རླངས་འཁོར་བསྡད་དེ་ཚ་བ་རོང་དུ་སྐྱོད་པའི་ལམ་བར་དུ། རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་སྒྲོལ་བ་དང་རི་ལྡེབས་ཀྱི་འགྲོ་ལམ་ཐོག་སྐྱོད་སྐབས་གཞོགས་གཅིག་ནི་རི་ཡིན་པ་དང་གཞོགས་གཞན་ཞིག་ནི་རྒྱལ་མོ་རྔུལ་ཆུ་ཡིན་པས་སེམས་ལ་འཇིགས་སྣང་སྐྱེ་བ་མ་ཟད། ང་ཚོར་སེམས་འགུལ་ཡང་ཟབ་མོ་ཐེབས་བྱུང་། སྐབས་དེ་དུས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱེད་པ་དང་བོད་བཅིངས་འགྲོལ་གཏོང་སྐབས་ཀྱི་དཀའ་ཚེགས་དང་དཔའ་མཛངས་ཡིད་ལ་འཁོར་སྐབས་ང་ཚོར་གུས་བཀུར་ཡི་རང་ཆེན་པོ་སྐྱེས་བྱུང་། ཁོང་ཚོའི་བློས་གཏོང་དང་ཏང་གི་ཐུགས་ཁུར་ལས་གཞི་ནས་དེང་གི་བདེ་སྐྱིད་ལྡན་པའི་བོད་ལྗོངས་བྱུང་བ་དང་སྲང་ཐ་གྲོང་ཚོའི་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།
ཡུན་ནན་དང་། བོད་ལྗོངས་འབྲེལ་མཐུད་བྱས་པའི་གཞུང་ལམ་གསར་པ་དེ་སྲང་ཐ་གྲོང་ཚོ་བརྒྱུད་ཅིང་། སྲང་ཐ་གྲོང་ཚོའི་ཏང་ཀྲི་པུས་འགྲིམ་འགྲུལ་གྱི་ལེགས་ཆར་བརྟེན་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུའི་སེམས་ཐག་བཅད། ད་ཆ་གྲོང་ཚོའི་ནང་གི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་མ་ཟད། ཆུ་ཚན་མགྲོན་ཁང་གསར་དུ་བསྐྲུན་པ་དང་མང་ཚོགས་མང་པོ་ཞིག་གིས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་ཤིང་ཏོག་སྣ་ཚོགས་འདེབས་འཛུགས་བྱས་པས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད།
གྲོང་གསེབ་དར་རྒྱས་གཏོང་བར་ཀྲི་པུའུ་སྟོབས་ཆེར་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལ་དམིགས་ཏེ། སྲང་ཐ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲེན་ནཱས་ཀྲི་པུའུ་འདི་ཉིད་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བ་དང་། མཐུན་སྒྲིལ་བྱེད་མཁས་པ་དང་འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ་དང་བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པར་འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད།
གྲོང་གསེབ་དར་རྒྱས་ཀྱི་དཔྱིད་རླུང་དང་བསྟུན་ཏེ་སྲང་ཐ་གྲོང་ཚོའི་འབྱུང་འགྱུར་རེ་བས་ཁེངས་བཞིན་མཆིས།