དབུ་ཤོག>ཆེད་སྒྲིག
  • ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་སྡེ་ཁུལ་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་བཏང་ནས་བློར་ངེས་པ་དང་སེམས་ལ་ཟུག་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-10

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྐུལ་སློང་དང་བཀོད་སྒྲིག་མགྱོགས་མྱུར། སློབ་སྦྱོང་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ། སྡེ་ཁུལ་ཁག་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་ནས། “ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ”བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་པ་རེད།

    ཀླུ་སྒུག་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་མ་འཚོགས་གོང་གཅིག་སྡུད་སློབ་སྦྱོང་དང་བགྲོ་གླེང་བྱས་ཤིང། ཚོགས་འདུ་ཚོགས་རིང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཚན་ཁག་གི་ཁོངས་མི་དང་། ཀྲི་པུའུ་ཁག་གི་ཧྲུའུ་ཅི། ཨུ་ཡོན་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་རེད།

    ཁྲོམ་གཟིགས་སྒང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུས་སྡེ་ཁུལ་གྱི་ཏང་ཡོན་དང་། གྲོང་མི་ཏང་ཡོན། བཅའ་སྡོད་ལས་དོན་རུ་ཁག དྲ་མིག་གསུམ་གྱི་ཏང་ཀྲི་པུའུ་བཅས་སྒྲིག་འཛུགས་བྱས་ཏེ། རིམ་པ་བཞིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲི་པུའི་ཧྲུའུ་ཅི་ཁག་གིས་2021ལོའི་ལོ་སྟོད་ཀྱི་ཏང་ཀྲི་པུའི་ལས་དོན་སྤེལ་ཚུལ་དང་ལྷག་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཚུལ་ལ་ཞིབ་བསྡུར་སྐྱོན་བཤེར་ཡང་ཡང་བྱས་པ་རེད།

    བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱི་ཏང་ཀྲི་པུས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་འཚོགས་ཏེ། ཀྲི་པུའུ་ཨུ་ལྷན་གྱིས་གནད་དོན་ལ་ལྟ་ཞིབ་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། བསྟན་རྒྱས་གླིང་སྡེ་ཁུལ་གྱི་ཏང་ཀྲི་པུས་གོང་རིམ་གྱི་བླང་བྱར་ནན་པོར་གཞིགས་ཏེ། གནད་དོན་དག་ཐེར་དོན་འཁྱོལ་ལ་ཞིབ་ལྟ་བྱ་རྒྱུར་དམ་འཛིན་ཏན་ཏིག་དང་ཆབས་ཅིག མུ་མཐུད་དག་ཐེར་བྱས་ཏེ་ཀྲི་པུའི་ལས་དོན་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།