བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་པ་དང་། སྲིད་གཞུང་གིས་ཁྲོམ་རར་ཁྲིད་སྟོན་བྱ་རྒྱུ་གཙོ་བོར་བྱེད་པའི་ལས་ཞུགས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་དེ་སློབ་གྲྭས“མི་ཇི་འདྲ་ཞིག་གསོ་སྐྱོང་དང་། ཇི་ལྟར་གསོ་སྐྱོང་། སུའི་ཆེད་དུ་གསོ་སྐྱོང”བཅས་ཀྱི་རྩ་བའི་གནད་དོན་དེ་མཐའ་མའི་དོན་གྱི་བབས་སར་བརྩིས་པས། སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་སྤྱི་ཡོངས་ནས་བརྟན་པོ་བྱུང་ཡོད།
“2020ལོ་བར་སློབ་གྲྭའི་སློབ་ཐོན་སློབ་མའི་ཐོག་མའི་ལས་ཞུགས་ཐུབ་ཚད་ལོ་གསུམ་བསྟུད་མར་90%ལྷག་ཙམ་ཟིན་པ་དང་ལོ་གསུམ་བསྟུད་མར་ལྗོངས་ཡོངས་ཀྱི་མཐོ་སློབ་ཁག་གི་མདུན་གྲལ་དུ་སླེབས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ཐོག་མའི་ལས་ཞུགས་ཐུབ་ཚད་སྐོར་ལ་བཏོན་པའི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དམིགས་ཚད་བླང་བྱ་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད། སློབ་ཐོན་སློབ་མ་ཁེ་ལས་སུ་ལས་ཞུགས་ཐུབ་ཚད་ལོ་གསུམ་བསྟུད་མར་88%ཡན་རྒྱུན་འཁྱོངས་ཐུབ་ནས་ཁྲོམ་ར་གཙོ་བོར་བྱེད་པའི་ལས་ཞུགས་ཀྱི་བཀོད་པ་རིམ་བཞིན་ཆགས་ཡོད”ཅེས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཧྲོའུ་ཁོན་གྱིས་ངོ་སྤྲོད་བྱས།
འགན་འཁྲི་དམ་ནན་དུ་བཏང་ནས་ལས་ཞུགས་ཀྱི་ཁོར་ཡུག་བཏོད་པ།
2016ལོའི་ལོ་མཇུག་ཏུ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་མཛུབ་ཁྲིད་ཨུ་ལྷན་བཙུགས་པ་དང་། 2020ལོར་ཧྲུའུ་ཅི་དང་སློབ་སྤྱིས་ཙུའུ་ཀྲང་གི་འགན་ཁུར་བའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་ལ་རིམ་སྤོར་བྱས་ཤིང་། འགོ་ཁྲིད་ཚོགས་ཆུང་གིས་སློབ་གྲྭ་དང་། སློབ་གླིང་། འཛིན་གྲྭ་བཅས་ཀྱི་ལས་ཞུགས་ལས་དོན་ཀྱི་འབྲེལ་ཡོད་འགན་འཁུར་བ་གཏན་འཁེལ་བྱས་པ་དང་ཆབས་ཅིག སློབ་གླིང་དང་འཛིན་གྲྭ་རིམ་པ་གཉིས་ཀྱི“དམིགས་ཚད་འགན་འཁྲིའི་ཡི་གེར”མིང་རྟགས་བཀོད་དེ་ལས་ཞུགས་ལས་དོན་གྱི་ནང་དོན་སློབ་གྲྭའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་རིམ་གཉིས་སློབ་གླིང་འགོ་ཁྲིད་ཀྱི་ལོ་འཁོར་གྱི་ལས་འགན་སྒྲུབ་ཚུལ་སྙན་ཞུའི་ནང་དོན་གལ་ཆེན་ལ་གཏན་འཁེལ་གསལ་པོ་བྱས་པ་རེད།
དེ་དང་དུས་མཚུངས་སློབ་གྲྭས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ཁྱད་ཆོས་ལྡན་པའི“གསུམ་གསུམ་ལམ་ལུགས”ཀྱི་ལས་ཞུཌ་ལས་གཏོད་ལས་དོན་གྱི་མ་ལག་ཧུར་ཐག་བཏོད་པ་རེད། དེའང་སློབ་གྲྭའི་ངོས་ནས་ལས་ཞུགས་ཀྱི་དུས་བབ་སྲིད་ཇུས་དྲིལ་བསྒྲགས་དང་། ལས་ཞུགས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། གོ་ཆོད་ལས་གནས་མཁོ་འདོན་བཅས་རིགས་ཆེ་གྲས་གསུམ་གྱི་བྱེད་སྒོ་ཡག་པོ་སྤེལ་བ་དང་། སློབ་ཐོན་སློབ་མའི་ངོས་ནས་སློབ་ཐོན་སློབ་མ་མི་རེ་ངོ་རེར་ཉུང་མཐར་ཡང་གོ་ཆོད་པའི་ལས་གནས་གསུམ་དང་ལས་ཞུགས་མཛུབ་ཁྲིད་ཐེངས་གསུམ་མཁོ་འདོན་བྱས་པ་རེད།
སྤུས་རྟགས་ཆེན་པོ་བཞི་བཏོད་དེ་ལས་ཞུགས་ཀྱི་ཆུ་ཚད་མཐོ་རུ་བཏང་བ།
མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་མཐོ་རུ་གཏོང་ཆེད། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གྱི་དོན་དངོས་དང་ཁེ་ལས་ཀྱི་མི་སྤྱོད་དགོས་མཁོ་དངོས་ལ་གཞིགས་ནས། ཚོགས་སྒྲིག་རྣམ་པའི་ལས་ཞུགས་དང་། ལྗོངས་ཕྱིར་ལས་ཞུགས། དམག་དཔུང་ལ་ཞུགས་པ། ཆེད་ཚན་དངོས་ཚན་ལ་རིམ་སྤོར་བཅས་ཀྱི“ལས་ཞུགས་སྤུས་རྟགས་ཆེན་པོ་བཞི”གཙོ་གནད་ཐོག་བཏོད་དེ་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་དོན་ལ་སྣེ་ཁྲིད་བྱས་པ་རེད།
2018ལོར་བོད་ལྗོངས་ལས་རིཌ་ལག་རྩལ་སློབ་གླིང་གིས“ཚོགས་སྒྲིག་རྣམ་པའི་ལས་ཞུཌ་ཀྱི་སྤུས་རྟགས”འཚོལ་ཞིབ་བྱེད་འགོ་བཙུགས་ཤིང་། གཅིག་སྡུད་ཐོག་མིང་རྟགས་བཀོད་དེ་མངགས་གཏོང་གི་བྱེད་ཐབས་བརྒྱུད་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་བས། ལོ་དེར་ཚོགས་སྒྲིག་རྣམ་པའི་ལས་ཞུགས་མི་གྲངས་200ལྷག་ཙམ་ཟིན་པ་དང་ལོ་གསུམ་རིང་ཚོགས་སྒྲིག་རྣམ་པའི་ལས་ཞུཌ་མི་གྲངས་900ཟིན་ནས་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་བདེ་བླག་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།
བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས“ཁུར་མོང་འདུ་འགོད”དམ་འཛིན་བྱ་གཞིར་བྱས་ནས་སྒྲིག་འཛུགས་སྐུལ་སློང་དང་། ཆེད་དོན་གསོ་སྦྱོང་། ཕྱོཌ་ཡོངས་ནས་གཡས་གཞོགས་གཡོན་འདེགས། དུས་ཚོད་དང་ཕན་འབྲས་འགན་ལེན་བཅས་ཕྱོགས་བཞིའི་ཐད་ནས་ལྗོངས་ཕྱིར་ལས་ཞུཌ་ཐུབ་པར་སྐུལ་འདེད་བཏང་བས། 2019ལོར་སློབ་མ་83ལྗོངས་ཕྱིར་ལས་ཞུགས་ཐུབ་ནས་ལས་ཞུགས་ཐུབ་པའི་སློབ་མའི་མི་གྲངས་ཀྱི་5.31%བཟུང་བ་དང་། 2020ལོར་མི་193ལྗོངས་ཕྱིར་ལས་ཞུགས་ཐུབ་ནས་ལས་ཞུགས་ཐུབ་པའི་སློབ་མའི་མི་གྲངས་ཀྱི་12.76%བཟུང་ཡོད། “ཐོ་རེངས་སྐར་ཆེན་འདུ་འགོད”དམ་འཛིན་བྱ་གཞིར་བྱས་ནས་དམག་དཔུང་ལ་ཞུཌ་རྒྱུར་དམ་འཛིན་ཤུཌ་ཆེན་བྱས་པས། 2019ལོར་ཐད་ཀར་བསྡུས་པའི་ཧྲི་ཀོན་ཚུད་པའི་སློབ་མ་27(སློབ་ཐོན་སློབ་མའི་བསྡོམས་འབོར་གྱི་1.6%བཟུང་བ)དམག་དཔུང་ལ་ཞུཌ་པ་དང་། 2020ལོར་ཐད་ཀར་བསྡུས་པའི་ཧྲི་ཀོན་ཚུད་པའི་སློབ་མ་39(སློབ་ཐོན་སློབ་མའི་བསྡོམས་འབོར་གྱི་2.58%བཟུང་བ)དམག་དཔུང་ལ་ཞུགས་པ་དང་། སློབ་ཐོན་སློབ་མ་དམག་དཔུང་ལ་ཞུཌ་པའི་གྲངས་འབོར་དང་བསྡུར་ཚད་ལོ་བསྟུད་མར་འཕར་ནས་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་དམག་དཔུང་ལ་བསྡུ་དགོས་ངེས་ཀྱི་གྲངས་འབོར་ལོ་དེ་རང་གི་སློབ་ཐོན་སློབ་མའི་གྲངས་འབོར་གྱི་1%ཟིན་དགོས་པའི་སྐོར་གྱི་བླང་བྱ་ལས་དེ་བས་མཐོ་བ་བྱུང་ནས་ལོ་གསུམ་བསྟུད་མར་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དམག་བསྡུའི་ཚན་པར་བདམས་པ་རེད། “སྣོལ་ཟམ་འདུ་འགོད”དམ་འཛིན་བྱ་གཞིར་བྱས་ནས་དམག་དཔུང་ལ་ཞུགས་པའི་འགན་ལེན་བྱས་པ་དང་2019ལོར་ཆེད་ཚན་དངོས་ཚན་ལ་རིམ་སྤོར་བྱས་པའི་སློབ་མ་52(སློབ་ཐོན་སློབ་མའི་བསྡོམས་འབོར་གྱི་3.09%བཟུང་བ)ཟིན་པ་དང་། 2020ལོར་ཆེད་ཚན་དངོས་ཚན་ལ་རིམ་སྤོར་བྱས་པའི་སློབ་མ་63(སློབ་ཐོན་སློབ་མའི་བསྡོམས་འབོར་གྱི་4.17%བཟུང་བ)ཟིན་ནས་སློབ་ཐོན་སློབ་མའི་སློབ་རྒྱུས་རིམ་སྤོར་ལ་ཚད་བརྒལ་གསར་པ་བྱུང་བ་རེད།
ལས་ཕྱོད་འགན་ལེན་དང་སྤུས་ཚད་མཐོ་རུ་བཏང་ནས་ལས་ཞུགས་ཀྱི་སྤུས་ཚད་བརྟན་པོ་ཡོང་བ་བྱས་པ།
ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་ལས་ཞུཌ་དུས་བབ་དང་འགྲན་སློང་ཆེན་པོར་ཁ་གཏད་གཅོག་ཆེད། 2020ལོར་བོད་ལྗོངས་ལས་རིཌ་ལག་རྩལ་སློབ་གླིང་གིས“ལས་ཕྱོད་འགན་ལེན་དང་སྤུས་ཚད་མཐོ་རུ་གཏོང་བའི”བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ནས་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་དང་། རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཐབས་ལམ་མང་བ་དང་སྣ་མང་ཅན་གྱི་ལས་ཞུགས་བཀོད་པ་བཏོད་དེ་སློབ་གླིང་གི་སློབ་ཐོན་སློབ་མ་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་ཐུབ་པའི་འགན་ལེན་བྱས་པ་རེད།
སྔ་ཙམ་འཆར་འགོད་དང་། སྔ་ཙམ་བཀོད་སྒྲིག སྔ་ཙམ་བྱ་སྤྱོད་སྤེལ་བ་བཅས་ཀྱི་རྩ་དོན་གཞིར་བཟུང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་ལས་ཞུགས་ཀྱི་གོ་སྐབས་དམ་འཛིན་ཡག་པོ་དང་ལས་ཞུགས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱས་ནས་རྒྱལ་ཁབ་གློག་དྲ་དང་། ཀྲུང་གོ་རྒྱ་མཚོ་རྡོ་སྣུམ། བདུད་རྩི་རྟགས་ཅན་བོད་སྨན་བཟོ་གྲྭ་སོགས་ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས་དང་རང་འགུལ་ངང་འབྲེལ་བ་བྱས་ནས་ལས་ཞུགས་ཀྱི་ཁྲོམ་ར་རྒྱ་སྐྱེད་བཏང་སྟེ་2020ལོའི་སློབ་ཐོན་སློབ་མ་282ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས་སུ་ལས་ཞུགས་ཐུབ་པ་དེས་ལས་ཞུགས་མི་གྲངས་ཀྱི་20.32%བཟུང་ཡོད།
2020ལོར་སློབ་གྲྭས“211འདུ་འགོད”ལག་བསྟར་བྱས་ནས་2020ལོའི་སློབ་ཐོན་སློབ་མར་ཁ་ཕྱོགས་ཏེ་ལས་མི་བསྡུ་བའི་འདུ་ཚོགས་སྔ་རྗེས་སུ་155གཉེར་ནས་ལས་ཞུགས་ལས་གནས་103275མཁོ་འདོན་བྱས་པ་རེད། “བཅུ་བརྒྱ་སྟོང”གི་འདུ་འགོད་ལག་བསྟར་བྱས་ནས་ཁེ་ལས་ཆེ་གྲས་50ལྷག་ཙམ་ནང་འདྲེན་བྱས་ནས་ལས་ཞུགས་ལས་གནས་3000ལྷག་ཙམ་མཁོ་འདོན་བྱས་ཤིང་། མི་1000ལྷག་ཙམ་ལས་ཞུགས་ཐུབ་པ་དང་གཙོ་གནད་ཁེ་ལས་ཀྱི་ཚོགས་སྒྲིག་རྣམ་པའི་མི་420ལས་ཞུགས་ཐུབ་པ་རེད།
“ལས་ཕྱོད་འགན་ལེན་དང་སྤུས་ཚད་མཐོ་རུ་གཏོང་བའི”བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་རིང་སློབ་གྲྭས་ལས་ཞུགས་མཛུབ་ཁྲིད་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ལས་ཞུགས་ཀྱི་ནུས་པ་ཆེ་རུ་གཏིང་ཟབ་བཏང་བ། ལས་ཞུགས་ཀྱི་ཁྲོམ་ར་རྒྱ་ཆེར་བཏང་བ། ལས་ཞུགས་ཀྱི་ཐབས་ལམ་སྣ་མང་ཅན་མངོན་འགྱུར་ཡོང་བ་བཅས་ལས་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་སྤྱིར་ན་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།