དབུ་ཤོག>ཆེད་སྒྲིག
  • སྲང་ཐ་གྲོང་ཚོའི“བདེ་སྐྱིད་ཀྱི་གསང་ཨང”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-13

    ཚ་བ་རོང་ཤང་སྲང་ཐ་གྲོང་ཚོ་འདི་ཉིད་ཡུན་ནན་ཞིང་ཆེན་ཀུང་ཧྲན་རྫོང་པིང་ཀྲུང་ལུའོ་གྲོང་རྡལ་ཆིའུ་ན་ཐུང་གྲོང་ཚོའི་ཉེ་འགྲམ་གྱི་ཡུན་བོད་འབྲེལ་མཚམས་སུ་གནས་ཡོད། རྨོ་ཞིང་རྒྱ་ཁྱོན་མུའུ་126ཡོད་པ་དང་། ཁྱོན་དུད་ཚང་30ཡི་མི་145ཡོད་པའི་ནང་ཏང་ཡོན་23ཡོད་པ། 2020ལོར་གྲོང་ཚོ་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་13469ཟིན་པ་བཅས་རེད།

    སྲང་ཐ་གྲོང་ཚོར་སྐྱོད་དེ་ང་ཚོས་སྔོན་བྱོན་པ་ཚོ་སྐྱོད་མྱོང་བའི་ས་ཆ་འཚོལ་ཞིབ་དང་། གྲོང་ཚོའི་འཕོ་འགྱུར་སྐོར་ཉན་པ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”གཏིང་ཟབ་ཚོར་ཐུབ་པ་བཅས་བྱས་པ་ཡིན།

    འབད་འཐབ་ཀྱི་སྙིང་སྟོབས་ནམ་ཡང་དར་སྤེལ་བཏང་ནས་ཐོག་མའི་བསམ་འདུན་མཐའ་འཁྱོངས་ཀྱིས་ཏང་གི་བཀའ་དྲིན་ཚོར་བར་བྱས་པ།

    1950ལོའི་ཟླ་9པའི་ཟླ་འགོར། བཅིངས་འགྲོལ་དམག་གི་དམག་སྡེ14པའི་ཐོན་ཤོག་126པས་ཉིན་20ལྷག་ཙམ་དཀའ་སྤྱད་ཀྱིས་དཔུང་སྐྱོད་བྱས་རྗེས། ཀུང་ཧྲན་རྫོང་དུ་འབྱོར་ནས་ངལ་གསོ་དང་སྦྲགས་བཀའ་བསྒུགས་ནས་བསྡད། ཟླ་10པའི་ཟླ་འགོར། ཀུང་ཧྲན་ནས་བོད་དུ་དཔུང་བསྐྱོད་བྱས། ཉིན་3ལྷག་ཙམ་དཀའ་སྤྱད་ཀྱིས་དཔུང་བསྐྱོད་བྱས་པ་བརྒྱུད། ཐོན་ཤོག་126གི་ཡིང་ཤོག་དང་པོ་དང་ལས་ཁུངས་ཀྱི་པུའུ་དང་པོ་མཐར་སྲང་ཐ་གྲོང་ཚོར་འབྱོར། སྲང་ཐ་གྲོང་ཚོར་འབྱོར་སྐབས་བཅིངས་འགྲོལ་དམག་ལ་བོད་དམག་100ལྷག་ཙམ་གྱིས་འགོག་རྒོལ་བྱས། དུས་ཚོད་བརྩོན་ལེན་དང་དཔུང་སྡེའི་མི་སྣ་ཤི་རྨས་ཉུང་དུ་གཏོང་ཆེད། ཐོན་ཀྲང་ཀའོ་ཅན་ཤིང་གིས་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་བྱ་རྒྱུའི་རེ་བ་བྱེད་པ་དང་སྔ་རྗེས་སུ་ས་གནས་དེ་གའི་བོད་རིགས་ལས་བྱེད་པ་དང་མང་ཚོགས་ཐེངས་གསུམ་བོད་དམག་ལ་ཡི་གེ་སྐྱེལ་བ་དང་ཁོང་ཚོར་མགོ་བཏགས་ཞུ་དགོས་པའི་ལྕག་སྐུལ་བྱེད་པར་མངགས།

    དཔའ་ངར་ཆེ་བའི་སྲང་ཐ་གྲོང་ཚོའི་མང་ཚོགས་ཀྱིས་རང་འགུལ་ངང་བཅིངས་འགྲོལ་དམག་ལ་ལམ་འཚོལ་རོགས་བྱས་པ་མ་ཟད། རང་ལ་ཡོད་པའི་འབྲུ་རིགས་ཀྱང་རིན་མེད་ངང་བཅིངས་འགྲོལ་དམག་ལ་སྤྲད་པ་རེད། མཐར་ཐོན་ཤོག་126པའི་ཡིང་ཤོག་དང་པོའི་བསྐོར་རྒོལ་དྲག་པོའི་འོག་བོད་དུ་སྐྱོད་པའི་དམག་འཐབ་ཐེངས་དང་པོར་རྒྱལ་ཁ་ཐོབ་པ་རེད།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་། སྲང་ཐ་གྲོང་ཚོའི་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་བཅས་བྱས་ཏེ་སྲང་ཐ་གྲོང་ཚོའི“བདེ་སྐྱིད་ཀྱི་གསང་ཨང”མངོན་པར་བྱས་པ་རེད།

    ཀྲི་པུའུ་ཡིས་སྣེ་ཁྲིད་དེ་བཙན་རྫོང་བསྐྲུན་པས་མང་ཚོགས་ཚོའི་དངུལ་སྨར་ཡོང་འབབ་མང་དུ་ཕྱིན་པ།

    གྲོང་གསེབ་ཕྱུག་པོ་ཆགས་མིན་གྱི་འགག་རྩ་ནི་ཀྲི་པུའུ་ལ་ཐུག་ཡོད། དེ་སྔ་སྲང་ཐ་གྲོང་ཚོའི་གྲོང་མི་ཚོའི་བསམ་པའི་ཉམས་འགྱུར་ཞན་ཙམ་ཡོད་པ་དང་། ངལ་རྩོལ་གྱི་ཧུར་སེམས་ཆེན་པོ་མེད་པའི་ཁར“སྒུག་རྟེན་སློང་གསུམ”གྱི་བསམ་བློ་ཚབས་ཆེན་པོ་ཡོད།

    གྲོང་ཚོའི་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ཡག་པོ་བྱས་པས་མི་སེར་གྱི་ཧུར་སེམས་ཆེ་རུ་ཕྱིན་ཡོད། 2016ལོར་སྲང་ཐ་གྲོང་ཚོས་གྲོང་སྲོལ་དམངས་ཆིངས་བཟོས་པ་དང་། ཚང་མས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། སྲང་ཐ་གྲོང་ཚོས“ཡ་རབས་ཀྱི་སྲོལ་བཟང”དར་སྤེལ་བཏང་ཡོད།

    གྲོང་མི་ཚོའི་བསམ་པའི་ཉམས་འགྱུར་ལེགས་སུ་ཕྱིན་ནས་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཀྱང་དེ་བས་ཆེ་རུ་ཕྱིན་ཡོད། སྲང་ཐ་གྲོང་ཚོས་ཡུལ་བབ་དང་བསྟུན་ཏེ་སེ་འབྲུ་འདེབས་འཛུགས་དང་ཐོན་ལས་འཕེལ་རྒྱས་གཏོང་འགོ་ཚུགས།

    སྲང་ཐ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲེན་ན་ཡིས། 2017ལོར་སྲང་ཐ་གྲོང་ཚོས་ཐུ་ནི་སིའི་སེ་འབྲུ་མུའུ་126བཏབ་པར་མུའུ་རེ་ནས་དངུལ་སྨར་ཡོང་འབབ་སྒོར་ཁྲི་2ནས་3བར་བྱུང་ཡོད། 2020ལོར་ང་ཚོའི་གྲོང་ཚོས་བཏབ་པའི་སེ་འབྲུ་ཚང་མར་འབྲས་བུ་བཏགས་ནས་དུད་ཚང་རེར་ཡོང་འབབ་སྒོར་2000ཙམ་བྱུང་ཡོད་ཅེས་ངོ་སྤྲོད་བྱས།

    དམངས་ཕན་སྲིད་ཇུས་ལས་དམངས་སེམས་གཅིག་ཏུ་བསྒྲིལ་ཏེ་ཁྱད་ལྡན་ཡུལ་སྐོར་ལ་བཀྲག་མདངས་འཚེར་ས་མངོན་པ།

    སྲང་ཐ་གྲོང་ཚོའི་གྲོང་མི་95%ཡན་ནི་ནུའུ་རིགས་ཡིན་པས་དམིགས་བསལ་གྱི་ནུའུ་རིགས་ཀྱི་རིག་གནས་ལྡན་པ་དང་དུས་མཚུངས“པིང་ཀྲུང་ལུའོ་ནས་ཚ་བ་རོང”བར་གྱི་ཡུལ་སྐོར་ལམ་ཐིག་དེ་ཡུན་ནན་ནས་བོད་དུ་སྐྱོད་སའི་གྲོང་ཚོ་དང་པོ་དེ་ཡིན་པས་ཡུལ་སྐོར་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། “ང་ཚོ་ཚ་བ་རོང་ཤང་ཏང་ཨུད་དང་སྲིད་གཞུང་གིས་2018ལོར་སྲང་ཐ་གྲོང་ཚོ་གསར་རྐྱང་ཞིག་བཏོད་དེ་གྲོང་ཚོས་ནུའུ་རིགས་ཀྱི་ཁྱད་ཆོས་སོར་འཇོག་བྱས་པའི་རྨང་གཞིའི་ཐོག་ས་ཁོད་སྙོམས་པ་དང་། གཞུང་ལམ་མཁྲེགས་འགྱུར། ཆུ་ཀ་ལ་དུད་ཚང་དུ་འཁྲིད་པ། བཙོག་འབུད་མ་ལག་བཟོས་པ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་མ་ཟད། ད་དུང་ཡུན་ནན་དུ་སྐྱོད་སའི་ལམ་བུ་རྒྱ་ཆེར་བཏང་སྟེ་སྲང་ཐ་གྲོང་ཚོའི་མང་ཚོགས་འགྲོ་སྐྱོད་ཐད་ལམ་བུ་གཅིག་ལས་མེད་པའི་དཀའ་གནད་ཀྱང་བསལ་ཡོད”ཅེས་ཚ་བ་རོང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་མིང་ཅུན་གྱིས་གསར་འགོད་པར་བཤད།

    དེ་སྔ་གཞུང་ལམ་གུ་དོག་པས་ཤང་དུ་སྐྱོད་སའི་ལམ་མ་གཏོགས་མེད། ཡུན་ནན་ཕྱོགས་སུ་སྐྱོད་པའི་ལམ་བཟོས་རྗེས་སྒེར་འཁོར་གཏོང་མཁན་ཇེ་མང་དུ་ཕྱིན་ཡོད། འདི་ལོ་ལོ་33ལ་སླེབས་པའི་བསོད་ནམས་ཆོས་སྒྲོན་གྱིས་རང་ཁྱིམ་གྱི་བེད་མེད་དུ་བཞག་པའི་ཁང་པ་དག་ཁྱིམ་ཚང་མགྲོན་ཁང་དང་ཚོང་ཁང་བཙུགས་པས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཕྱུག་འགྱུར་གྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།

    “ད་ཆ་ཁྱིམ་ཚང་མགྲོན་ཁང་ལ་ཉལ་ཁྲི་7ཡོད། གལ་སྲིད་ཡུལ་སྐོར་བས་ང་ཚོའི་ས་གནས་འདི་གའི་ཁྱད་ལྡན་ཞིམ་ཟས་ཟ་འདོད་ན་ངས་ཀྱང་ཁོང་ཚོར་བཟོ་གི་ཡོད། ད་ཆ་ཁྱིམ་ཚང་གི་ཡོང་འབབ་དེ་སྔ་ལས་ལྡབ་ཁ་ཤས་མང་དུ་ཕྱིན་པ་དང་མི་རིང་བའི་གོང་ཚོང་ཁང་རྒྱ་ཆེ་རུ་བཏང་བ་ཡིན། རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པས་ང་ཚོ་མི་སེར་གྱི་འཚོ་བ་ཡག་ཏུ་སོང་ཡོད”ཅེས་བསོད་ནམས་ཆོས་སྒྲོན་གྱིས་དགོད་འཚེར་འཚེར་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།