“སྔོན་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་། རི་ཆུ་ནགས་གསུམ་དང་། ས་ཞིང་། མཚོ་མཚེའུ། རྩྭ་ཐང་། བྱེ་ཐང་། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས། གཙང་པོ་དང་ཆུ་བོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོ་བྱ་རྒྱུར་ཤུགས་སྣོན། ཆུའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་བྱ་རྒྱུར་སྤྱི་འདོམས་བཅས་བྱས་ནས། འདི་གའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། གཙང་ཆུ། རི་ཀླུང་བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས” བོད་དུ་གཟིགས་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་ཡུལ་ཐོག་མ་ནི་ཉང་ཆུའི་འགྲམ་དུ་ཡིན། ཁོང་དེ་གར་ཕེབས་ནས་གཟིགས་ས་ནི་སྐྱེ་ཁམས་ཁོར་ཡུག་ཡིན་པ་དང་བཀའ་མོལ་གནང་ཡུལ་ནི་ལྗང་མདོག་འཕེལ་རྒྱས་སྐོར་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་སྐྱེ་འགྲོ་ཀུན་ལ་ཕན་པ་ཞིག་རེད། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རིའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཧུར་ཐག་བཅས་བྱེད་པའི་ཁར། སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱིས་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་རྒྱུན་མཐུད་ངང་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ནི་ལྕག་སྐུལ་ཆེན་པོ་ཞིག་ཡིན་ལ། སྐུལ་ལྕག་ནུས་ལྡན་ཞིག་ཀྱང་ཡིན་པས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བོད་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་འགོ་འཛུགས་ས་གསར་པའི་ཐོག་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུར་སྒུལ་ཤུཌ་ཆེན་པོ་ཞིག་བསྣན་གནང་བ་ཚང་མར་ངོས་འཛིན་གཅིག་མཐུན་བྱུང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཧ་ཅང་མཐོང་ཆེན་གནང་ནས་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ཁྲིད་སྟོན་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྲུང་སྐྱོང་སྔོན་ལ་འཇོག་པ་དང་འཛུགས་སྐྲུན་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་དང་། སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག སྐྱེ་ཁམས་ཤེས་དཔལ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྐྲུན་པ་བཅས་ལ་སྐུལ་འདེད་གཏོང་བའི་ཐད་སྤྱོད་གོ་ཆོད་པའི་བྱ་ཐབས་རབ་དང་རིམ་པ་ལག་ལེན་བསྟར་བ་བཅས་བྱས་པས། མིག་སྔར་བོད་འདི་ཉིད་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།
མིག་སྔར། བོད་ཀྱི་སྐྱེ་ཁམས་མ་ལག་ཧྲིལ་པོ་བརྟན་པོ་ཡོད་པ་དང་། ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བ། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་ཆགས་པ། མི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁེ་དབང་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རིའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། དེ་དང་ཆབས་ཅིག་སྐྱེ་ཁམས་ཁོར་ཡུག་ཕྱོགས་སྒྱུར་གྱི་ལམ་བུ་འཚོལ་ཞིབ་བྱས་པ་བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་གཞིས་མཛེས་སུ་དང་ཡོང་འབབ་མང་དུ་ཕྱིན་ཡོད་ལ། སྐྱེ་ཁམས་སྲུང་སྐྱོང་དང་ཁྱིམ་གཞིས་གཅེས་སྐྱོང་གི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱང་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
ལྷུན་རྩེ་རྫོང་ལྷོ་པའི་ཁྱད་ལྡན་སྔོ་ལྗང་སྐྱེ་ཁམས་སྡོང་ཕྲུག་ར་བའི་ཆེད་ལས་མཉམ་ལས་ཁང་གི་སྡོང་ཕྲུག་རྟེན་གཞིའི་ཚེ་རིང་རྡོ་རྗེས“ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་པ་ནི་བྱ་བ་བཟང་པོ་ཞིག་རེད། ངས་སྡོང་ཕྲུག་རྟེན་གཞི་འཕེལ་རྒྱས་དེ་བས་ཡག་པོ་གཏོང་རྒྱུ་ཡིན”ཞེས་བརྗོད་བྱུང་། ཁོང་གི་སྡོང་ཕྲུག་ར་བས་གྲོང་མི་30ལྷག་ཙམ་གྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་ཡོད།
“ང་ཚོས‘ལྗང་མདོག་དངུལ་ཁང’གི་བརྗེ་ཚོང་ཁང་བཙུགས་ཏེ་གྲོང་མིས་རང་འགུལ་ངང་གད་སྙིགས་རིགས་དབྱེ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱ་རྩིས་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དགའ་ལགས་གྲོང་ཚོའི“ལྗང་མདོག་དངུལ་ཁང”གི་བརྗེ་ཚོང་ཁང་གི་ལས་དོན་མི་སྣ་ཡེ་ཤེས་ཆོས་སྒྲོན་གྱིས་བརྗོད་བྱུང་།
ས་མཐོར་སྔོ་ཁེབས་ཡུག་གཅིག་བསྣན་པ་ན། མང་ཚོགས་ཀྱི་ཡོང་འབབ་ཕྲན་བུ་མང་དུ་གཏོང་ཐུབ། 2020ལོ་བར་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་121.5བཏང་ནས་ རི་ཆུ་ནགས་གསུམ་དང་། ས་ཞིང་། མཚོ་མཚེའུ། རྩྭ་ཐང་། བྱེ་ཐང་། འཁྱགས་རོམ་བཅས་ཀྱི་མ་ལག་བཅོས་སྐྱོང་དང་དེ་བཞིན“གཙང་པོ་གཉིས་དང་ཆུ་བོ་བཞིའི”རྒྱུག་ཁུལ་གྱི་སྔོ་འགྱུར་ནགས་བཟོའི་འདུ་འགོད་སོགས་མཚོན་བྱེད་རང་བཞིན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འདུ་འགོད་ཁག་གཅིག་ལག་བསྟར་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་བཟང་པོ་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་སུ་གྱུར་ཡོད་ལ། མི་སེར་ཚོར་འབབ་འཕར་ཕྱུག་འགྱུར་ཡོང་བའི“ནོར་གཞོང”ལྟ་བུར་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་སྐུལ་འདེད་གཏོང་བ་དང་དུས་མཚུངས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་པོ་ཡོང་བའི་འགན་ལེན་བྱེད་པ་དང“སྐྱེ་ཁམས”ཀྱི་འདུ་ཤེས་ལ་བརྟེན་ནས་འཕེལ་རྒྱས་དོན་གཉེར་དང“སྐྱེ་ཁམས”འཕེལ་རྒྱས་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཡུལ་སྐོར་རིག་གནས་དང་། ས་མཐོའི་སྐྱེ་དངོས། ཁྱད་ལྡན་བཟོ་ལས། དྭངས་གཙང་ནུས་རྒྱུ། དེང་རབས་ཞབས་ཞུ། མཐའ་མཚམས་ཚོང་དོན་ཟོག་འགྲེམས། མཐོ་གསར་གྲངས་འཛིན་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་ཆགས་ཡོད།
མིག་སྔར་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རིའི་འདུ་ཤེས་བརྟན་པོ་འཛུགས་པ། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་སྲུང་སྐྱོང་ཧུར་ཐག་དང་བྱས་རྗེས་འཇོག་ཐུབ་པ་བྱེད་བཞིན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་དུ་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་བ་བྱེད་བཞིན་ཡོད།