དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་རྨང་གཞིའི་ཤེས་བྱ། (11)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-09

    【ཏང་གི་སྐྱིད་སྡུག】

    ཏང་གི་ཐོབ་ཐང་ལ་ཟེར། ཏང་ནང་ཞུགས་རྒྱུའི་རེ་ཞུ་བྱེད་མཁན་ཞིག་གི་ངོས་ནས་ས་གནས་དེ་གར་ཏང་ནང་ཞུགས་པའི་འགྲོ་ལུགས་གཉེར་བ་དང་གྲ་སྒྲིག་ཏང་ཡོན་ཡིན་པའི་ཆོག་མཆན་སྤྲད་པའི་ཉིན་དེ་ནས་བཟུང་ཏང་ཡོན་གྱི་ཐོབ་ཐང་ཡོད་ལ་ཏང་གི་སྐྱིད་སྡུག་ཀྱང་ཡོད། ཏང་གི་སྐྱིད་སྡུག་ཡོད་པ་ནི་མི་ཞིག་རྩ་འཛུགས་ཐོག་ནས་ཏང་ཡོན་ལ་ཁས་ལེན་པའི་གཞི་འཛིན་ས་ཞིག་རེད།

    【ཏང་ལོ】

    ཏང་ཡོན་ངོ་མར་གྱུར་རྗེས་ཀྱི་དུས་ཚོད་ལ་ཟེར། ཏང་ཡོན་གྱི་ཏང་ལོ་དེ་གྲ་སྒྲིག་དུས་ཚོད་ཐིམ་ནས་ཏང་ཡོན་ངོ་མར་འགྱུར་བའི་ཉིན་ནས་བརྩི་ཡི་ཡོད།

    【ཏང་གི་གྲོན་དངུལ】

    ཏང་གི་གྲོན་དངུལ་ནི་ཏང་ཡོན་གྱིས་ཏང་རྩ་འཛུགས་ལ་བསྐྱལ་བའི་ཏང་གི་བྱ་གཞག་དང་ཏང་གི་བྱེད་སྒོའི་ཐད་སྤྱོད་པའི་གྲོན་དངུལ་ལ་ཟེར། ཏང་གི་གྲོན་དངུལ་སྐྱེལ་བ་ནི་ཏང་ཡོན་ལ་ལྡན་དགོས་པའི་གཞི་རྩའི་ཆ་རྐྱེན་ཞིག་ཡིན་པ་དང་ཏང་ཡོན་གྱིས་ཏང་གི་བྱ་གཞག་ལ་དོ་ཁུར་བྱེད་པའི་མཚོན་ཚུལ་ཞིག་རེད། ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་དོན། “ཏང་ཡོན་གྱིས་རྒྱུ་མཚན་ཁུངས་བཙན་ཞིག་མེད་པར་ཟླ་བ་དྲུག་བསྟུད་མར་ཏང་གི་རྩ་འཛུགས་ཀྱི་འཚོ་བར་མ་ཞུགས་པའམ་ཡང་ན་ཏང་གི་གྲོན་དངུལ་མི་སྐྱེལ་བ་དང་ཏང་གིས་བཀོད་སྒྲིག་བྱས་པའི་ལས་ཀ་མ་བསྒྲུབས་ཚེ་རང་དགར་ཏང་ནས་དོན་པའི་ངོས་འཛིན་བྱེད་ཀྱི་ཡོད”གྲ་སྒྲིག་ཏང་ཡོན་གྱིས་ཏང་ཡོན་ངོ་མ་ལྟར་གཏན་འབེབས་གཞིར་བཟུང་ཏང་གི་གྲོན་དངུལ་སྐྱེལ་དགོས་པ་མ་ཟད། ཀྲི་པུའི་ཚོགས་ཆེན་ཐོག་གྲ་སྒྲིག་ཏང་ཡོན་ཡིན་པའི་གྲོས་འཆམ་བྱུང་བའི་ཉིན་ནས་བཟུང་ཏང་གི་གྲོན་དངུལ་སྐྱེལ་དགོས།

    【ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ】

    ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་ཞེས་པ་ནི་ཏང་ཡོན་གྱི་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་ཁོངས་གཏོགས་འབྲེལ་བར་ཟེར། ཏང་ཡོན་སུ་ཞིག་ཡིན་རུང་གོ་གནས་མཐོ་དམན་ལ་མ་བལྟོས་པར་ཚང་མས་ངེས་པར་དུ་ཏང་གི་ཀྲི་པུའུ་གཅིག་དང་། ཚོགས་ཆུང་ངམ་ཡང་ན་དམིགས་བཙུགས་རྩ་འཛུགས་གཞན་དག་གི་ནང་ཞུགས་པ་དང་ཏང་གི་རྩ་འཛུགས་འཚོ་བའི་ནང་ཞུགས་ནས་ཏང་ཕྱི་ནང་གི་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།

    【ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྟངས】

    ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ ཚན་ཞིབ་ཁང་། ཁྲོམ་གཞུང་ངམ་སྡེ་ཁུལ། སྤྱི་ཚོགས་ཀྱི་རྩ་འཛུགས། མི་དམངས་བཅིངས་འགྲོལ་དམག་གི་ལེན་ཤོག་བཅས་དང་གཞི་རིམ་སྡེ་ཚན་གཞན་དུ་དངོས་གཞིའི་ཏང་ཡོན་གསུམ་ཡན་ཡོད་ཕྱིན། ཚང་མར་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་དགོས།

    ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ལས་ཀའི་དགོས་མཁོ་དང་ཏང་ཡོན་མི་གྲངས་ལ་གཞིགས་ཏེ། གོང་རིམ་ཏང་རྩ་འཛུགས་ཀྱི་ཆོག་མཆན་ཐོབ་རྗེས་ཏང་གི་གཞི་རིམ་ཨུ་ཡོན་ལྷན་ཁང་དང་། སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་སོ་སོར་འཛུགས་དགོས། གཞི་རིམ་ཨུ་ཡོན་ལྷན་ཁང་ནི་ཏང་ཡོན་གྱི་ཚོགས་ཆེན་ནམ་ཡང་ན་འཐུས་མིའི་ཚོགས་ཆེན་ཐོག་བདམས་ཐོན་བྱུང་བ་དང་། སྤྱི་ཁྱབ་ཀྲི་པུའུ་ཡི་ཨུ་ཡོན་ལྷན་ཁང་དང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ནི་ཏང་ཡོན་ཚོགས་ཆེན་ཐོག་བདམས་ཐོན་བྱུང་བ། ཨུ་ཡོན་གྱི་འོས་མི་འདེམས་སྐབས་ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།