དབུ་ཤོག>ཆེད་སྒྲིག
  • ལས་བྱེད་མང་ཚོགས་སྟོབས་ཤུགས་བསྒྲིལ། གྲོང་གསེབ་རྣམ་པ་གསར་པ་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-06

    ཉེ་བའི་ལོ་ཤས་རིང་། ཧི་མ་ལ་ཡའི་ལྷོ་འདབས་སུ་གནས་པའི་ལེགས་པོ་ལུང་ཤུར་མཛེས་ལྗོངས་ཁུལ་གྱི་མག་མག་ཤང་གིས་ཐུན་མོང་མ་ཡིན་པའི་ས་ཁམས་ལེགས་ཆར་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་སྐྱོད་ཡུལ་གྱི་གནས་མཆོག་ཅིག་ཏུ་གྱུར་ཡོད། མག་མག་ཤང་གི་འཕེལ་རྒྱས་དེ་ཤང་གི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་བྱས་ནས་མང་ཚོགས་སྣེ་ཁྲིད་དེ་ཡུལ་བབ་དང་བསྟུན་ནས་ཁ་ཕྱོགས་ཡང་དག་བཙལ་བ་ལས་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་ཟམ་མི་ཆད་པར་འཕེལ་ཏེ་འབབ་འཕར་ཕྱུག་འགྱུར་ཡོང་བ་ལས་བྱུང་བ་ཞིག་རེད།

    གངས་ལྗོངས་མཐའ་མཚམས་སུ་ཏང་དར་ལྷབ་ལྷུབ་ཏུ་གཡོ།

    མག་མག་ཤང་གི་ཏང་སྤྱི་ཁྱབ་ཀྲི་པུས་ཐབས་ཇུས་ཐད་སྣེ་ཁྲིད་དང་། ཏང་ཡོན་གྱིས་སྔོན་ལ་མིག་དཔེ་འདོན་པ། ལས་བྱེད་པ་དང་མང་ཚོགས་མཉམ་དུ་འབད་བརྩོན་བཅས་ཕྱོགས་གསུམ་ནས་འགོ་བཙུགས་ཏེ་གྲོང་གསེབ་དར་རྒྱས་དང་། སྐྱེ་ཁམས་ཤེས་དཔལ། མཐའ་སྲུང་མཐའ་བརྟན་མཐའ་དར་སོགས་ཀྱི་ལས་དོན་གལ་ཆེན་ལ་དམིགས་ཏེ། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་ནུས་པ་འདོན་སྤེལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱས་ཡོད།

    མག་མག་ཤང་གི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས“མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་གི་རིག་གནས་བར་ཁྱམས”ཀྱི་ཁྱད་ལྡན་ཏང་འཛུགས་སྐྱོང་གི་སྤུས་རྟགས་དང་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ་དང་། ཏང་གཅེས་རྒྱལ་གཅེས་ཀྱི་སློབ་གསོ་སྤེལ་བ། ཞིང་འབྲོག་ཏང་ཡོན་སྒྲིག་འཛུགས་བྱས་ནས་མཐའ་མཚམས་སུ་སྐོར་གཡེང་བཅས་བྱས་ཏེ་དམར་མདངས་བཀྲ་བའི་ཏང་དར་གངས་ལྗོངས་ཀྱི་མཐའ་མཚམས་སུ་ལྷབ་ལྷུབ་ཏུ་གཡོ་བ་བྱས་ཡོད།

    སྐྱེ་ཁམས་བཟང་པོ་ནི་མག་མག་ཤང་གི་འཕེལ་རྒྱས་ཀྱི་རྨང་གཞི་རེད། དེར་བརྟེན་མག་མག་ཤང་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོར་བརྟེན་ནས་ཟླ་རེར་ཤང་ཡོངས་ཀྱི་ལས་བྱེད་པ་དང་ཞིང་འབྲོག་པ་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་བྱེད་སྒོ་སྤེལ་བ་མ་ཟད། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་སྒྲོག་འགྲེལ་བྱས་པར་བརྟེན་ཤང་ཡོངས་སུ་མི་ཚང་མ“སྐྱེ་ཁམས་སྲུང་དམག”བྱེད་པ་དེ་རང་རྟོགས་ཀྱི་བྱ་སྤྱོད་ལ་གྱུར་ནས“མག་མག་སྐྱེ་ཁམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི”མིང་གྲགས་སྔར་བས་ཆེ་རུ་ཕྱིན་ཡོད།

    ཁྱད་ལྡན་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་མང་དུ་བཏང་བ།

    ས་བབ་མཐོ་ཚད་སྨི་2900ཡོད་པའི་མག་མག་ཤང་དུ་གདོད་མའི་ནགས་ཚལ་རྒྱ་ཆེ་བ་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་མོན་པའི་དམངས་སྲོལ་གོམས་གཤིས་ཡོད་པས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་ཕུན་སུམ་ཚོགས་པོ་ཡོད། དེར་བརྟེན་མག་མག་ཤང་ཏང་སྤྱི་ཁྱབ་ཀྲི་པུས་སྐྱེ་ཁམས་ཡུལ་སྐོར་གྱི་ལས་རིགས་དེ་ཀ་རྟེན་ཐོན་ལས་སུ་བྱས་ཏེ་སྤྲོ་གསེང་ལྟ་སྐོར་དང་། ཁྱིམ་ཚང་མགྲོན་ཁང་། ཇ་ལོ་འདེབས་པ་སོགས་ཐོན་ལས་རྣམ་གྲངས་གཙོ་གནད་ཐོག་འཕེལ་རྒྱས་བཏང་བས་ཤང་ཡོངས་ཀྱི་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་ཆབས་ཅིག་མང་ཚོགས་ཚོར་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད།

    སྒྲོལ་མ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མོན་པ་རིགས་ཀྱི་བུད་མེད་ཅིག་ཡིན་པ་དང་དེ་སྔ་ནང་མི་ཚང་མས་སྨྱུག་ཆས་བཙོངས་ནས་འཚོ་ཐབས་བྱེད་ཀྱི་ཡོད་པས། ལོ་གཅིག་ལ་ཡོང་འབབ་སྒོར་4000ཙམ་ལས་ཡོང་གི་མེད། ད་ཆ་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་སྒྲོལ་མས་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་བས་ལོར་ཡོང་འབབ་སྒོར་ཁྲི་10ཟིན་ཡོད།

    མིག་སྔར་མག་མག་ཤང་དུ་ཁྱིམ་ཚང་མགྲོན་ཁང་89དང་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ཚོང་ཁང་7བཙུགས་ཡོད། 2020ལོར་ཡུལ་སྐོར་བ་མི་ཐེངས་8910ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་111.3ཟིན་ཞིང་། ཇ་ལོ་སོགས་བཙོངས་པའི་ཡོང་འབབ་སྒོར་ཁྲི་30བྱུང་ནས་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་རིམ་བཞིན་མངོན་འགྱུར་བྱུང་ཡོད།

    ཡུལ་གཞན་དུ་སྤོས་ནས་བདེ་སྐྱིད་འཚོ་བ་དོན་གཉེར་བྱས།

    “ང་ས་ཆ་དེར་མ་སྤོས་གོང་སེམས་ཁྲལ་ཆེན་པོ་བྱུང་། འོན་ཀྱང་མག་མག་ཤང་དུ་སྤོས་རྗེས་ཡུལ་ལྗོངས་ལྟ་ན་སྡུག་པ་དང་ཁོར་ཡུག་ཧ་ཅང་ལེགས་པ། ཁྱིམ་མཚེས་སེམས་རྩ་འཁོལ་ལ་ཤང་གི་ཏང་ཡོན་ལས་བྱེད་པ་ཚོས་ད་དུང་ང་ཚོའི་འཚོ་བར་ལྟ་རྟོག་བྱས་ནས་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་ཀྱི་འདུག་པས་ང་ཚོ་བློ་བདེ་པོ་འདུག”ཅེས་བཤད། 2015ལོར་ཚེ་རིང་ཆོས་འཛོམས་ཀྱི་ཁྱིམ་མཚོ་སྣ་རྫོང་མཁར་ལྟག་ཤང་ཞེ་བོ་གྲོང་ཚོ་ནས་མག་མག་ཤང་དུ་སྤོས་པ་དང་། ཐོག་མའི་སེམས་ཁྲལ་དག་རིམ་བཞིན་མེད་པར་གྱུར་ནས་ད་ཆ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་མ་ཟད། ཁོང་ཚོའི་ནང་མི་ཚང་མ་གཟི་བརྗིད་ལྡན་པའི་མཐའ་མཚམས་སྲུང་མཁན་དང་འཛུགས་སྐྲུན་མཁན་ལ་གྱུར་ཡོད།

    ཉེ་བའི་ལོ་ཤས་ནང་མག་མག་ཤང་གི་ཡུལ་གཞན་དུ་གནས་སྤོས་བྱ་ཡུལ་དུ་དུད་ཚང་40ཡི་མི་140སྤོས་ཤིང་། གནས་སྤོས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་ཆེད། མག་མག་ཤང་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ཁོང་ཚོར་སྲིད་ཇུས་སྒྲོག་འགྲེལ་དང་། གསོ་སྦྱོང་དང་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུ་མཁོ་འདོན། ཁོང་ཚོའི་སྣེ་ཁྲིད་དེ་ཡུལ་སྐོར་ལས་རིགས་ནང་ཞུགས་པ་བཅས་བྱས་པས་གནས་སྤོས་མང་ཚོགས་ཚོ་དེ་གར་འཚོ་བ་འཕྲོད་ཐུབ་པ་བྱུང་ནས་ཕྱུག་འགྱུར་ལམ་དུ་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།