྲངས་དེ་2016ལོའི་26.2%ནས་2020ལོའི་26.6%བར་འཕར་ཡོད། སློབ་གྲྭ་21གསར་སྐྲུན་རྒྱས་སྐྲུན་དང་སློབ་གནས་21860མང་དུ་བཏང་ནས་རིམ་རྩིས་བྱས་ན་སློབ་མ་གསར་པ་ཁྲི་7ལྷག་ཙམ་བསྡུས་པ་རེད། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པ་དང་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་ལས་དོན་ལེགས་སྒྲུབ་བྱས་པ་དང་། རྫོང་དང་ཁོའོ་རིམ་པའི་འགོ་ཁྲིད་ལས་བྱེད་པའི“གཅིག་གཏད་གཅིག”གི་ལས་ཞུགས་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་གྱིས་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་5534ཡི་ལས་ཞུགས་ཐག་གཅོད་བྱས་པ་དང་ཐག་གཅོད་ཐུབ་ཚད་97.04%ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་དུ་མི་22315གསར་དུ་ལས་ཞུགས་ཐུབ་པ། ཞིང་འབྲོག་པ་5964ལས་ཞུགས་གཞན་སྒྱུར་བྱུང་བ། མི་1332རྫོང(ཆུས)སྒྲོལ་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལ་བརྟེན་ནས་ལས་ཞུགས་ཐུབ་པ། ཡོང་འབབ་དམའ་བའི་ཚོགས་སྤྱིའི་མི་1985ལས་ཞུགས་ཐུབ་པ་བཅས་བྱས་པ་རེད།