དབུ་ཤོག>ཆེད་སྒྲིག
  • ​སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཏང་ཡོན་དང་བླངས་ཞབས་ཞུའི་བྱེད་སྒོ་ཧུར་ཐག་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-10

    སྟོད་ལུང་བདེ་ཆེན་ཆུས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུ་དེ་བས་གནད་སྨིན་ཅན་དང་། རྣམ་གྲངས་ཅན། ཆེད་ལས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་སྔར་བས་ལེགས་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུ་མཁོ་འདོན་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”དངོས་སེལ་ཆེད། སྟོད་ལུང་བདེ་ཆེན་ཆུས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། རིག་གནས་རིག་རྩལ། སྨན་བཅོས་ལུས་སྦྱོང་། ཁྲིམས་ལུགས་ཞབས་ཞུ། ཏང་ཡོན་གདོང་ལེན་སོགས་ཞབས་ཞུའི་ཡན་ལག་རུ་ཁག་13དང་དེ་བཞིན་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུ་རུ་ཁག་དང་། ལམ་སྐྱོང་དང་བླངས་པའི་ཞབས་ཞུ་རུ་ཁག གྲོང་གསེབ་ཀྱི་དང་བླངས་ཞབས་ཞུ་རུ་ཁག གདོང་དཀར་གདོང་ལེན་རོགས་སྐྱོབ་དང་བླངས་ཞབས་ཞུ་རུ་ཁག་བཅས་ཁྱད་ལྡན་དང་བླངས་ཞབས་ཞུ་རུ་ཁག་4བཙུགས་ཡོད།

    “ལོ་རྒྱུས་སྦྱངས་ནས་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་བྱ་བ་དངོས་ཡག་པོ་སྒྲུབ་པའི”ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་པ་ནས་བཟུང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་དེ་འཕེལ་རྒྱས་ལ་སྐུལ་འདེད་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་དམ་འཛིན་བྱ་གཞིར་བརྩི་བ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་གཞི་རྟེན་གཙོ་བོར་བྱེད་པ། གཟའ་འཁོར་རེའི་ཏང་ཡོན་གྱི་ལེགས་སྐྱེས་འབུལ་བའི་ཉིན་མོ་གོ་སྐབས་གལ་ཆེན་དུ་བརྩིས་ཏེ་ཏང་ཡོན་གྱི“འགན་ལེན་གསུམ”ཞེས་པའི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི“སྒོ་འཛུགས་ས”དང“འགག་གནད་སྒྲོལ་སར”དམ་འཛིན་ཏན་ཏིག་བྱེད་པ་དང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་ཏང་ཡོན་དང་བླངས་པ་4000ལྷག་ཙམ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་མང་ཚོགས་ཀྱི་རེ་སྒུག་བྱེད་ས་དང་། མང་ཚོགས་ཀྱི་བསམ་བློ་གཏོང་ས། མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་བཅས་ལ་དམིགས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་དམངས་ཕན་བྱ་བཟང་དང་། དོན་གནད། དོན་དངོས་བཅས་ཡག་པོ་སྒྲུབ་པ། དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རྒྱུན་གཏན་གྱི་འཚོ་བའི་ཁྲོད་མཉམ་འདྲེས་ཏན་ཏིག་ཐུབ་པར་བྱེད་པ། ཏང་དང་མང་ཚོགས་དབར་གྱི་འབྲེལ་ཟམ་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ནུས་པ་ཐོན་པར་རམས་འདེགས་བྱས་ཡོད།

    ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དང་བླངས་ཞབས་ཞུའི“གཙོ་ཤུགས་དམག”བཏོད་པ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་གཞི་རིམ་ཏང་ཡོན་གྱི་ལེགས་ཆ་སྔོག་འདོན་བྱ་ཆེད། སྟོད་ལུང་བདེ་ཆེན་ཆུས་ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ལ་བརྟེན་ནས། ཏང་ཡོན་དང་བླངས་པ་ཞབས་ཞུའི་སྟོབས་ཤུགས་གཙོ་བོར་བྱས་ཏེ་ཏང་ཡོན་དང་བླངས་པའི་ཞབས་ཞུའི་ལས་སྟེགས་བཏོད་པ་དང་། ཏང་འཛུགས་སྐྱོང་གིས་དང་བླངས་ཞབས་ཞུར་སྣེ་ཁྲིད་བྱེད་པའི་དྲ་རྒྱ་བཙུགས་པ། ཏང་ཡོན་དང་བླངས་པའི་ཞབས་ཞུའི་ཡན་ལག་རུ་ཁག་གི་ཁོངས་མིའི་གྲུབ་ཆ་ལེགས་སུ་བཏང་བ། རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ། རིག་གནས་རིག་རྩལ། སྨན་སྐྱེལ་སྨན་བཅོས། བཅའ་ཁྲིམས་ཞབས་ཞུ། འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། ཡ་རབས་འགྲིམ་འགྲུལ་སོགས་ཀྱི་ཞབས་ཞུའི་རྣམ་གྲངས་རྒྱ་ཆེར་བཏང་ཡོད།

    དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དང་བླངས་ཞབས་ཞུའི“ཐོན་ཁུངས་འཁོར་རྒྱུག”གང་འགབ་ཅི་སྤྱོད་བྱེད་པ། ཞབས་ཞུའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། དང་བླངས་ཞབས་ཞུར་མིང་རྟགས་འགོད་པའི་ལམ་ལུགས་སྤྱད་དེ་ཏང་ཡོན་གྱི་སྐར་གསོག་དོ་དམ་ལམ་སྲོལ་བཙུགས་ནས་དང་བླངས་ཞབས་ཞུའི་ནང་ཞུགས་རྒྱུ་དེ་ཏང་ཡོན་གྱི་ལས་དོན་ལ་དཔྱད་མོལ་བྱེད་པའི་དཔྱད་གཞིའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་བ་དང་། ཏང་ཡོན་གྱི་སྔོན་ཐོན་དཔྱད་འདེམས་དང་ཕུལ་བྱུང་དཔྱད་འདེམས་ཀྱི་ཁྱབ་ཁོངས་ནང་འཇུག་པ། ལམ་ལུགས་ཕྱོགས་སྟོན་ལ་བརྟེན་ནས་ཏང་ཡོན་གྱི་དང་བླངས་ཞབས་ཞུའི་ནང་ཞུགས་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། ཏང་ཡོན་གྱི་དང་བླངས་ཞབས་ཞུའི་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་ཡོན་རང་འགུལ་ངང་ཞུགས་པ་དང་རང་ངོས་ནས་སྐུལ་འདེད་གཏོང་བའི་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་རྣམ་པ་ཆགས་པ་བྱས་ཏེ་ཏང་ཡོན་དང་བླངས་པའི་ཞབས་ཞུའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་ཡོད། འཐབ་སའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཤིང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང(ས་ཚིགས)དང་། གྲོང་ཚོའི་ལོ་རྒྱུས་ཁང་། ཏང་ཡོན་བྱེད་སྒོ་ཁང་། དམངས་ཕན་ཞབས་ཞུའི་ལྟེ་གནས། ཞིང་པའི་དཔེ་དེབ་ཁང་སོགས་རིགས་ཁག་གི་འཐབ་སའི་ཐོན་ཁུངས་སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ། ཏང་ཡོན་དང་བླངས་པར་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྒྲོག་འགྲེལ་དང་། རིག་གནས་རིག་རྩལ། སྨན་སྐྱེལ་སྨན་བཅོས། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་སྤེལ་ཡུལ་འདང་ངེས་བཞིན་པ་མཁོ་འདོན་བྱས་ཡོད།

    དགོས་མཁོའི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་དང་བླངས་ཞབས་ཞུའི“མཉམ་གཞས་ཆེན་པོ”དཀྲོལ་བ། “ལོ་རྒྱུས་ལྔ”ཡི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་བླངས་ཞབས་ཞུ་རུ་ཁག་གིས་ཏང་ཡོན་ལས་བྱེད་པ་དང་། ཞིང་འབྲོག་མང་ཚོཌ། གཞོན་ནུ་ལོ་ཆུང་། དགོན་སྡེའི་གྲྭ་བཙུན། ཁེ་ལས་ཀྱི་ལས་བཟོ་སོགས་ལ་དམིགས་ནས་རིགས་དང་རིམ་པ་དབྱེ་སྟེ་སྒྲོག་འགྲེལ་གྱི་ནང་དོན་བཟོས་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་སྒྲོག་འགྲེལ་བྱེད་ཐབས་སྤྱད་དེ་ཞིང་ནང་དང་མུ་ཁ་དང་། ཇ་ཁང་། རླངས་འཁོར་རུ་ཁག སློབ་ཁང་། བཟོ་གྲྭའི་འཁོར་ཁང་། དགོན་སྡེའི་གྲྭ་ཤག་བཅས་སུ་བསྐྱོད་དེ་རིམ་རྩིས་བྱས་ན་སྒྲོག་འགྲེལ་ཞབས་ཞུ་བྱེད་སྒོ་སྣ་ཚོགས་ཐེངས་600ལྷག་ཙམ་སྤེལ་བར་མང་ཚོགས་མི་ཐེངས་ཁྲི་3ལྷག་ཙམ་ལ་ཕན་པ་ཐོབ་ཡོད། དར་སྲོལ་གསར་པ་ཅནདུ་“བསྒྱུར་བ”བྱས་ཤིང་། མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང“ཤེས་དཔལ་གྲོང་ཁྱེར་ཚང་མས་མཉམ་སྐྲུན་དང་། ཤེས་དཔལ་གྲུབ་འབྲས་ཚང་མས་མཉམ་སྤྱོད”ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་། “ཡ་རབས་ངང་ཁ་ཏ་བསླབ་བྱ་བྱ་རྒྱུ་ང་ནས་འགོ་འཛུགས”ཞེས་པའི་དང་བླངས་ཞབས་ཞུ། “ཏང་ཡོན་གྱིས་སྡེ་ཁུལ་དུ་འབྱོར་ཐོ་བཀོད་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ” “སྨན་སྐྱེལ་སྨན་བཅོས” “གཞིས་ལུས་བྱིས་པར་གཅེས་སྐྱོང”སོགས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་500ལྷག་ཙམ་སྤེལ་ནས་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་150ལྷག་ཙམ་བསྒྲུབས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།