དབུ་ཤོག>ཆེད་སྒྲིག
  • ཤེས་དཔལ་ཇ་ཁང་ནས་ཤེས་དཔལ་སྲོལ་གསར་དར།

  •     སྤེལ་དུས།  2021-09-09

    “ཨ་ཅག ཇ་མངར་མོ་ཇ་དམ་གང་འཚོང་རོགས” ཞིང་ལས་དང་ལས་ཀ་ཙག་ཙིག་ཚར་རྗེས། སྣང་རྫོང་ལ་ཐོག་ཤང་རྩ་གྲོང་ཚོའི་མགོན་པོ་ཤེས་དཔལ་ཇ་ཁང་དུ་ཡོང་ནས་བརྙན་ཤེལ་ཆེན་པོའི་ཐོག་གི་གློག་བརྙན་ལ་བལྟས།

    “དེ་གར་ཉིན་ལྟར་ཕར་འགྲོ་ཚུར་འོང་བྱེད་མཁན་མང་པོ་ཡོད་པས་ཧ་ཅང་འཁྲུག་ཆ་དོད་པོ་འདུག”ཅེས་ཤེས་དཔལ་ཇ་ཁང་གི་རྒྱུན་གཏན་དོ་དམ་ལས་དོན་གྱི་འགན་འཁུར་བ་དང་བླངས་པ་དཔལ་སྐྱིད་ཀྱིས་དགའ་སྤྲོའི་ངང་བཤད། གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ལས་སྟེགས་སུ་བྱས་ཏེ་ཤེས་དཔལ་ཇ་ཁང་བཙུགས་པ་དེ་ནི་ལ་ཐོད་ཤང་གིས་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་ལ་གཞི་ཚུགས་པ་དང་། གྲོང་གསེབ་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བ། རྩ་གྲོང་ཚོར་སྔོན་ལ་ཁྱབ་གདལ་གཏོང་བ་བཅས་ཀྱི་འཚོལ་ཞིབ་རང་བཞིན་གྱི་བྱེད་ཐབས་ཤིག་རེད།

    ཤེས་དཔལ་ཇ་ཁང་ནང་གི་དམར་མདངས་བཀྲ་བའི་དར་ཆ་བཞི་ནི་རྩ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་འདེགས་རུ་ཁག་ཁོངས་གཏོགས་ཀྱི་ཡན་ལག་རུ་ཁག་བཞི་ཡི་རུ་དར་རེད། གྲོང་ཚོའི་ལག་ལེན་ས་ཚིགས་ཀྱི་གཅིག་གྱུར་བཀོད་སྒྲིག་འོག་ཏང་ཡོན་གྱིས་གཙོ་བོ་བྱས་པའི་དང་བླངས་ཞབས་འདེགས་རུ་ཁག་བཙུགས་རྗེས་དང་བླངས་པའི་སྒེར་གྱི་དམིགས་བསལ་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཡན་ལག་རུ་ཁག་བཞི་ལ་དབྱེ་ནས་གྲོང་མིར་དམིགས་ས་ཡོད་པའི་དང་བླངས་ཞབས་འདེགས་ཞུ་གི་ཡོད།

    ཤེས་དཔལ་ཇ་ཁང་ཕྱི་རོལ་གྱི་རྩྭ་ཐང་ནས་ཕྲུ་གུ་ཚོ་རྩེད་འཇོར་རོལ་བའི་སྒྲ་ཐོས་རྒྱུ་ཡོད་པ་དང་། ཤེས་དཔལ་ཇ་ཁང་གི་དང་བླངས་ཞབས་འདེགས་ཀྱི་དགོས་མཁོའི“ཐོ་འགོད”ཚོགས་འདུའི་ཐོག་བཏོན་པའི་གྲོས་འགོ་ཟླ་བ་གཅིག་ཀྱང་མ་འགོར་བར་དོན་འཁྱོལ་ཡོང་གི་རེད་སྙམ་པ་ཁྲ་ཁོག་གི་བསམ་ཡུལ་ལས་འདས། གྲོང་ཚོའི་ལས་གྲྭའི་རྣམ་གྲངས་ལེགས་གྲུབ་ཟིན་རྗེས་སྨི་ངོས་གྲུ་བརྒྱ་ཕྲག་ཁ་ཤས་ཀྱི་ཨར་ལས་བྱ་ཡུལ་དུ་ལྷགས་པ་ཆེན་པོ་ལྡང་སྐབས་ཐལ་བ་གང་སར་འཕྱུར་གྱི་ཡོད་པའི་སྐོར་ཁྲ་ཁོག་གིས་ཤེས་དཔལ་ཇ་ཁང་གི་དང་བླངས་ཞབས་འདེགས་ཀྱི་དགོས་མཁོའི“ཐོ་འགོད”ཚོགས་འདུའི་ཐོག་གྲོས་འགོ་བཏོན་རྗེས་རྩིས་ལེན་མཁན་དང་བླངས་པས་ས་ཆ་དེ་གར་སྔོ་འགྱུར་བྱས་ནས་ལུས་སྦྱོང་ཡོ་བྱད་སྒྲིག་སྦྱོར་བྱས་པས་གྲོང་མིའི་སྤྲོ་གསེང་རོལ་རྩེད་བྱ་ཡུལ་ཞིག་ཏུ་གྱུར་བ་རེད། ད་ཆ་ཁྲ་ཁོག་ལས་ཀ་མེད་དུས་ཕྲུ་གུ་ཁྲིད་ནས་དེ་གར་ལུས་སྦྱོང་བྱེད་པར་འགྲོ་གི་ཡོད།

    དགུན་གསེང་འཆར་རིམ་བཞིན་ཕ་ཡུལ་དུ་ལོག་མཁན་སློབ་གྲྭ་ཆེ་མོ་བ་དང་བླངས་ཞབས་འདེགས་རུ་ཁག་ལ་ཞུགས་ཏེ་ཤེས་དཔལ་ཇ་ཁང་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་མར་གསབ་སྦྱོང་བྱེད་ཀྱི་ཡོད། སྔ་དྲོའི་ཆུ་ཚོད་11ཙམ་ལ་སློབ་མ་ཚོ་སློབ་ཚན་འཚོག་གི་ཡོད་པས་ཇ་འཐུང་མཁན་རྣམས་ཕྱིར་བསྐྱོད་ཀྱི་ཡོད། དང་བླངས་པ་ཚོས་ད་དུང་ཁེར་སྡོད་རྒན་རྒོན་དང་འཚོ་བར་དཀའ་ངལ་ཡོད་པའི་གྲོང་མིར་གཅིག་སྡུད་ཞབས་འདེགས་ཞུས་ཏེ་དུས་བཀག་ལྟར་དུད་ཚང་དུ་བསྐྱོད་ནས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།