དབུ་ཤོག>ཆེད་སྒྲིག
  • རླུང་རྟེན་རླབས་གཤག་བྱས། འགྲོ་ལམ་བདེ་ལ་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-10

    “འཛམ་གླིང་ཡང་རྩེའི་ཡང་རྩེ་ཡིན་པའི་མངའ་རིས་མི་དམངས་ཚོས་སེམས་གཏིང་ནས་ཏང་གི་རྗེས་སུ་འབྲང་བ་དང་། གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་སེམས་སུ་ངེས་ནས་ཏང་གི་བཀའ་དྲིན་ནམ་ཡང་དྲན་ཞིང་། སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་ཕུལ”ཞེས་པ་དེ་ནི་མངའ་རིས་ཀྱི་བུ་ཕྲུག་ཚོས་ཏང་ལ་འབུལ་བའི་བསྟོད་གླུ་རེད།

    ད་ཆའི་མངའ་རིས་ཀྱིས་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་རྣམ་པ་དང་དཔའ་ངར་ཆེར་བསྐྱེད་ཀྱི་ཡར་བརྩོན་གྱི་བསམ་པར་བརྟེན་ནས་ཀྲུང་ཧྭ་མི་རིཌ་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མངའ་རིས་ཀྱི་ལེའུ་རྩོམ་བཞིན་ཡོད།

    2016ལོ་ནས་བཟུང་། མངའ་རིས་ས་ཁུལ་གྱིས་རིམ་རྩིས་བྱས་ན་དུད་ཚང་6124ཡི་མི་འབོར་དབུལ་པོ་23293ཉུང་དུ་བཏང་ནས་ས་ཁུལ་ཡོངས་ཀྱི་གྲོང་ཚོ་དབུལ་པོ་139ཚང་མ་དབུལ་སྒྲོལ་ཐུབ་པ་དང་། 2020ལོར་མངའ་རིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་68.6ཟིན་པ་དང་། ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་4.45ཟིན་པ། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་14.47ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4.4ཟིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.4ཟིན་པ་བཅས་བྱུང་ཡོད།

    ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་པ།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་དོན་ལ་བབས་ས་དང་འགོ་ཚུགས་སར་བརྩིས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་པ་དང་། “གནད་སྨིན་དྲུག”མཐའ་འཁྱོངས། “མི་འདོར་བ་བཞིའི”བླང་བྱ་དོན་འཁྱོལ་བཅས་བྱས་ནས་ཐོན་ལས་དབུལ་སྐྱོར་དང་། ཡུལ་གཞན་དུ་གནས་སྤོས། སྤྱི་ཚོགས་འགན་སྲུང་ཐ་སྐྱོང་སོགས་ཀྱི་བྱ་ཐབས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་སྨན་བཅོས་དང་། སློབ་གསོ། སྡོད་ཁང་བདེ་འཇགས་སོགས་ལ་ཕྱོགས་ཡོངས་ནས་འགན་ལེན་ནུས་ལྡན་ཐུབ་ཡོད།

    མིག་སྔར། མངའ་རིས་ས་ཁུལ་དུ་རིགས་ཁག་གི་གཞུང་བཙུགས་སྨན་བཅོས་སྒྲིག་གཞི་47ཡོད་པ་དང་། ས་ཁུལ་དང་། རྫོང་། ཤང་བཅས་རིམ་གསུམ་སྨན་བཅོས་སྒྲིག་གཞིར་ཉལ་ཁྲི་627བཀོད་སྒྲིག་བྱས་ཡོད་པས་ཆ་སྙོམས་བྱས་ན་མི་སྟོང་རེར་ཉལ་ཁྲི་5.5ཡོད་པར་བརྟེན་མངའ་རིས་ས་ཁུལ་གྱི་མང་ཚོགས་ཀྱི“ནད་ལྟ་ཐུབ་པ་དང་ནད་ཡག་པོ་ལྟ་ཐུབ་པ”མངོན་འགྱུར་ཡོང་བཞིན་ཡོད། 2020ལོར། ས་ཁུལ་ཡོངས་སུ་སློབ་གྲྭ་འབྲིང་ཆུང་དང་དེ་བཞིན་བུ་བཅོལ་ཁང་143ཡོད་པ་དང་། ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དང་། ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་། ལྷ་ས་མངའ་རིས་ཧོ་པེ་ཆ་ཚང་སློབ་འབྲིང་བཅས་བཙུགས་ཟིན་ཞིང་། སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་སུ་སློབ་གྲྭར་ཞུགས་ཚད་99.97%དང་། 111.81% 91.93%བཅས་སོ་སོར་ཟིན་ཡོད།

    གཞན་ཡང་། མངའ་རིས་ས་ཁུལ་གྱི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་ཁག་37གྱི་འཕེལ་རིམ་བདེ་བླག་བྱུང་བ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་བརྟན་གཏོང་རིམ་སྤོར་ལས་གྲྭ་ཁག་1379བསྐྲུན་ནས་མང་ཚོགས་ཀྱི་འཚོ་བའི་གློག་སྤྱོད་དང་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།

    ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་བ།

    མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ《མངའ་རིས་ས་ཁུལ་གྱི་2020ལོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་གཙོ་གནད》བཟོས་ནས་དམིགས་ཚད་དང་ལས་འགན་ཞིབ་ཚགས་སུ་བཏང་བ་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། མིག་སྔར། ས་ཁུལ་ཡོངས་ཀྱི་རླུང་ཁམས་ཆེ་མོའི་ཁོར་ཡུག་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་98%ཟིན་པ་དང་། ཆུ་བོ་གཙོ་བོའི་ཆད་ངོས་ཀྱི་ཆུ་སྤུས་རིགས་Ⅲགྱི་ཚད་གཞི་རྒྱུན་འཁྱོངས་ཐུབ་པའམ་དེ་ལས་ཡག་པ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་སྤུས་སྤྱིར་རིགས་Ⅲགྱི་ཚད་གཞིར་སླེབས་པའམ་དེ་ལས་ཡག་པ་རེད།

    སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཆབས་ཅིག་དམིགས་བསལ་གྱི་ས་ཁམས་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་ལ་བརྟེན་ནས་མངའ་རིས་ས་ཁུལ་གྱིས་ཡུལ་སྐོར་ལས་རིགས་དེ་མངའ་རིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་གཙོ་ཁྲིད་ཐོན་ལས་ཤིག་ཏུ་བརྩིས་ནས། ཡུལ་སྐོར་གྱི་ཁྱད་ལྡན་ཐོན་ཁུངས་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ཏེ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་བཏང་བ་དང་ཡུལ་སྐོར་གྱི་སྣེ་ལེན་ནུས་པ་ཆེ་རུ་བཏང་ཡོད།

    ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་གཏོང་ཆེད། མངའ་རིས་ས་ཁུལ་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་རྣམ་གྲངས་22ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་ཁྲི་3659བཏང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩའི་རྣམ་གྲངས་5ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་ཁྲི་1917བཏང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་རྣམ་གྲངས་14ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་ཁྲི་15127བཏང་བ། ས་གནས་ཀྱི་ཡུལ་སྐོར་མ་དངུལ་རྣམ་གྲངས་4ལག་ལེན་བསྟར་བར་ཁྱོན་མ་དངུལ་སྒོར་ཁྲི་1040བཏང་བ། རིམ་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་ཁྲི་4868.21བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་གྱི་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་སྤྱད་པ་དང་། མིག་སྔར་རུ་ཐོག་གྲོང་ཚོ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཚིགས་5བསྐྲུན་ཟིན་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མངའ་རིས་ས་ཁུལ་གྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་440.6ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་54.7བྱུང་ནས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད།

    བདེ་སྡོད་ལས་བརྩོན་ལས་མཐའ་མཚམས་དེ་བས་མཛེས་པར་གྱུར།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་མཐོར་གཏོང་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས“མཐའ་མཚམས་འཕེལ་རྒྱས་མགྱོགས་སུ་བཏང་ནས་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་པའི”གཙོ་རྐང་དེར་དམ་པོར་དམིགས་ཏེ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་བཏང་བས་མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཡག་ཐོག་ཡག་བརྩེགས་བྱུང་ཡོད།

    2016ལོར། རུ་ཐོག་རྫོང་རི་གསུམ་ཤང་ལྕགས་སྒང་གྲོང་ཚོའི་མང་ཚོགས་པ་སངས་དོན་གྲུབ་ཀྱི་ཁྱིམ་ལྕགས་སྒང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་སྨི་ངོས་གྲུ་120ཟིན་པའི་སྡོད་ཁང་གསར་པའི་ནང་སྤོས་ཡོད། “ཁང་པ་ཡག་པོ་དེ་འདྲ་ཞིག་ནང་སྡོད་རྒྱུ་བྱུང་བ་ངོ་མ་ཏང་དང་རྒྱལ་ཁབ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་པ་སངས་དོན་གྲུབ་ཀྱིས་བཤད།

    2020ལོའི་ཟླ་9པའི་ཟླ་མཇུག་བར། མངའ་རིས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་37འཛུགས་སྐྲུན་ལས་འགན་ཚང་མ་ལེགས་གྲུབ་བྱུང་སྟེ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་ལས་འགན་སྔོན་ལ་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་ཡོད།

    ད་ཆ་མཐའ་མཚམས་འབྱོར་འབྲིང་སྡོད་ཁང་གསར་པ་ཁྲི་2ལྷག་ཙམ་གྲལ་སྟར་འགྲིག་པོས་བསྐྲུན་ཞིང་། སྐྱ་ཐེར་ཐེར་གྱི་ལུང་སྟོང་ནས་ཁང་བཟང་བ་གམ་ཅན་བར་དང་དབུལ་ཕོངས་རྗེས་ལུས་ནས་བདེ་སྐྱིད་ཁམས་བཟང་བར་མངའ་རིས་ཀྱི་མཐའ་མཚམས་ས་ཐིག་རིང་མོའི་རྒྱུད་དུ་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།