དབུ་ཤོག>ཆེད་སྒྲིག
  • གསར་བརྗེའི་དད་སེམས་བརྟན་དུ་བཏང་། བདེ་སྐྱིད་ལྡན་པའི་འཚོ་བ་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཞོགས་གཡང་དང་། ལི་ཡིའུ་ཅུན། མིག་དམར། ཀྲང་ཡུས།   |     སྤེལ་དུས།  2021-09-14

    ཐེངས་དེའི་ཇག་འཇོམས་ལ་ཞུགས་མཁན་སྔོན་སྐྱོད་ལེན་ཤོག་ཡན་ལག་རུ་ཁག་གི་འཐབ་འཛིང་པ་ད་ལྟ་དགུང་ལོ་82ལ་ཕེབས་པའི་ཧོ་ཅིང་ཧྥུའུ་དང་ཤིས་ཨན་དུ་ཡོད་པའི་ཤིན་ཅང་དམག་ཁུལ་ཁང་གི་ལས་བྱེད་ལུས་གསོ་སུའོ་གཉིས་པ་ནས་རྒན་ཡོལ་ཞུས་པའི་ཡའོ་ཧུང་ཚའེ་ཡིས། ཇག་པ་དེ་ཚོ་ནི་ཇག་པ་ཇག་ནག་རེད། ཚང་མ་རྟ་རྩལ་ལ་བྱང་ཆུབ་ཅིང་ཇག་པ་རེར་རྟ་གཉིས་རེ་ཡོད་ཅིང་། སྐབས་འགར་རྟ་ཕ་གི་ནས་རྟ་དེར་མཆོང་བ་དང་ཡང་སྐབས་འགར་རྟ་དེ་ནས་རྟ་ཕ་གིར་མཆོང་གི་ཡོད། ཁོ་ཚོའི་རྟ་གཞན་དང་མི་འདྲ་བ་ཞིག་ཡོད་པ་སྟེ། ཁོ་ཚོའི་རྟ་ཡིས་ཤ་ཟ་བ་དང་རྩྭ་མེད་པའི་དུས་སུ་ཚགས་ཤ་སྐམ་པོ་བཟས་པར་བརྟེན་རྒྱུག་ཤེད་ཆེན་པོ་ཡོད། དེ་དག་ཚང་མ་ནི་ཁོ་ཚོས་དུས་རྒྱུན་དུ་སྦྱོང་བརྡར་སྤྲས་པ་ལས་བྱུང་བ་རེད། ང་ཚོའི་རྟ་ལམ་ཐག་རིང་པོ་སྐྱོད་པའི་དབང་གིས་དཀའ་ལས་ཁག་ནས་འགྲོ་མི་ཐུབ་པར་གྱུར་པ་མ་ཟད། ད་དུང་རྟ་མི་ཉུང་བར་རྟ་ནད་ཀྱང་ཕོག་གི་འདུག དེས་ན་ཇག་པ་རྗེས་འདེད་གཏོང་བ་ནི་ལས་སླ་པོ་ཞིག་གཏན་ནས་མིན་མོད། འོན་ཀྱང་འཐབ་འཛིང་པ་ཚང་མ་ཕོ་རྒོད་ཤ་སྟག་རེད། ཁོང་ཚོས་ཧོ་ཅིང་ཧྥུའུ་དང་མཉམ་དུ་ངོ་ལོག་ཇག་པ་འདེད་བཟུང་ལ་སྐྱོད་སྐབས་རྗེས་སུ་ལུས་མྱོང་མེད།

    —— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ནས་བཏུས།

    1063020_yis_1631548800000_s.jpg

     འདི་ནི་དགེ་རྒྱས་རྫོང་གི་འབྲི་གཡག་སྡོམ་གསོས་རྟེན་གཞི་ཡིན་པ།

    དགེ་རྒྱས་རྫོང་གི་ས་ཆ་མང་ཆེ་བ་རི་མཐོའི་གཤོང་ས་ཡིན་པ་དང་། ཆ་སྙོམས་ས་བབ་སྨི་4700ཙམ་ཟིན་པ། རི་བོ་མཐོ་ཤོས་ཨ་ལུང་སྒང་ལ་ས་བབ་སྨི་7315ཡོད། གཙང་པོ་གཙོ་བོའི་གྲས་སུ་སེང་གེ་ཁ་འབབ་དང་། ཤག་ཤག་གཙང་པོ། ཕག་མོ་གཙང་པོ་བཅས་ཡོད་པ་མ་ཟད། དེ་དག་མང་ཆེ་བ་ནི་ནང་རྒྱུག་གཙང་པོ་རེད།

    ང་ཚོ“སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲིའི་འཕྲིན་སྤེལ་ཚོགས་ཆུང་དགེ་རྒྱས་རྫོང་ཚྭ་ཁ་ཤང་དུ་བཅར་འདྲིར་བསྐྱོད་ཅིང་། རླངས་འཁོར་གྱི་སྒེའུ་ཁུང་ནས་རྒྱང་ལ་ལྟ་སྐབས་ཚྭ་མཚོ་ནི་ཁ་བ་བབ་མ་ཐག་པ་དང་འདྲ་ཞིང་། དེ་སྔ་དགེ་རྒྱས་ཀྱི་ཚྭ་མཚོའི་ཚྭ་དག་ལུག་ལ་བརྟེན་ནས་སྤུ་ཧྲེང་རྫོང་དང་གཞིས་རྩེ་སོགས་སུ་དབོར་བ་དང་དངོས་པོ་བརྗེ་རེས་ཀྱི་རྣམ་པར་བརྟེན་ནས་ནས་དང་། ཇ་བག་ཆུང་། རས་ཆ་སོགས་འཚོ་བའི་མཁོ་ཆས་དང་བརྗེ་གི་ཡོད། ཚྭ་མཚོའི་ངོགས་ནི་རྩྭ་ཆུ་བཟང་བའི་འབྲོག་ར་ཡིན་པས་འབྲོག་པའི་འཚོ་བར་ཐོན་ཁུངས་ཡག་ཤོས་མཁོ་འདོན་བྱས་ཡོད། བསམ་བློ་གཅིག་གཏོང་དུས་ས་ཆ་གཞན་ནས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་མངའ་རིས་སུ་སྤོས་ཡོང་བའི་འབྲོག་པ་དག་དགེ་རྒྱས་སུ་གནས་སྤོ་གཞིས་ཆགས་བྱས་པར་དངོས་གནས་རྒྱུ་མཚན་འདུག

    དགེ་རྒྱས་རྫོང་གི་མིང་གྲགས་དེ་གསར་བརྗེའི་རྗེས་ཤུལ་ནས་འཚོལ་དགོས་ཤིང་། ཉེ་བའི་ལོ་ཤས་རིང་དགེ་རྒྱས་རྫོང་གིས་ཚྭ་ཁ་ཤང་ཚྭ་ཁ་སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་དང་། ཚྭ་ཁ་ཤང་སྐྱའུ་སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ། ཡག་རྭ་ཤང་སེར་ལེ་ཕུག་གྲོང་ཚོའི་སྔོན་སྐྱོད་ལེན་ཤོག་གི་མྱུལ་ཞིབ་དཔུང་སྡེའི་རྗེས་ཤུལ་སོགས་གསར་བརྗེའི་རྗེས་ཤུལ་མྱུར་སྐྱོབ་ཧུར་ཐག་བྱས་ཡོད། མངའ་རིས(དགེ་རྒྱས)ཐད་གཏོགས་མཛོད་ཀྱི་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་སྤྱི་ཁྱབ་ཇུས་འགོད་པ་མིག་དམར་ཚེ་རིང་གིས“དགེ་རྒྱས་རྫོང་ལ་གསར་བརྗེའི་རྗེས་ཤུལ་ཧ་ཅང་མང་པོ་ཡོད། ང་ཚོས་དེ་དག་སྔོག་འདོན་དང་སྲུང་སྐྱོང་བྱེད་དགོས་ལ། མི་རབས་རྗེས་མར་སློབ་སྦྱོང་བྱེད་པར་དེ་བས་འཇོག་དགོས”ཞེས་བཤད།

    ཐད་གཏོགས་མཛོད་ཀྱི་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་སྐྲུན་ཆེད། མིག་དམར་ཚེ་རིང་གིས་དགེ་རྒྱས་རྫོང་གི་ས་ཁོངས་སུ་གསར་བརྗེའི་རྗེས་ཤུལ་སྔོག་འདོན་དང་བཙལ་འཚོལ་གཏིང་ཟབ་བྱས་ཤིང་། སྔོག་འདོན་བྱས་པ་བརྒྱུད། ཁོང་གིས་དགེ་རྒྱས་རྫོང་ཡག་རྭ་ཤང་སེར་ལེ་ཕུག་ཏུ་འབྱོར་སྔ་ཤོས་ཀྱི་བཅིངས་འགྲོལ་དམག་ནི་བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག་གི་རྗེས་མཐུད་དཔུང་སྡེའི་ཨན་ཀྲི་མིང་གི་དམག་དཔུང་ཡིན་པ་དང་དུས་ཚོད་ཕལ་ཆེར་1951ལོར་རེད། ཁོང་ཚོ་སྒེར་རྩེའི་གྲ་མ་མང་པོ་ནས་ཡོང་བ་དང་། དགེ་རྒྱས་ཀྱི་ཚྭ་མཚོ་དང་། ཞང་ལུ་ཁང་དགོན། གཞུང་པ། ཡག་རྭ་བཅས་བརྒྱུད་དེ་སེར་ལེ་ཕུག་ཏུ་འབྱོར་བའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    དུས་རབས་20པའི་ལོ་རབས་50པའི་དུས་འགོར། དགེ་རྒྱས་རྫོང་དུ་ཧོ་ཅིང་ཧྥུའུ་ཡིས་འགོ་ཁྲིད་གཙོ་བོ་བྱས་པའི་རྟ་དམག་ཡན་ལག་རུ་ཁག་གིས་དགེ་རྒྱས་མི་དམངས་ཀྱི་སྣེ་ཁྲིད་དེ་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་། གུར་3དང་བྲག་ཕུག་10རྨང་གཞིར་བྱས་པ་དེ་ནས་རིམ་བཞིན་མངའ་རིས་ས་ཁུལ་གྱིས་ཐད་ཀར་དོ་དམ་བྱེད་པའི་གསོག་འཇོག་མཛོད་དེ། “ཐད་གཏོགས་མཛོད”དུ་འཕེལ་རྒྱས་བྱུང་བ་རེད། དངོས་ཟོག་གྲབས་གསོག་དང་འཕྲལ་སྡོམ་གེགས་སེལ་སོགས་ཀྱི་འགན་ནུས་གལ་ཆེན་འཁུར་བའི་མཛོད་ནི་སྐབས་དེ་དུས་ཀྱི་མངའ་རིས་ས་ཁུལ་གྱི་གྲབས་གསོག་མཛོད་ཆེ་ཤོས་དེ་རེད།

    མངའ་རིས་ཀྱི་རྒན་རབས་ཚོས་གསར་བརྗེའི་ལོ་ཟླའི་ནང་དཀའ་སྤྱད་འབད་འཐབ་དང་རང་སྟོབས་རང་སྤེལ་བྱས་པའི་འབད་འཐབ་སྙིང་སྟོབས་མངོན་པར་བྱེད་ཆེད། 2019ལོར་ས་གནས་དེ་གས་མ་དངུལ་སྒོར་ཁྲི་690བསྡུ་སྒྲིལ་བྱས་ནས་ཐད་གཏོགས་མཛོད་དེ་གསར་བརྗེའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་སྐྲུན་འགོ་བཙུགས། “དེ་སྔའི་རྣམ་པ་ཉམས་གསོ་དང་དེ་སྔའི་རྣམ་པ་རྒྱུན་འཁྱོངས་ཀྱི་རྩ་དོན་ལ་ནན་པོར་གཞིགས་ནས་དེ་སྔའི་གུར་གསུམ་གྱི་སྲིད་གཞུང་དང་། ལས་བཟོའི་ཟ་ཁང་། འཕྲོད་བསྟེན་ཁང་། ཀྲུའུ་རེན་ཁང་། ཏར་འཕྲིན་ཁང་བཅས་སླར་གསོ་བྱས་པ་དང་། འཚེམ་ཁང་དང་ཚོགས་ཁང་ཆུང་གྲས་གསར་དུ་བསྐྲུན་པ། འགྲིམ་འགྲུལ་ཡོ་བྱད་འགྲེམས་ཁང་བསྐྲུན་པ། བྲག་ཕུག་10ཉམས་གསོ་བྱས་པ་མ་ཟད། 2019ལོའི་ཟླ་12ཚེས་20ཉིན་དངོས་སུ་ཕྱི་ཕྱོགས་སུ་སྒོ་མོའང་ཕྱེ་བ་ཡིན”ཞེས་མིག་དམར་ཚེ་རིང་གིས་ངོ་སྤྲོད་བྱས།

    ད་ཆ་དགེ་རྒྱས་རྫོང་གི་མིང་གྲགས་དེ་ད་དུང“འབྲོག”ལས་ནས་མངོན་གྱི་ཡོད།

    དགེ་རྒྱས་རྫོང་གྲོང་དང་བར་ཐག་སྤྱི་ལེ་ཁ་ཤས་ཡོད་པའི་སར་དགེ་རྒྱས་རྫོང་གི་འབྲི་གཡག་ཐོན་ལས་རྟེན་གཞི་ཞིག་ཡོད། དགེ་རྒྱས་དབུལ་སྐྱོར་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སི+གྲོང་ཚོ“ཨུ་ལྷན་གཉིས”+འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས+འབྲོག་དུད་གཉེར་སྐྱོང་བཅས་ཀྱི་ཐོན་ལས་རྟེན་གཞི་དེ་2019ལོར་བསྐྲུན་པ་དང་ཁྱོན་མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་བ་རེད།

    སྔོན་དཔག་གི་གཉེར་སྐྱོང་འཆར་གཞི་ལྟར་ན། རྟེན་གཞི་དེ་ནི་དགེ་རྒྱས་རྫོང་དབུལ་སྐྱོར་མ་འཇོག་ཚད་ཡོད་ཀུང་སིས་གསོ་ཚགས་དང་། ཐོན་སྐྱེད་ལས་སྣོན། ཁྲོམ་རར་བྲིན་ཚོང་། རྟེན་གཞིས་དོ་དམ་བཅས་ཀྱི་འགན་འཁུར་རྒྱུ་ཡིན་པ་དང་། རྫོང་དེའི་དཀའ་ངལ་ཡོད་པའི་དུད་ཚང་དང་ལས་ཞུགས་མ་ཐུབ་པའི་སློབ་ཆེན་སློབ་མ་སོགས་ཕྱུགས་འཚོ་བ་དང་། འོ་མ་བཞོ་བ། བྲིན་ཚོང་། ལས་སྣོན་འཁོར་ཁང་གི་རྒྱུན་གཏན་ལས་ཀ་སོགས་ལས་རིགས་མི་འདྲ་བར་བསྡུ་རྩིས་ཡོད།

    འབྲི་གཡག་ཐོན་ལས་རྟེན་གཞི་བསྐྲུན་ནས་ཡུན་རིང་མ་སོང་བར། ཏོག་གསར་གློ་ཚད་རིམས་ནད་ཐོན་པར་བརྟེན་དེ་མཚུངས་ཀྱི་ལས་དོན་མང་པོ་ཞིག་སྔོན་དཔག་ལྟར་སྤེལ་ཐུབ་མེད། རྟེན་གཞིའི་འགན་འཁུར་བ་ཕུན་ཚོགས་དགེ་ལེགས་ཀྱིས“འདི་ལོ་ལས་དོན་མང་པོ་ཞིག་སྤེལ་འགོ་ཚུགས་ཡོད། ད་ཆ་རྟེན་གཞིའི་ཚགས་ཤ་ཡང་མངའ་རིས་ས་ཁུལ་གྱི་ཚན་པ་ཁག་གཅིག་གི་ཟ་ཁང་དང་སློབ་གྲྭ་ཁག་གཅིག་ལ་མཁོ་འདོན་བྱེད་ཀྱི་ཡོད”ཅེས་བཤད།

    ནོར་བུ་ཆོས་འཕེལ་ནི་རྟེན་གཞིས་བསྡུས་པའི་སློབ་ཆེན་སློབ་མ་གསུམ་གྱི་གྲས་ཤིག་ཡིན་པ་དང་ད་ཆ་སྡེ་ཚན་གྱི་ཅིང་ལི་རེད། ཁོང་གི་སྐད་ཆ་ནས་ད་ལྟའི་ལས་ཀ་དང་གླ་ཕོགས་ལ་བློ་ཡིད་ཚིམ་པོ་བྱེད་པ་ཚོར་གྱི་འདུག ནོར་བུ་ཆོས་འཕེལ་གྱིས“ཐོན་རྫས་ཕྱིར་ཚོང་བྱས་ཚུལ་ལ་བལྟས་ན། རྟེན་གཞིའི་ཚགས་ཤ་སྐམ་པོར་ང་ཚོ་ས་གནས་དེ་གའི་མིས་དགའ་པོ་བྱེད་པས། མཁོ་མང་སྤྲོད་ཉུང་གི་ཚོར་སྣང་ཞིག་འདུག དེར་བརྟེན་རྟེན་གཞིས་ཀྱང་ཚགས་ཤ་ལས་སྣོན་སྣུར་སྲིང་གི་ཐོན་རྫས་འདོན་རྩིས་ཡོད”ཅེས་བཤད།

    འབྲི་གཡག་ཐོན་ལས་རྟེན་གཞི་ཕུད་2017ལོར་བསྐྲུན་པའི་དགེ་རྒྱས་རྫོང་དབུལ་སྐྱོར་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིའི་མངའ་འོག་ཏུ་ད་དུང་སྔོ་ཚལ་རྟེན་གཞི་དང་། གྲང་ཕྲེང་ཐོན་ལས། བྱང་བལ་ལས་སྣོན་བཟོ་གྲྭ་བཅས་ཡོད་པ་རེད།

    1064834_yis_1631548800000_s.jpg

    (རྩ་གཉིས་ཨང་རྟགས་བཤེར་འབེབས་བྱས་ན་ནང་དོན་དེ་བས་མང་བར་བལྟ་ཐུབ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།