དབུ་ཤོག>ཆེད་སྒྲིག
  • མེ་ཏོག་རྫོང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་མི་སེར་ལ་སྟབས་བདེ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-16

    1050258_yis_1631635200000_s.jpg

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མེ་ཏོག་རྫོང་གིས་ཞན་ཆའི་ལྷུ་ཚིགས་ལ་དམིགས་པ་དང་ནུས་ཤུགས་ཡོད་རྒུས་ཞན་ཆ་བསལ་ནས། ཆུ་དང་། གློག ལམ། དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བས་མང་ཚོགས་ཚོའི་འཚོ་བ་དེ་བས་ལེགས་ལ་སྟབས་བདེ་རུ་ཕྱིན་ཡོད།

    ལོ་ལྔའི་རིང་། མེ་ཏོག་རྫོང་གིས་སྒོར་དུང་ཕྱུར་41.32ལྷག་ཙམ་བཏང་སྟེ། སྤོ་བོ་རྫོང་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་སྒྱུར་བཀོད་རྒྱས་སྐྲུན་ལས་གྲྭ་དང་། བདེ་སྒོ་ཟམ་པ་ནས་དགའ་ལྡན་ཤང་བར་གྱི་གཞུང་ལམ་སོགས་རྣམ་གྲངས་36ལག་བསྟར་བྱས་པས་འགྲོ་སྐྱོད་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་རྫོང་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་496.31ཟིན་པ་དང་རྫོང་ཡོངས་ཀྱི་ཤང(གྲོང་རྡལ)8དང་སྲིད་འཛིན་གྲོང་ཚོ་46ལ་རླངས་འཁོར་ཤར་གཏོང་ཐུབ་ཡོད། 2019ལོ་ནས་2020ལོ་བར། མེ་ཏོག་རྫོང་གིས་སྔ་རྗེས་སུ་རྫོང་གྲོང་ནས་ཉིང་ཁྲི(སྤོ་བོ་རྫོང་བརྒྱུད་པ)བར་དང་། རྫོང་གྲོང་ནས་འབྲས་སྤུངས་ཤང་དང་། བདེ་ཞིང་ཤང་། སྟག་མོ་ལྷོ་པ་མི་རིགས་ཤང་། དགའ་ལྡན་ཤང་བཅས་བར་གྱི་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་གྱི་ལམ་ཐིག་ཤར་གཏོང་ཐུབ་པས། མེ་ཏོག་རྫོང་དུ་འགྲུལ་སྐྱེལ་དུས་གཏན་ལམ་ཐིག་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། འགྲུལ་སྐྱེལ་དུས་གཏན་ལམ་ཐིག་ཤར་གཏོང་ཐུབ་པ་ནས་བཟུང་རིམ་རྩིས་བྱས་ན་འགྲུལ་སྐྱེལ་རླངས་འཁོར་ཐེངས་1900ལྷག་ཙམ་བཏང་ནས་འགྲུལ་པ་མི་ཐེངས་ཁྲི་གཅིག་ལྷག་ཙམ་སྐྱེལ་འདྲེན་བྱས་པས་མང་ཚོགས་ཀྱི་འགྲོ་སྐྱོད་སྔར་བས་སྟབས་བདེ་དང་བདེ་འཇགས་ཡོང་བ་བྱས་ཡོད།

    དེ་དང་དུས་མཚུངས། མེ་ཏོག་རྫོང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་7770.16བཏང་ནས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་རྒྱུན་མཐུད་ལེགས་སུ་བཏང་བ་རེད། གྲོང་གསེབ་ཀྱི་ཆུ་འགོ་སྲུང་སྐྱོང་དང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་བརྟན་གཏོང་དང་རིམ་སྤོར་ལས་གྲྭ་ལག་ལེན་བསྟར་བས་རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་ཆུ་ལེན་ས་47དུ་མི་ཕྱུགས་ལོགས་དབྱེ་དང་ལོགས་འཇོག་སྲུང་སྐྱོབ་མངོན་འགྱུར་ཐུབ་པ་དང་། རང་འབབ་ཆུ་ཀ་ལའི་མདོང་ལམ་གྲོང་ཚོ་དང་དུད་ཚང་དུ་ཁྲིད་པས་མེ་ཏོག་རྫོང་གི་མང་ཚོགས་ཚོས་དྭངས་ཤིང་གཙང་བའི་འཐུང་ཆུ་འགན་ལེན་བྱས་ཡོད། ད་ཆ་རྫོང་ཡོངས་ཀྱི་ཆུ་མཁོ་སྤྲོད་ཀྱི་ཆ་རྐྱེན་སྤྱིར་ན《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གདེང་འཇོག་ཚད་གཞིའི》བླང་བྱར་སླེབས་ཡོད།

    གོང་གི་པར་ནི་རྒྱལ་ཁབ་གློག་དྲ་ཉིང་ཁྲི་གློག་གཏོང་ཀུང་སིའི་ཏང་ཡོན་ཞབས་ཞུའི་རུ་ཁག་གིས་ཉིང་ཁྲི་གྲོང་ཁྱེར་གྱི་གློག་སྤྱོད་མཁན་གཙོ་བོའི་སྒྲིག་ཆས་ལ་སྐོར་ཞིབ་བརྟག་དཔྱད་བྱེད་བཞིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།