
འདི་ནི་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་སྙན་རོང་རྫོང་ཉི་མ་ལས་གཉེར་ཁང་གི་ལས་དོན་པས(གཡོན་གྱི་གཉིས་པ)འབྲོག་ཁུལ་དུ་སྐོར་སྐྱོད་དངུལ་རྩའི་ཞབས་འདེགས་ཞུ་བཞིན་པ།
འདི་ལོ་ཚུན་དུ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། གྲོང་གསེབ་དར་རྒྱས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་རིང་གྲོང་གསེབ་དར་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། བོད་ཀྱི་འབྲུ་རིགས་བདེ་འཇགས་དང་། རྫོང་ཁོངས་ཀྱི་བདེ་སྐྱིད་ཐོན་ལས། རྫོང་ཁོངས་ཀྱི་གྲོང་ཁྱེར་གྲོང་རྡལ་ཅན། རྫོང་ཁོངས་ཀྱི་ཚན་རྩལ་གསར་གཏོད་དང་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཁྱབ་ཁོངས་སོགས་ཀྱི་དངུལ་རྩའི་ཞབས་ཞུའི་ལས་དོན་མངོན་གསལ་དོད་པོས་ལེགས་པར་བསྒྲུབས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་ཟླ་3པའི་ཟླ་མཇུག་བར་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་གཞི་རིམ་གྱི་ཞིང་འབྲོག་ཁུལ་དུ“ཞིང་གསུམ”དངུལ་རྩའི་ཞབས་ཞུའི་ས་ཚིགས་5586བཙུགས་ཏེ། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་ཚང་མར་ཁྱབ་པར་བྱས་པ་དང་། སྲིད་འཛིན་གྲོང་ཚོར་ཁྱབ་ཚད་95.29%ཟིན་ཡོད། འབྲུ་རིགས་བདེ་འཇགས་ཁྱབ་ཁོངས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་92.03ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་སྒོར་དུང་ཕྱུར་8.03འཕར་བ། རྫོང་ཁོངས་ཀྱི་བདེ་སྐྱིད་ཐོན་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་5.71ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་སྒོར་དུང་ཕྱུར་0.23འཕར་བ། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་157.72ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་སྒོར་དུང་ཕྱུར་9.99འཕར་བ། རྫོང་ཁོངས་ཀྱི་ཚན་རྩལ་གསར་གཏོད་རིགས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1.22ཟིན་པ། ཞིང་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་321.72ཟིན་པ། “ཞིང་ཕན་eདངུལ་བུན”ལྷག་གྲངས་སྒོར་དུང་ཕྱུར་89.4ཟིན་ཡོད།