དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-09-06

    92 ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་ཐོག་བཏོན་པའི་རང་རྒྱལ་རྒྱལ་ནང་གི་འགལ་ཟླ་གཙོ་བོ་གང་ཡིན་ནམ།

    ཚོགས་ཆེན་འདིའི་ཐོག་བཏོན་དོན། རང་རྒྱལ་རྒྱལ་ནང་གི་འགལ་ཟླ་གཙོ་བོ་ནི་མི་དམངས་ཀྱིས་སྔོན་ཐོན་གྱི་བཟོ་ལས་རྒྱལ་ཁབ་འཛུགས་རྒྱུའི་བླང་བྱ་དང་རྗེས་ལུས་ཀྱི་ཞིང་ལས་རྒྱལ་ཁབ་ཀྱི་དོན་དངོས་དབར་གྱི་འགལ་ཟླ་ཡིན་པ་དང་། མི་དམངས་ཀྱིས་དཔལ་འབྱོར་དང་རིག་གནས་མགྱོགས་མྱུར་འཕེལ་རྒྱས་ཀྱི་དགོས་མཁོ་དང་མིག་སྔའི་དཔལ་འབྱོར་དང་རིག་གནས་ཀྱིས་མི་དམངས་ཀྱི་དགོས་མཁོ་སྐོང་མི་ཐུབ་པའི་ད་ཡོད་གནས་ཚུལ་དབར་གྱི་འགལ་ཟླ་ཡིན་ཞིང་། ངོ་བོའི་ཐོག་དེ་ནི་སྔོན་ཐོན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དབར་གྱི་འགལ་ཟླ་རེད།

    93 དུས་རབས་20པའི་ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པའི་ནང་རྒྱལ་སྲུང་གི་རྩེར་སོན་ལག་རྩལ་ཐད་རང་རྒྱལ་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་དམ། དེ་དག་དཔེར་དྲོངས་དང་།

    1964ལོར། རྡུལ་ཕྲན་འབར་མདེལ་དང་པོ་འབར་གས་ལེགས་གྲུབ་བྱུང་བ་དང་། 1966ལོར། འཕུར་མདེལ་ཉིང་རྡུལ་མཚོན་ཆ་འཕེན་གཏོང་ཚོད་ལྟ་ལེགས་གྲུབ་བྱུང་བ། 1970ལོར། མིས་བཟོས་སྲུང་སྐར་དང་པོ་འཕེན་གཏོང་ལེགས་གྲུབ་བྱུང་བ། 1974ལོར། ཉིང་རྡུལ་ནུས་སྤྱོད་ཆུར་འཛུལ་དམག་གྲུ་དང་པོ་བཟོས་པ་དང་སྦྲགས་ཚོད་ལྟ་ལེགས་གྲུབ་བྱུང་བ་བཅས་རེད།

    94 ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཚུན་རང་རྒྱལ་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཐེངས་གསུམ་བྱུང་བ་གང་དག་ཡིན་ནམ།

    རང་རྒྱལ་ལ་སྔ་རྗེས་སུ་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ནས་མི་རིགས་རང་བཙན་དང་མི་དམངས་རང་ཁྱིམ་རང་བདག་བྱུང་བའི་སྤྱི་ཚོགས་གསར་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བར་གྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། ཚད་མཐོའི་གཅིག་སྡུད་ཀྱི་འཆར་གཞིའི་དཔལ་འབྱོར་ལམ་ལུགས་ནས་གསོན་ཤུགས་ཀྱིས་ཁེངས་པའི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་ལམ་ལུགས་བར་དང་། བཀག་སྡོམ་དང་ཕྱེད་བཀག་སྡོམ་ནས་ཕྱོགས་ཡོངས་ནས་སྒོ་དབྱེའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་བཅས་རེད། (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།