དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-09

     95 ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཁབ་ཁག་གི་སྲིད་ཏང་དབར་སྤེལ་རེས་བྱེད་སྐབས་བརྩི་སྲུང་ཞུ་དགོས་པའི་རྩ་བའི་རྩ་དོན་བཞི་གང་ཡིན་ནམ།

    ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་ཁག་གི་སྲིད་ཏང་དབར་སྤེལ་རེས་བྱེད་སྐབས“རང་ཚུགས་རང་བདག་དང་། རྦད་དེ་འདྲ་མཉམ། ཕན་ཚུན་བརྩི་འཇོག ནང་སྲིད་ལ་ཐེ་ཇུས་མི་བྱེད་པ”བཅས་ཀྱི་རྩ་བའི་རྩ་དོན་བཞིར་བརྩི་སྲུང་ཞུ་བ་དེ་ཡིན།

    96 “ཕན་ཡོད་གསུམ”གྱི་ནང་དོན་གང་ཡིན་ནམ།

    ང་ཚོས་ལས་དོན་གང་ཞིག་སྒྲུབ་སྐབས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་ཕན་པ་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་གཏོང་བར་ཕན་པ་ཡོད་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བར་ཕན་པ་ཡོད་པ་བཅས་སྤྱིའི་འགོ་འཛུགས་ས་དང་ཞིབ་བཤེར་གྱི་ཚད་གཞིར་བརྩི་དགོས་པ་དེ་ཡིན།

    97 “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྱི་ནང་དོན་གང་ཡིན་ནམ།

    2000ལོའི་ཟླ་2ཚེས་20ཉིན་ནས་ཚེས་25ཉིན་བར། ཅང་ཙེ་མིན་གྱིས་ཀོང་ཏུང་དུ་ལས་དོན་ལ་རྟོག་ཞིབ་གནང་སྐབས། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་བླང་བྱ་མཚོན་པ་དང་། ཀྲུང་གོའི་སྔོན་ཐོན་རིག་གནས་མདུན་སྐྱོད་ཀྱི་ཁ་ཕྱོགས་མཚོན་པ། ཀྲུང་གོའི་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་བཅས་བཏོན་གནང་བ་དེ་རེད།

    98 ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་ནང་དོན་གཙོ་བོ་གང་ཡིན་ནམ།

    ཏང་གི་ཚོགས་ཆེན་བཅུ་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་གསར་པ་ལེན་ཆེད་འབད་འཐབ་བྱེད་དགོས》པའི་སྙན་སྒྲོན་ནང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་དོན་གནད་དང་པོ་ནི་འཕེལ་རྒྱས་ཡིན་པ་དང་། ལྟེ་བ་ནི་མི་རྩ་བར་འཛིན་རྒྱུ་ཡིན་པ། གཞི་རྩའི་བླང་བྱ་ནི་རྒྱུན་མཐུད་ཆོག་པའི་རང་བཞིན་ལ་ཕྱོགས་ཡོངས་ནས་མཐུན་སྦྱོར་བྱ་རྒྱུ་ཡིན་པ། རྩ་བའི་ཐབས་ལམ་ནི་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་ཡིན་པ་བཅས་བཏོན་གནང་བ་དེ་རེད། (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།