དབུ་ཤོག>ཆེད་སྒྲིག
  • ལི་པིན་གྱིས་བོད་ལྗོངས་མཛེས་རྩལ་ཁང་ལ་ཁོང་གི་བརྩམས་ཆོས་ཞལ་འདེབས་ཕུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-06

    1026490_yis_1630857600000_s.jpg

    འདི་ནི་ད་ཐེངས་ཀྱི་སྤྱི་ཕན་འགྲེམས་སྟོན་བྱ་ཡུལ་ཡིན་པ། 

    ཉེ་ཆར། ཀྲུང་གོ་རིག་རྩལ་ལྷན་ཚོགས་ཡིག་གཟུགས་སྒྱུ་རྩལ་ལྟེ་གནས་དང་། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། ལྗོངས་རིག་རྩལ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པའི“ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ”བརྗོད་དོན་གཙོ་བོར་བྱས་པའི་ལི་པིན་གྱིས་བོད་ལྗོངས་མཛེས་རྩལ་ཁང་ལ་ཡིག་གཟུགས་བརྩམས་ཆོས་ཞལ་འདེབས་ཕུལ་བའི་སྤྱི་ཕན་འགྲེམས་སྟོན་བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་བ་རེད།

    ད་ཐེངས་ལི་པིན་གྱིས་ཞལ་འདེབས་ཕུལ་བའི་ཡིག་གཟུགས་བརྩམས་ཆོས་100འགྲེམས་སྟོན་བྱས་པ་དག་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེའི་ནང་གསུང་རབ་བཤུས་སྦྱོང་དང་། དྲང་སྲུང་གསར་གཏོད། སྙན་ཚིག་གྲགས་ཅན། དེང་རབས་ཀྱི་སྙན་ངག་བཅས་ཡིག་གཟུགས་སྣ་ཚོགས་ཐོག་ནས་བྲིས་ཡོད་པས་རང་ལྗོངས་ཀྱི་ཡིག་གཟུགས་སྒྱུ་རྩལ་དབྱིངས་པ་ཚོར་སློབ་སྦྱོང་དང་སྤེལ་རེས་བྱེད་པའི་ལས་སྟེགས་ཤིག་མཁོ་འདོན་བྱས་ཡོད། “དུས་རབས་གསར་པ་འགོད་པ་དང་། དུས་རབས་གསར་པ་འབྲི་བ། དུས་རབས་གསར་པར་བསྟོད་གླུ་འབུལ་བ། དུས་རབས་ཀྱི་བརྗོད་གཞིར་ལན་འདེབས་ཕོད་པ་བཅས་བྱ་རྒྱུ་དེ་ནི་དེང་རབས་ཡིག་གཟུགས་ལས་དོན་པའི་ལོ་རྒྱུས་ཀྱི་ལས་འགན་ཡིན་པས། ང་ཚོས་ཀྲུང་ཧྭའི་རིག་གནས་ཀྱི་གཡུལ་ས་བརྟན་སྲུང་དང་ཀྲུང་ཧྭའི་རིག་གནས་ཀྱི་གཞི་རྒྱུ་རྒྱུན་འཛིན་བྱེད་དགོས”ཞེས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་མཁན་ཡིག་གཟུགས་དབྱིངས་པ་ཚོས་དེ་ལྟར་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ཟླ་8ཚེས་29ཉིན་ནས་ཟླ་9ཚེས་10ཉིན་བར་གཉེར་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།