སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“མི་གཅིག་དང་གྲོང་ཁྱེར་གཉིས”ཀྱི་བོད་སྐྱོར་གཞོན་ནུ་དང་བླངས་པའི་སྦྲེལ་ཟམ་དང་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། ཉེ་དུས། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས“ཏང་གི་རྗེས་ཤུལ་དྲན་པ་དང་། ཏང་གི་ལོ་རྒྱུས་སྦྱོང་བ། ཏང་གི་རྗེས་སུ་འབྲང་བ”བརྗོད་དོན་གཙོ་བོར་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་སྤེལ་བར་ཕན་འབྲས་བཟང་པོ་ཐོན་ཡོད།
ཚོགས་ཆེན་གཟབ་རྒྱས་ཀྱི་གནས་ཚུལ་ལ་བལྟ་བ་དང་བོད་སྐྱོར་གྱི་མྱོང་ཚོར་ཟབ་མོ་གླེང་བ། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་དུ་རོགས་སྐྱོར་གྱི་གཞོན་ནུ་དང་བླངས་པ་15སྒྲིག་འཛུགས་བྱས་ཏེ་དྲ་རྒྱ་དང་། བརྙན་འཕྲིན། རླུང་འཕྲིན་སོགས་བརྒྱུད། ཡུལ་བབ་དང་བསྟུན་ནས་ཚན་པའི་གྲོས་ཚོགས་ཁང་དང་ལས་སྒོའི་འཐབ་ས་དང་པོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ཚོགས་ཆེན་གྱི་གནས་ཚུལ་གཟབ་རྒྱས་ལྟ་ཉན་བྱས་པ་རེད།
ཏང་གི་ལོ་རྒྱུས་སློབ་ཚན་ཁྲིད་ནས་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས“མཉམ་འདྲེས་སྨྱན་སྦྱོར+ས་གནས་ས་ཐོག་གི་གཏམ་བཤད”ཀྱི་བྱེད་ཐབས་སྤྱད་དེ“འབྲེལ་ཐག་སློབ་ཚན”དང་། “ཇོ་མོ་གླང་མའི་འཆད་ཁྲིད་ཆེ་མོ”“གཞོན་ནུའི་ཧྲ་ལུང”སོགས་གཞོན་ནུའི་ཏང་གི་ལོ་རྒྱུས་སློབ་ཚན་ཐུང་ངུ་བརྒྱུད་ནས་གཞོན་ནུ་ཚོར་དང་བླངས་པའི་ཕ་ཡུལ་གྱི་ལོ་ངོ་བརྒྱ་ཡི་ཏང་གི་ལོ་རྒྱུས་བརྗོད་དེ། ཁོངས་གཏོགས་ཁུལ་གྱི་གཞོན་ནུ་ཚོར་ལོ་རྒྱུས་མི་སྣ་དང་བྱ་དངོས་ཁྲོད་ནས་མི་སྒེར་དང་ཏང་གི་ལོ་རྒྱུས་དབར་གྱི་འབྲེལ་མཐུད་བྱེད་ས་ནུས་ལྡན་འཚོལ་རོགས་བྱས་ཡོད།
གྲོང་ཁྱེར་གཉིས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་འབྲེལ་ཐག་གི་ནུས་པ་བཏོན་པ། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་བོད་ཀྱི་ཁོངས་གཏོགས་ཀྱི་མི་དམངས་དངུལ་ཁང་གི་གྲོང་ཁྱེར་དང་ས་ཁུལ་ཁག་གི་སྡེ་ཚོགས་ཨུ་ལྷན་སྒྲིག་འཛུགས་བྱས་ནས“མི་གཅིག་དང་གྲོང་ཁྱེར་གཉིས”ཀྱི་བྱེད་སྒོ་རྒྱུན་མཐུད་སྤེལ་བ་དང་ས་ཁུལ་གཉིས་ཀྱི་གཞོན་ནུ་ཚོས་ནང་ཁུལ་གྱི་དྲ་རྒྱའི་བརྙན་ལམ་དང་ཁ་པར་དང་ཐེང་ཤུན་བརྙན་ལམ་སོགས་ཀྱི་རྣམ་པ་བརྒྱུད“སློབ་སྦྱོང(ཏང་གི་ལོ་རྒྱུས་ཤེས་བྱ་སྦྱོང་བ)+ལྟ་བ(གསར་བརྗེའི་གློག་བརྙན་ལྟ་བ)+བགྲོ་གླེང(སློབ་སྦྱོང་དང་འགན་སྒྲུབ་ཀྱི་བསམ་ཚུལ་གྲོས་བསྡུར)”བཅས་ཀྱི་ཐབས་ལམ་སྤྱད་དེ་རོགས་སྐྱོར་ཚན་པ་དང་དྲ་ཐོག་ནས་སློབ་སྦྱོང་སྤེལ་རེས་འཁྲུག་པོ་བྱས་ཡོད།