ཉིན་ཤས་གོང་བྲག་ཡིབ་ཆུས་ཨུད་རྩ་འཛུགས་པུའི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག པད་མ་སྒང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་ཁོངས་གཏོགས་ཁུལ་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་མཉམ་སྐྲུན་ཁེ་ལས་ཀྱི་ཏང་ཀྲི་པུའུ་19དང་དགུང་ཚང་མོན་པ་མི་རིགས་ཤང་ཏང་ཨུད་དང་ཆ་སྒྲིག་མཉམ་སྐྲུན་བྱས་ཏེ། ལེགས་ཆ་གསབ་རེས་དང་། མཉམ་འབྲེལ་མཉམ་སྐྲུན། འཕེལ་རྒྱས་མཉམ་དུ་དོན་གཉེར་བཅས་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ་རེད། ཁོངས་གཏོགས་ཁུལ་གྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱི་ཏང་ཀྲི་པུའི་འཐུས་མི་དང་དགུང་ཚང་མོན་པ་མི་རིགས་ཤང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གི་རུ་དཔོན་དང་དེ་བཞིན་ལས་དོན་མི་སྣ་60ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།
བྱེད་སྒོ་སྤེལ་རིང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཏང་ཀྲི་པུའི་འཐུས་མི་དང་། པད་མ་སྒང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། དགུང་ཚང་མོན་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་ཀྱིས་སྤེལ་རེས་གཏམ་བཤད་སྤེལ་བ་མ་ཟད། “ལེགས་ཆ་གསབ་རེས་དང་། མཉམ་འབྲེལ་མཉམ་སྐྲུན། འཕེལ་རྒྱས་མཉམ་དུ་དོན་གཉེར”བཅས་བརྗོད་དོན་གཙོ་བོར་བྱས་པའི་མཉམ་སྐྲུན་མཛད་སྒོར་སྤེལ་རེས་གཏམ་བཤད་སྤེལ་བ་མ་ཟད། ཏང་འཛུགས་སྐྱོང་ལས་དོན་གྱི་མཐུན་པའི་ཆ་དང་འཕེལ་རྒྱས་ཀྱི་གཉིས་ཕན་ལ་དམིགས་ནས་ཕྱོགས་གསུམ་དབར་མཉམ་འབྲེལ་མཉམ་སྐྲུན་གྱི་འདུན་པ་མཚོན་ཐབས་བྱས་པས། གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་མ་ལག་འཛུགས་སྐྱོང་དང་སྤྱི་ཡོངས་འཛུགས་སྐྱོང་མངོན་འགྱུར་བྱུང་སྟེ་ཏང་འཛུགས་སྐྱོང་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་ཡོད།