དབུ་ཤོག>ཆེད་སྒྲིག
  • དཔའ་བོའི་རྗེས་ཤུལ་ལ་ཕྱིར་མིག་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-06

    1026488_yis_1630857600000_s.jpg

    འདི་ནི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང་ཡིན་པ། 

    ཨན་ཀྲེ་མིང་གིས་ལི་ཏི་སན་གྱི་སྐུ་ཕུང་སྲུང་བའི་སྐབས། ལི་ཏི་སན་གྱིས་ཉིན་ཐོའི་ནང་བྲིས་པའི་ཁ་ཆེམས་མཐོང་བ་རེད།

    ཁ་ཆེམས་དེ་1951ལོའི་ཟླ་5ཚེས་7ཉིན་བྲིས་པ་ཞིག་རེད།

    བློ་མཐུན་ཚའོ་ཧའེ་ལིན་དང་ཧྥེང་ཆིང་ཡུན་རྣམ་གཉིས་ལ།

    ང་མི་ཡོང་བ་མི་འདུག དོན་དག་ཁ་ཤས་བློ་མཐུན་རྣམ་གཉིས་ལ་མངགས་རྒྱུ་ཡོད་པས་རོགས་རམ་གནང་རོགས།

    1.ཉིན་ཐོ་འདི་ནི་ང་ཚོ་བོད་དུ་སླེབས་རྗེས་གསོག་འཇོག་བྱས་པའི་དཔྱད་ཡིག་ཡོངས་རྫོགས་ཡིན་པས། ཡིན་གཅིག་ཏང་རྩ་འཛུགས་ལ་སྤྲོད་རོགས།

    2.དཔེ་དེབ་འགའ་དང་གླིང་བུ་འདི་ཀན་ཧྲི་ཁྲེན་ཤིན་ཀྲེ་ལ་སྤྲོད་རོགས།

    3.བློ་མཐུན་ལཱ་ཝུའུ་ཀྭ་རྔོན་རྒྱག་པར་སྐྱོད་སྐབས་ལྭ་བ་བོར་བརླག་སོང་བས་ལྭ་བ་འདི་སྤྲོད་རོགས། ཀང་ཙི་འདི་ཧའོ་ཝུན་ཆིན་ལ་བཞག་པ་ཡིན། ཐབ་ཚང་གི་བློ་མཐུན་ཚོའི་གྱོན་གོས་རལ་རེད་འདུག་པས་གྱོན་གོས་ཁ་ཤས་ཁོང་ཚོར་སྤྲོད་རོགས།

    4.“ཅིན་ཤིང”རྟགས་ཅན་གྱི་ལྕགས་སྨྱུག་འདི་ནན་ཉི་ཝན་ས་སྦོལ་བྱེད་སྐབས་ལུའེ་ཀྲང་ཝང་ཀྲེན་གྱིས་ང་ལ་གནང་བའི་བྱ་དགའ་ཡིན་པས་རྩ་འཛུགས་ནས་ངའི་བུ་ཝུའུ་ཏོའུ་ལ་སྤྲོད་རོགས། ད་དུང་ཝ་མོའི་མཇུག་མ་དེ་ནི་རི་རྒྱ་མོ་མ་འབུམ་གྱིས་གནང་བྱུང་བས་ངའི་ཨ་མར་སྤྲོད་རོགས། —— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ལས་བཏུས།

    ང་ཚོ“སྔོན་སྐྱོད་ལེན་ཤོག་གི་རྗེས་ཤུལ་འཚོལ་བའི”བཅར་འདྲི་ཚོགས་ཆུང་བྱང་ཐང་གི་དབུས་སུ་གནས་པའི་སྒེར་རྩེ་རྫོང་ཤན་ཆེན་ཤང་དུ་བསྐྱོད་དེ་དཔའ་བོའི་རྗེས་ཤུལ་བཙལ་ནས“སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས”ཚོར་བར་བྱས་པ་མ་ཟད། ད་དུང་ལོ་རྒྱུས་ཁྲོད་ནས་དེའི་ལན་བཙལ་འཚོལ་བྱས་པ་ཡིན།

    སྒེར་རྩེ་རྫོང་ཤན་ཆེན་ཤང་དུ་གནས་པའི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང་དུ་སྐྱོད་སྐབས་ཐོག་མར་མིག་ལམ་དུ་འཆར་བ་ནི་རྡོས་ལུགས་བརྒྱབ་པའི“བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གི་དྲན་གསོ་ཁང”ཞེས་པ་དེ་རེད། དེའི་རྒྱབ་ངོས་སུ་རང་བཞིན་གྱིས་འབུར་དུ་ཐོན་པའི་རྩེ་མོ་བདུན་གྱིས་སྔོན་སྐྱོད་ལེན་ཤོག་གི་དཔོན་དམག་ཚོ་རྒྱ་རིགས་དང་། ཧུའེ་རིགས། བོད་རིགས། ཡུ་གུར་རིགས། སོག་རིགས། ཞི་པོ་རིགས། ཧ་སག་རིགས་བཅས་མི་རིགས་བདུན་ལས་གྲུབ་པ་མཚོན་ཡོད།

    དྲན་གསོ་ཁང་གི་ཐང་ཆེན་དུ་སྐྱོད་སྐབས་འགྲེལ་བཤད་པ་བསྟན་འཛིན་སྒྲོལ་མས། 2019ལོའི་ཟླ་9ཚེས་27ཉིན་བསྐྲུན་ཟིན་པའི་དྲན་གསོ་ཁང་འདིའི་བསྐྲུན་དངོས་གཙོ་བོ་ནི་ས་མཐོའི་ཐོག་འགྱིང་ངེར་གནས་པའི་དམག་འཐབ་མཁར་རྫོང་ཞིག་ཡིན་ལ། དེས་སྔོན་སྐྱོད་ལེན་ཤོག་གི་སྙིང་སྟོབས་ནམ་ཡང་མི་ནུབ་པ་མཚོན་པ་དང་། དྲན་གསོ་ཁང་གི་མདུན་ངོས་ནི་ཐང་ཆེན་གྲུ་བཞི་ཞིག་ཡིན་པ་དང་དེའི་དཀྱིལ་དུ་བཏིང་བའི་སོ་ཕག་དམར་པོའི་རྡོ་གཅལ་དང་ལྷན་དུ་རྒྱ་ཡིག་ཡིག་འབྲུ“中”ཞེས་པ་གྲུབ་ལ། རྒྱལ་སྒོའི་ཕྱི་རོལ་གྱི་ལུགས་བརྒྱབ་པའི་རྡོ་དང་མཐུད་པས་རྒྱ་ཡིག་ཡིག་འབྲུ“忠”གྲུབ་ཅིང་། དེ་ལས་སྔོན་སྐྱོད་ལེན་ཤོག་གི་འཐབ་འཛིང་པ་ཚོ་ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལ་ལྷག་བསམ་རྣམ་དག་ཡོད་ལུགས་མཚོན་པ་རེད། ཐང་ཆེན་གྱི་དཀྱིལ་དུ་སྨི་13.6ཡོད་པའི་དར་ཤིང་ཞིག་བཙུགས་ཡོད་པ་དེས་སྔོན་སྐྱོད་ལེན་ཤོག་ཏུ་འཐབ་འཛིང་པ་136ཡོད་པ་མཚོན་ཞེས་བརྗོད།

    དྲན་གསོ་ཁང་གི་འགྲེམས་ཁང་དུ་སྐྱོད་སྐབས། འགྲེམས་ཁང་དེ་ཚོམས་ཆེན་དང་། “བོད་བཅིངས་འགྲོལ་གཏོང་རྒྱུ་ནི་ལོ་རྒྱུས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་མི་དམངས་དམག་དཔུང་ལ་དཀྲིས་པའི་རླབས་ཆེན་གྱི་ལས་འགན་ཞིག་ཡིན” “དཔུང་འཇུག བོད་དུ་འབྱོར་བའི་མི་དམངས་བཅིངས་འགྲོལ་དམག་ཁག་དང་པོ” “ས་མཐོ་བསྐྲུན། བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུར་སྐུལ་འདེད་གཏོང་བ” “འགན་འཁྲི་ཆུད་ཟོས་སུ་མ་བཏང་བར་སྐར་ལྔའི་དར་དམར་མངའ་རིས་ས་མཐོར་ལྷབ་ལྷུབ་ཏུ་གཡོ་བར་བྱས” “མངའ་རིས་ཀྱིས་གོམ་ཞེང་ཆེན་པོས་དུས་རབས་གསར་པའི་ཕྱོགས་སུ་སྐྱོད”བཅས་ཁག་དྲུག་ལ་དབྱེ་ཡོད། འགྲེམས་ཁང་གི་ཡིད་དབང་འཕྲོག་ཤོས་ནི་བརྗོད་དོན་གཙོ་བོའི་འཇིམ་བརྙན་དེ་རེད། བྱ་རྒོད་ཀྱི་འཇིམ་བརྙན་དེ་ལས་སྔོན་སྐྱོད་ལེན་ཤོག་བྱ་རྒོད་ཀྱང་འཕུར་དཀའ་བའི་ཁུ་ནུ་རི་བོ་སྒྲོལ་བའི་རྣམ་པ་མཚོན་པ་དང་། མཐའ་བཞི་རི་བོས་བསྐོར་བ་དང་ཁ་བ་བུ་ཡུག་འུར་འུར་དུ་ལྡང་། དཀྱིལ་ན་ཡོད་པ་ནི་ལི་ཏི་སན་ཡིན་པ་དང་ཁོང་གིས་མིག་མདུན་ཕྱོགས་སུ་ཅེར་ཞིང་། ཉེ་འགྲམ་དུ་ཡོད་པའི་ལེན་ཀྲང་ཚའོ་ཧའེ་ལིན་གྱིས་གཟུགས་པོ་ཅུང་བསེགས་ནས་རྒྱབ་ཕྱོགས་སུ་སྐད་ཤུགས་ཆེན་པོས་འབོད་པ་དང་། འཐབ་འཛིང་པ་ཁ་ཤས་ཀྱིས་དར་ཆ་འཁྱེར་བ་དང་། ཁ་ཤས་ཀྱི་ལག་ཏུ་མེ་མདའ་ཐོགས་པ། ཁ་ཤས་ཀྱིས་ཕྱུགས་རིགས་དེད་དེ་སྐྱོད་པ་བཅས་ཚ་ཚ་འུར་འུར་གྱི་དཔུང་སྐྱོད་ཀྱི་རྣམ་པ་ཞིག་མངོན།

    1950ལོའི་ཟླ་7པའི་ཚེས་31ཉིན། “བོད་ལ་དཔུང་སྐྱོད་ཀྱིས་བོད་བཅིངས་འགྲོལ་གཏོང་རྒྱུའི”སྐོར་གྱི་ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱ་ཆེད། ནུབ་བྱང་དམག་ཁུལ་གྱི་དམག་སྡེ་གཉིས་པའི་རང་ཚུགས་རྟ་དམག་ཧྲི་ཡིས་ལི་ཏི་སན་ཏང་གི་སྐུ་ཚབ་དང་སྤྱི་ཁྱབ་བཀོད་འདོམས་པ་གཅིག་ལྕོགས་སུ་བསྐོས་ཤིང་། མི་136ལས་གྲུབ་པའི་བོད་སྐྱོད་སྔོན་སྐྱོད་ལེན་ཤོག་གིས་ཤིན་ཅང་ཡུས་ཐེན་རྫོང་ཕུའུ་ལུའུ་གྲོང་ཚོ་ནས་ཐོན་ཏེ་བོད་སྐྱོད་ལས་འགན་སྔོན་དུ་སྒྲུབ་པར་སྐྱོད།

    སྔོན་སྐྱོད་ལེན་ཤོག་གི་དཔའ་བོ་རྣམས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་ངར་ལྕགས་ལྟ་བུའི་སྙིང་སྟོབས་ལ་བརྟེན་ནས་འགྲོ་ལམ་མེད་པ་དང་། ལམ་སྣེ་འཁྲིད་མཁན་མེད་པ། དཀའ་ཚེགས་ཤིན་ཏུ་ཆེ་བ་བཅས་ཀྱི་གནས་ཚུལ་འོག་ཁུ་ནུ་རི་བོའི་རི་མཐོ་མང་པོ་བརྒལ་བ་དང་། གྲང་ངར་དང་། གསོ་རླུང་མི་འདང་བ། གངས་འཕྱིད་ཐེབས་པ། འཕྲིན་གཏོང་ཆད་པ་སོགས་བསམ་ཡུལ་ལས་འདས་པའི་དཀའ་ངལ་རབ་དང་རིམ་པ་ཁྱད་བསད་བྱས་ཏེ་1950ལོའི་ཟླ་9པར་བོད་ལྗོངས་མངའ་རིས་སྒེར་རྩེ་ས་ཁུལ་དུ་བསྐྱོད་དེ། སྔོན་ལ་མངའ་རིས་ཀྱི་སྒར་དཔོན་སྲིད་གཞུང་དང་ཆབ་སྲིད་ཀྱི་ཞི་བའི་གྲོས་མཐུན་བཞག་པས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

    1950ལོའི་ཟླ་10པའི་ཚུན། སྔོན་སྐྱོད་ལེན་ཤོག་གྲ་མ་མང་པོར་ཟླ་བ་བདུན་བཅའ་སྡོད་བྱས།

    འབྲེལ་ཡོད་དཔྱད་ཡིག་ནང་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་སྐྱོད་ལེན་ཤོག་གིས་གྲ་མ་མང་པོར་བཅའ་སྡོད་བྱེད་རིང་ལས་དོན་ཚོགས་ཆུང་ཐེངས་མང་མངགས་ནས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་དང་། མང་ཚོགས་ལ་ཕྱུགས་རིགས་འཚོ་རོགས་དང་། ཆུ་ལེན་རོགས། ལྕི་བ་སྒྲུག་རོགས་བཅས་བྱས་པ་མ་ཟད། ད་དུང་འབྲུ་རིགས་དང་། ཇ་ལོ། བྱི་རིལ་སོགས་འབྲོག་པ་དབུལ་པོར་སྤྲད་དེ་ཏང་གི་ཤུགས་རྐྱེན་བཟང་པོ་གང་སར་ཁྱབ་པར་བྱས་ཡོད།

    1999ལོའི་ཟླ་8པར་སྒེར་རྩེ་རྫོང་དུ་ཆུས་དོར་ཤང་བཙུགས་བྱས་ཤིང་། སྔོན་སྐྱོད་ལེན་ཤོག་གིས་བོད་ལ་བཅིངས་འགྲོལ་བཏང་བའི་མཛད་རྗེས་རླབས་པོ་ཆེར་དྲན་གསོ་ཞུ་ཆེད་བཅའ་སྡོད་བྱ་ཡུལ་གྲ་མ་མང་པོའི་རྒྱུད་དེ་ཤན་ཆེན་ཤང་དུ་མིང་བསྒྱུར་བ་དང་ད་བར་རྒྱུན་འཁྱོངས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།