དབུ་ཤོག>ཆེད་སྒྲིག
  • སྔགས་པ་གླིང་ཁ་སྡེ་ཁུལ་གྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-10

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཁྲེང་ཀོན་ཆུས་སྔགས་པ་གླིང་ཁ་སྡེ་ཁུལ་གྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”དེ་རྒྱུན་གཏན་གྱི་ལས་ཀའི་ནང་བཅུག་ནས། དྲ་མིག་ཅན་གྱི་དོ་དམ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ཡོད།

    ཉིན་ཤས་གོང་། སྔགས་པ་གླིང་ཁ་སྡེ་ཁུལ་གྱི་དྲ་མིག་ཅན་གྱི་དོ་དམ་པས་ཁོངས་གཏོགས་ཁུལ་དུ་སྐོར་ཞིབ་བྱེད་སྐབས། དངོས་གྲུབ་ཉམས་གསོ་ཁང་ཉེ་འགྲམ་གྱི་ས་འོག་ཆུ་འགྲོའི་ཁེབས་གཅོད་ལ་སྐྱོན་ཚབས་ཆེན་ཤོར་ཡོད་པ་མ་ཟད། ད་དུང་ས་འོག་ཆུ་འགྲོ་ཁག་གཅིག་གི་ཁེབས་གཅོད་མཐོང་རྒྱུ་མེད་པས་བཙོག་ཆུའི་དྲི་ངན་གང་སར་བྲོ་བ་དང་། ཉེ་འགྲམ་གྱི་གྲོང་མི་རྐང་ཐང་མར་སྐྱོད་པའམ་ཡང་ན་རྐང་འཁོར་བཞོན་ནས་འགྲོ་སྐབས་དོ་སྣང་མ་བྱས་ཚེ་ས་འོག་ཆུ་འགྲོའི་ནང་ལྷུངས་བའི་ཉེན་ཁ་ཚབས་ཆེན་ཡོད་པ་ཤེས་རྟོགས་བྱུང་།

    གོང་གསལ་གྱི་གནས་ཚུལ་ལ་དམིགས་ཏེ། སྡེ་ཁུལ་གྱི་དྲ་མིག་ལས་དོན་པས་ས་འོག་ཆུ་འགྲོའི་ཁེབས་གཅོད་འཕྲོ་བརླག་ཤོར་བའི་ཉེ་འཁོར་དུ་ཕྱོགས་གཅིག་ནས་བདེ་འཇགས་སྲུང་ཐག་འཐེན་ཏེ་འགྲོ་འོང་བྱེད་མཁན་གྲོང་མི་དང་རླངས་འཁོར་ཁ་བསྐོར་ནས་བསྐྱོད་པའི་ཁྲིད་སྟོན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སྡེ་ཁུལ་གྱི་འགོ་ཁྲིད་ལ་གང་མགྱོགས་དགོངས་སྐོར་སྙན་སེང་ཞུས་ནས་ཨར་སྐྲུན་མི་སྣས་ས་འོག་ཆུ་འགྲོའི་ཁེབས་གཅོད་ཉམས་གསོ་དང་ཁེབས་གཅོད་མེད་རིགས་དུས་ཐོག་ཏུ་ཁ་གསབ་བྱ་རྒྱུའི་རེ་བ་ཞུས་ཡོད།

    དེ་དང་ཆབས་ཅིག སྔགས་པ་གླིང་ཁ་སྡེ་ཁུལ་གྱིས་ད་དུང་ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་23སོགས་མི་སྣ་འདུ་འཛོམས་ཆེ་ས་དང་སྤྱི་པའི་རོལ་རྩེད་བྱ་ཡུལ་གཙོ་བོར་དམིགས་ནས་ཆེད་དོན་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་རེད།

    ལས་དོན་མི་སྣས་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་ཁག་གཅིག་ལ་མེ་གསོད་ཡོ་ཆས་ཆ་མི་ཚང་བ་དང་། བདེ་འཇགས་ཐོན་སྒོ་དང་བདེ་འཇགས་ཁ་འགྲེམས་མཛུབ་སྟོན་གྱི་མཚོན་རྟགས་ཉུང་བ། མེ་གསོད་འདུ་ཤེས་ཟབ་པོ་མེད་པ་སོགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་ཡོད། སྡེ་ཁུལ་གྱི་ལས་དོན་མི་སྣས་ཤེས་རྟོགས་བྱུང་བའི་གནད་དོན་ལ་རང་སར་དག་ཐེར་བསམ་འཆར་བཏོན་པ་དང་འབྲེལ། དག་ཐེར་བྱས་ཚུལ་ལ་རྗེས་སྙེགས་ཤེས་རྟོགས་བྱས་ཏེ་གཉེར་སྐྱོང་བར་དུས་བཀག་ནང་དག་ཐེར་བྱེད་དུ་བཅུག་ཡོད། ཞིབ་བཤེར་དག་ཐེར་བྱས་པ་བརྒྱུད་ཁོངས་གཏོགས་ཁུལ་དུ་ཐོན་སྲིད་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པ་བཟོས་པ་དང་། ཁོངས་གཏོགས་ཁུལ་གྱི་གཉེར་སྐྱོང་བྱ་ཡུལ་ཁག་གི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བས་བདེ་འཇགས་ཐོན་སྐྱེད་ལག་བསྟར་དོན་འཁྱོལ་བྱེད་པར་དགེ་མཚན་ཆེན་པོ་ལྡན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།