དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་ཅུས་དང་གཞིས་རྩེ་གྲོང་ཁྱེར་དབར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ནས་མཐའ་མཚམས་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-10

    ཉེ་ཆར། རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་ཅུས་དང་གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གིས་མཐའ་མཚམས་སྟོབས་ཆེར་གཏོང་བ་དང་མཐའ་མཚམས་དར་རྒྱས་གཏོང་བའི་རྫོང་ཁོངས་ཀྱི་ས་གཤིས་རྩད་ཞིབ་ཞབས་ཞུའི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་འབྲེལ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ཡང་བཞག་པ་རེད།

    ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་གཞིས་རྩེ་གྲོང་ཁྱེར་ལ་ཕུན་སུམ་ཚོགས་པའི་ས་འོག་ཚ་ནུས་ཐོན་ཁུངས་ཡོད་པས་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག་ཞིང་སྡེ་དང་། ལུས་གསོ། ཡུལ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་གཞི་ཁྱོན་ཅན་གྱི་ཐོན་ལས་བཏོད་དེ་མཐའ་མཚམས་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་དང་གཞིས་རྩེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།

    གོམ་སྟབས་རྗེས་མར་གཞིས་རྩེ་གྲོང་ཁྱེར་གྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་དེ་གོ་སྐབས་སུ་བྱས་ནས་ས་གཤིས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་ནུས་ལྡན་བྱེད་པ་དང་འབྲེལ། “མཐའ་མཚམས་འཕེལ་རྒྱས་མགྱོགས་སུ་བཏང་ནས་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་པའི”གཙོ་རྐང་དེར་དམིགས་ཏེ་འགན་འཁྲི་ཏན་ཏིག་འཁུར་བ་དང་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གཞིས་རྩེ་གྲོང་ཁྱེར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།